ཀ་བཤད་ཟུར་བལྟས་ལེབ་མཐོང་།

ཤོ་ཤར་ཚེ་རིང་རྒྱལ་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-24

ཀ་དག་གནས་ལུགས་གླེང་དུས་སློབ་དཔོན་ཞིག་འདྲ་སྟེ།།
ཁ་ཞེ་གཉིས་སུ་འགྱུར་བས་རྫུན་མཁན་ཞིག་འདྲ་བྱུང༌།།
ག་བཏང་གོ་ཆོད་ཡོད་པས་མི་ལུས་ཞིག་འདྲ་སྟེ།།
ང་ཙམ་འཚོ་བར་བྲེལ་དུས་དུད་འགྲོ་ཞིག་འདྲ་བྱུང༌།།
ཅ་ཅོ་ཡིན་མིན་རྩོད་དུས་ཤེས་ལྡན་ཞིག་འདྲ་སྟེ།།
ཆ་ལུགས་ཡ་མ་ཟུང་འཛིན་འཁྱམ་པོ་ཞིག་འདྲ་བྱུང༌།།
ཇ་རྩམ་ཁ་ཟས་སྤྱོད་དུས་བོད་མི་ཞིག་འདྲ་སྟེ།།
ཉ་ཉུང་སྐད་ཟུང་བསྲེ་དུས་ཐན་བྱ་ཞིག་འདྲ་བྱུང༌།།
ཏ་རེན་ཁྲིམས་ལུགས་གླེང་དུས་སྣེ་ཁྲིད་ཅིག་འདྲ་སྟེ།།
ཐ་ཤལ་ལྐོག་བརྔན་ལེན་དུས་ཞབས་འདྲེན་ཞིག་འདྲ་བྱུང༌།།
ད་ལྟའི་མཁས་བརྒྱ་འགྲན་གླེང་རྨད་བྱུང་ཞིག་འདྲ་སྟེ།།
ན་གཞོན་ཕྱོགས་ལྷུང་མཁས་རློམ་མིག་ཡ་ཞིག་འདྲ་བྱུང༌།།
པ་ཕ་མེས་པོར་དུང་དུས་ལ་རྒྱ་ཞིག་འདྲ་སྟེ།།
ཕ་མེས་རིགགཞུང་སྐྱུར་འདོད་བརླག་མཁན་ཞིག་འདྲ་བྱུང༌།།
བ་སྤུའི་ཁུང་བུ་གྲངས་ནུས་བློ་རྣོ་ཞིག་འདྲ་སྟེ།།
མ་དཔྱད་འཆོལ་གཏམ་སྨྲ་དུས་སྨྱོན་པ་ཞིག་འདྲ་བྱུང༌།།
ཙ་རིའི་གནས་སུ་བསྐོར་དུས་དད་ཅན་ཞིག་འདྲ་སྟེ།།
ཚ་གྲང་དམྱལ་བ་མི་དྲན་དད་ལོག་ཞིག་འདྲ་བྱུང༌།།
ཛ་དྲགས་རྐྱེན་ངན་འཕྲད་དུས་དགེ་བརྩོན་ཞིག་འདྲ་སྟེ།།
ཝ་ལྤགས་དབུ་ལ་གྱོན་དུས་ཀླ་ཀློ་ཞིག་འདྲ་བྱུང༌།།
ཞ་དམར་ངུར་སྨྲིག་གོས་བཀླུབས་རབ་བྱུང་ཞིག་འདྲ་སྟེ།།
ཟ་བཏུང་ཆོས་བརྒྱད་དོན་གཉེར་ཐ་མལ་ཞིག་འདྲ་བྱུང༌།།
འ་འུར་འདུ་འཛི་ཆེ་བ་འཕེལ་རྒྱས་ཞིག་འདྲ་སྟེ།།
ཡ་རབས་ལྷག་བསམ་དམན་པས་རྗེས་ལུས་ཞིག་འདྲ་བྱུང༌།།
ར་རི་དྲི་མེད་བཞིན་སྡུག་མཛངས་མ་ཞིག་འདྲ་སྟེ།།
ལ་ལུང་དབྱེན་སྦྱོར་དཀྲུགས་དུས་གདུག་ཅན་ཞིག་འདྲ་བྱུང༌།།
ཤ་ཚས་བུ་ཚ་སྐྱོངས་དུས་བྱང་སེམས་ཤིག་འདྲ་སྟེ།།
ས་ཁུང་བྱི་བ་གསོད་དུས་སྡིག་རྒན་ཞིག་འདྲ་བྱུང༌།།
ཧ་ཧ་གཞན་མགོ་བསྐོར་མཁན་གྲུང་པོ་ཞིག་འདྲ་སྟེ།།
ཨ་ཙི་ལས་འབྲས་མི་གོ་བླུན་པོ་ཞིག་འདྲ་བྱུང༌།།
ཧ་ཅང་དྲང་གཏམ་འདི་ཡང་གཉེན་པོ་ཞིག་འདྲ་སྟེ།།
ཨ་ཙི་མི་བསྲུན་རྣ་བར་ཟུག་རྔུ་ཞིག་འདྲ་འོ༌།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་བཤད་ཟུར་བལྟས་ལེབ་མཐོང་།

2012-05-24 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།