སྤྲིན་གྱི་བསྟན་བཅོས་ཕན་འབྱུང་ལུགས་གཅིག་མ།


ཕ་དང་མ་ལ་བློ་དྲིས་ཤིང་།།
སྤུན་དང་ན་ཟླར་གྲོས་བསྡུར་ནས།།
གྲོགས་དང་གྲོགས་པོའི་བློ་བར་ལ།།
སྤྲིན་པ་དཀར་པོའི་བསྟན་བཅོས་འབྲི།།
 
ཕྲད་མ་ཐག་ནས་བཅོས་བའི་འཛུམ།།
སྟོན་མཁན་ཕུགས་ནས་བསླུ་བ་ཡོད།།
སྤྲིན་དཀར་མ་མོའི་ལྟོ་ཚིལ་འདྲ།།
སང་ཉིན་ཁ་ཆར་འབབ་པའི་བརྡ།།
       
རེ་ཞིག་འགལ་ནས་བྲལ་ན་ཡང་།།
སྔར་འདྲིས་དབང་གིས་ལྷག་ཏུ་མཐུན།།
སྔ་དྲོར་སྨུག་ནག་སར་ལྷུང་ན།།
 ཕྱི་དྲོར་ཚ་བ་ཆེ་ཙམ་འབྱུང་།།
     
ཁ་རོག་གཞན་གྱིས་མི་ཚོར་སར།།
 ངན་ཚིག་བརྗོད་པ་འགལ་བའི་རྒྱུ།།
 སྤྲིན་དཀར་དུམ་བུ་ལྡང་བ་དེ།།
གནམ་ངོ་མྱུར་དུ་རུབ་པའི་རྟགས།།
 
བྲལ་ཁར་སྙིང་གཏམ་གླེང་བ་དེ།།
བརྩེ་བ་བརྟན་པའི་རྒྱུ་རུ་འགྲོ།།
སྲོད་ཁར་མཚམས་སྤྲིན་འཆར་བ་ན།།
ཕྱི་ཉིན་གནམ་གཤིས་དྭངས་བ་ཡོང་།།
 
གྲོགས་པོའི་འཁོར་ཚོགས་འདུས་བའི་དབུས།།
མི་འདོད་གཏམ་དེ་རེ་ཞིག་སྦས། །
སྤྲིན་པ་ཡུན་ཙམ་འདུས་ན་ཡང་།།
འཐོར་རླུང་དྲག་པོས་གཏོར་ལ་ལྟོས།།
 
དོན་གང་རང་ངོར་གསལ་ན་ཡང་།།
གཞན་དང་གཞན་ལ་་གཞན་དུ་གྲུབ།།
སྤྲིན་པའི་གྲུབ་ཚུལ་འདྲ་ན་ཡང་།།
ཉི་འཁྱིམས་ཆར་དང་ཟླ་འཁྱིམས་རླུང་།།
 
གྲོགས་ངན་དགོད་བཞིན་དགོད་བཞིན་དུ།།
རང་གི་མཚན་སྙན་བརླགས་ནས་འགྲོ །
ཉི་མར་འོད་ཟེར་སྟོང་ལྡན་ཡང་།།
སྤྲིན་ནག་ལེབ་མོས་བཀབ་ལ་ལྟོས།།
 
ཅུང་ཟད་བཟོད་པ་མ་སྒོམ་ན།།
འཁོན་ལན་སློགས་ལ་ཚར་རྒྱུ་མེད།།
སྤྲིན་ནག་ལྷོ་རུ་བགྲོད་པ་ན།།
ཁ་ཆར་མུ་རུ་འབབ་ཞེས་གྲགས།།
 
གཞན་ལ་སེམས་ནས་ཤ་ཚ་ན།།
སྐྱོན་ལ་ཐད་ཀར་མཛུབ་མོ་ཚུགས།།
སྤྲིན་པ་རླུང་གིས་གཏོར་ཤུལ་དུ།།
ཁ་དོག་སྣ་ལྔའི་འཇའ་ཚོན་འཆར།།
 
གྲོགས་དང་གྲོགས་པོ་འགལ་བ་ན།།
གྱོད་དང་ཁ་མཆུ་རྒྱུན་མི་ཆད།།
སྤྲིན་དང་སྤྲིན་པ་འཁྲུག་པ་ན།།
ས་གཞི་སྐམ་པའི་དུས་མི་འབྱུང་།།
 
རྒྱ་གར་བསྟན་བཅོས་མ་བརྐུས་ཤིང་།།
བོད་ཀྱི་མཁས་བས་མ་བཅོས་བའི།།
སྤྲིན་ཀྱི་བསྟན་བཅོས་ཆུང་ཆུང་འདི།།
གྲོགས་དང་གྲོགས་ཀྱི་གསོས་སྨན་ཡིན།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲིན་གྱི་བསྟན་བཅོས་ཕན་འབྱུང་ལུགས་གཅིག་མ།

2012-05-22 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།


ཕ་དང་མ་ལ་བློ་དྲིས་ཤིང་།།
སྤུན་དང་ན་ཟླར་གྲོས་བསྡུར་ནས།།
གྲོགས་དང་གྲོགས་པོའི་བློ་བར་ལ།།
སྤྲིན་པ་དཀར་པོའི་བསྟན་བཅོས་འབྲི།།
 
ཕྲད་མ་ཐག་ནས་བཅོས་བའི་འཛུམ།།
སྟོན་མཁན་ཕུགས་ནས་བསླུ་བ་ཡོད།།
སྤྲིན་དཀར་མ་མོའི་ལྟོ་ཚིལ་འདྲ།།
སང་ཉིན་ཁ་ཆར་འབབ་པའི་བརྡ།།
       
རེ་ཞིག་འགལ་ནས་བྲལ་ན་ཡང་།།
སྔར་འདྲིས་དབང་གིས་ལྷག་ཏུ་མཐུན།།
སྔ་དྲོར་སྨུག་ནག་སར་ལྷུང་ན།།
 ཕྱི་དྲོར་ཚ་བ་ཆེ་ཙམ་འབྱུང་།།
     
ཁ་རོག་གཞན་གྱིས་མི་ཚོར་སར།།
 ངན་ཚིག་བརྗོད་པ་འགལ་བའི་རྒྱུ།།
 སྤྲིན་དཀར་དུམ་བུ་ལྡང་བ་དེ།།
གནམ་ངོ་མྱུར་དུ་རུབ་པའི་རྟགས།།
 
བྲལ་ཁར་སྙིང་གཏམ་གླེང་བ་དེ།།
བརྩེ་བ་བརྟན་པའི་རྒྱུ་རུ་འགྲོ།།
སྲོད་ཁར་མཚམས་སྤྲིན་འཆར་བ་ན།།
ཕྱི་ཉིན་གནམ་གཤིས་དྭངས་བ་ཡོང་།།
 
གྲོགས་པོའི་འཁོར་ཚོགས་འདུས་བའི་དབུས།།
མི་འདོད་གཏམ་དེ་རེ་ཞིག་སྦས། །
སྤྲིན་པ་ཡུན་ཙམ་འདུས་ན་ཡང་།།
འཐོར་རླུང་དྲག་པོས་གཏོར་ལ་ལྟོས།།
 
དོན་གང་རང་ངོར་གསལ་ན་ཡང་།།
གཞན་དང་གཞན་ལ་་གཞན་དུ་གྲུབ།།
སྤྲིན་པའི་གྲུབ་ཚུལ་འདྲ་ན་ཡང་།།
ཉི་འཁྱིམས་ཆར་དང་ཟླ་འཁྱིམས་རླུང་།།
 
གྲོགས་ངན་དགོད་བཞིན་དགོད་བཞིན་དུ།།
རང་གི་མཚན་སྙན་བརླགས་ནས་འགྲོ །
ཉི་མར་འོད་ཟེར་སྟོང་ལྡན་ཡང་།།
སྤྲིན་ནག་ལེབ་མོས་བཀབ་ལ་ལྟོས།།
 
ཅུང་ཟད་བཟོད་པ་མ་སྒོམ་ན།།
འཁོན་ལན་སློགས་ལ་ཚར་རྒྱུ་མེད།།
སྤྲིན་ནག་ལྷོ་རུ་བགྲོད་པ་ན།།
ཁ་ཆར་མུ་རུ་འབབ་ཞེས་གྲགས།།
 
གཞན་ལ་སེམས་ནས་ཤ་ཚ་ན།།
སྐྱོན་ལ་ཐད་ཀར་མཛུབ་མོ་ཚུགས།།
སྤྲིན་པ་རླུང་གིས་གཏོར་ཤུལ་དུ།།
ཁ་དོག་སྣ་ལྔའི་འཇའ་ཚོན་འཆར།།
 
གྲོགས་དང་གྲོགས་པོ་འགལ་བ་ན།།
གྱོད་དང་ཁ་མཆུ་རྒྱུན་མི་ཆད།།
སྤྲིན་དང་སྤྲིན་པ་འཁྲུག་པ་ན།།
ས་གཞི་སྐམ་པའི་དུས་མི་འབྱུང་།།
 
རྒྱ་གར་བསྟན་བཅོས་མ་བརྐུས་ཤིང་།།
བོད་ཀྱི་མཁས་བས་མ་བཅོས་བའི།།
སྤྲིན་ཀྱི་བསྟན་བཅོས་ཆུང་ཆུང་འདི།།
གྲོགས་དང་གྲོགས་ཀྱི་གསོས་སྨན་ཡིན།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།