འཐོབ་བྱ།


བྲང་གཞུང་ན་ཆུ་བུར་ལྟར་འཛུམ་ཞིང་འཐོར་ལ་ཉེ་བ་དེ།།
མིག་སྔ་ན་མེ་ཏོག་བཞིན་བཀྲ་ཞིང་གཡོ་ཞིང་གཡོ་བ་དེ།།
ཉིད་ཀྱི་ཟུར་མིག་ལས་རག་པའི་ངའི་འཐོབ་བྱ་རུམ་གང་ངོ་།།
ཉིད་ཀྱི་འཛུམ་ཀོང་ལས་བཏུས་པའི་ངའི་རྨི་ལམ་རིང་མོ་འོ།།
 
འཛུམ་ལ་འཛུམ་གྱིས་སྤྲད་པ་འབུག་གཙགས་ཐེངས་ཤིག་སྟེ།།
གློ་དང་རྒྱུ་མ་བྲེག་པའི་བྲོ་བ་ལན་གཅིག་འདི།།
ཉིད་ཀྱི་ངོ་གདོང་ལས་རྙེད་པའི་ང་ཡི་སྒུལ་སྐྱོམས་ཐེངས་ཤིག་སྟེ།།
ཉིད་ཀྱི་རྒྱབ་གཟུགས་ཀྱིས་སྤྲད་པའི་ང་ཡི་ཟུག་གཟེར་ལན་གཅིག་གོ།
 
ཕྱོགས་མཚམས་བརྒྱད་དང་བཅས་པའི་སྟེང་འོང་ཡོད་ཚད་ན།།
ཁྱོད་ཁྱོད་དང་ཁྱོད་ཞེས་པའི་གླེང་གཞི་ཞིག་ཡོད་པ་འདིའང་།།
འཇིག་རྟེན་ན་ང་ཡོད་པ་ཁྱོད་ཀྱི་འཐོབ་བྱ་དཀར་པོ་དེ་ལོས་ཡིན།།
འཇིག་རྟེན་ན་ང་ཡོད་པ་ཁྱོད་ཀྱི་དཔྱངས་ཐག་ནག་པོ་དེ་ལོས་ཡིན།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཐོབ་བྱ།

2012-05-18 སྐྲན། ཀློག་གྲངས། མཆན ཡོད།


བྲང་གཞུང་ན་ཆུ་བུར་ལྟར་འཛུམ་ཞིང་འཐོར་ལ་ཉེ་བ་དེ།།
མིག་སྔ་ན་མེ་ཏོག་བཞིན་བཀྲ་ཞིང་གཡོ་ཞིང་གཡོ་བ་དེ།།
ཉིད་ཀྱི་ཟུར་མིག་ལས་རག་པའི་ངའི་འཐོབ་བྱ་རུམ་གང་ངོ་།།
ཉིད་ཀྱི་འཛུམ་ཀོང་ལས་བཏུས་པའི་ངའི་རྨི་ལམ་རིང་མོ་འོ།།
 
འཛུམ་ལ་འཛུམ་གྱིས་སྤྲད་པ་འབུག་གཙགས་ཐེངས་ཤིག་སྟེ།།
གློ་དང་རྒྱུ་མ་བྲེག་པའི་བྲོ་བ་ལན་གཅིག་འདི།།
ཉིད་ཀྱི་ངོ་གདོང་ལས་རྙེད་པའི་ང་ཡི་སྒུལ་སྐྱོམས་ཐེངས་ཤིག་སྟེ།།
ཉིད་ཀྱི་རྒྱབ་གཟུགས་ཀྱིས་སྤྲད་པའི་ང་ཡི་ཟུག་གཟེར་ལན་གཅིག་གོ།
 
ཕྱོགས་མཚམས་བརྒྱད་དང་བཅས་པའི་སྟེང་འོང་ཡོད་ཚད་ན།།
ཁྱོད་ཁྱོད་དང་ཁྱོད་ཞེས་པའི་གླེང་གཞི་ཞིག་ཡོད་པ་འདིའང་།།
འཇིག་རྟེན་ན་ང་ཡོད་པ་ཁྱོད་ཀྱི་འཐོབ་བྱ་དཀར་པོ་དེ་ལོས་ཡིན།།
འཇིག་རྟེན་ན་ང་ཡོད་པ་ཁྱོད་ཀྱི་དཔྱངས་ཐག་ནག་པོ་དེ་ལོས་ཡིན།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།