ཤེའུ་ཆུང་གྲུག་དཀར།


ས་མཐོའི་རི་བོའི་ཤར་རྩེ་ཞིག་ནས།།
མཚམས་སྤྲིན་དམར་པོ་མཁའ་ལ་གཏོར་ཁར།།
རི་སྤྱང་དར་མ་འདུར་རྒྱུགས་རྒོད་པའི།།
ཤེའུ་ཆུང་གྲུག་དཀར་ཆུ་ཁར་དེད་སོང་།།
 
ཆུ་ཕྲན་དྭངས་མོ་ལྷོད་ཀྱིས་འབབ་པའི།།
གྲོག་རིང་ཟབ་མོའི་ཕུ་མདོ་དེ་ན།།
སྐོམ་གྱིས་གདུང་བའི་རྟ་བ་རྒན་པོ།།
ཁོ་མོ་མཐོང་ནས་སྲམ་ཐག་ཤོར་འདུག།
 
དྲན་པའི་གདུང་བའི་ཆུ་ཁུར་བུ་མོའི།།
རྐང་པའི་སྣེ་མོ་རྡོ་ལ་ཐོགས་པས།།
རྒུམ་འབུ་བཏུ་བའི་བྱིའུ་ཆུང་འཕུར་བས།།
རི་སྐྱེས་སྲོག་ཆགས་རི་ལ་བྲོས་སོང་།།
 
བཅུད་ཀྱིས་གཏམ་པའི་རྩི་ཤིང་དག་ལ།།
སོ་ཁ་རྒྱགས་པའི་བར་གླེགས་དེ་ལ།།
ཕྱུགས་རྫི་བུ་མོའི་གླུ་སྐད་དེ་ཡིས།།
གང་ཙམ་ཞིག་ལ་ཧད་དེ་ལས་འདུག།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤེའུ་ཆུང་གྲུག་དཀར།

2012-05-16 བཱ་ཡན་པ། ཀློག་གྲངས། མཆན ཡོད།


ས་མཐོའི་རི་བོའི་ཤར་རྩེ་ཞིག་ནས།།
མཚམས་སྤྲིན་དམར་པོ་མཁའ་ལ་གཏོར་ཁར།།
རི་སྤྱང་དར་མ་འདུར་རྒྱུགས་རྒོད་པའི།།
ཤེའུ་ཆུང་གྲུག་དཀར་ཆུ་ཁར་དེད་སོང་།།
 
ཆུ་ཕྲན་དྭངས་མོ་ལྷོད་ཀྱིས་འབབ་པའི།།
གྲོག་རིང་ཟབ་མོའི་ཕུ་མདོ་དེ་ན།།
སྐོམ་གྱིས་གདུང་བའི་རྟ་བ་རྒན་པོ།།
ཁོ་མོ་མཐོང་ནས་སྲམ་ཐག་ཤོར་འདུག།
 
དྲན་པའི་གདུང་བའི་ཆུ་ཁུར་བུ་མོའི།།
རྐང་པའི་སྣེ་མོ་རྡོ་ལ་ཐོགས་པས།།
རྒུམ་འབུ་བཏུ་བའི་བྱིའུ་ཆུང་འཕུར་བས།།
རི་སྐྱེས་སྲོག་ཆགས་རི་ལ་བྲོས་སོང་།།
 
བཅུད་ཀྱིས་གཏམ་པའི་རྩི་ཤིང་དག་ལ།།
སོ་ཁ་རྒྱགས་པའི་བར་གླེགས་དེ་ལ།།
ཕྱུགས་རྫི་བུ་མོའི་གླུ་སྐད་དེ་ཡིས།།
གང་ཙམ་ཞིག་ལ་ཧད་དེ་ལས་འདུག།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།