བསྐལ་བ་སྟོང་གི་ཕ་ཁྱིམ།

བཀྲ་ཤིས་ཚེ་བརྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-13

༄༅།།ལྷ་ཆེན་སྟོང་དར་གུང་གསུམ།། ཨ་སྔོན་དབྱིངས་ནས་འགྱིངས་ས།།
གངས་ཅན་བོད་ཀྱི་ཕ་ཁྱིམ།མདོ་སྨད་རྡོ་སྦིས་ལྗོངས་ཡིན།
དབང་ཐང་ལོངས་སྤྱོད་སྦྱིན་པའི།།སྟོབས་འབྱོར་གཡང་གི་གཏེར་མཛོད།།
གཡུ་མཚོ་དངུལ་མཚོ་འཁྱིལ་བ།།ང་ཡི་ཕ་ཡུལ་རྡོ་སྦིས།།
དཀར་ནག་ཕྱུགས་རིགས་རྩེན་ཞིང་།།འབྲུ་དྲུག་མགོ་ལྕོག་ལྡེམ་ལྡེམ།།
ཟས་བཅུད་ཟ་མ་འཛོམས་པའི།།རང་ཡུལ་སྐྱིད་པོ་རྡོ་སྦིས།།
གཞོང་ཆུ་ལྷ་དར་དཀར་བོས།།སྡེ་ཆེན་སྟོད་སྨད་བར་གསུམ།།
མཛའ་གཅུགས་ཁུགས་པར་བཟུང་བ།།མཐུན་སྒྲིལ་བརྟན་པའི་རྡོ་སྦིས།།
མ་བཞེངས་ལྷུན་གྱིས་གྲུབ་པའི།།ཨ་མདོ་མཆོད་རྟེན་རང་བྱོན།།
བྱིན་རླབས་གཟི་བརྗིད་འབར་བ།བསོད་ནམས་ཞིང་མཆོག་རྡོ་སྦིས།
མ་དགོན་དགའ་ལྡན་འཕེལ་གླིང་།།བུ་དགོན་སྒར་བཞི་གྲྭ་བརྒྱད།།
རྡུལ་ཚོན་དཀྱིལ་འཁོར་བཞེངས་འདྲ།།ཆོས་ཀྱི་དགའ་ཚལ་རྡོ་སྦིས།།
འཛམ་བུ་གླིང་གི་རྒྱན་གཅིག།རྗེ་བཙུན་ཤེས་རབ་རྒྱ་མཚོ།།
སྐུ་ལུས་དཔག་བསམ་འཁྲུངས་པ།།རྡོ་སྦིས་ལིམ་བུའི་སྐྱེད་ཚལ།།
མེས་པོའི་རིག་གནས་བླ་སྲོག།གློ་སྙིང་དཀྱིལ་ལ་བཅུག་པ།།
རིག་སྟོབས་དཔའ་རྩལ་རྫོགས་པའི།ཕ་རྒོད་བུ་བཟང་རྡོ་སྦིས།།
དམ་ཚིག་གངས་གཡག་མཇུག་མ།ཀུན་སྤྱོད་ལྷ་ལ་འགྲན་པ།།
ཡ་རབས་བཟང་བོའི་མི་རྒྱུད།མཚན་དཔེ་བཞད་ཡུལ་རྡོ་སྦིས།
སྐྱིད་ཅིག་ཡོད་ན་ལོག་ཆོག།སྡུག་ཟིག་ཡོད་ན་ལོག་ཆོག།
ཕ་མ་ལྟ་བུའི་རང་ཁྱིམ།བརྩེ་བའི་ཕ་ཡུལ་རྡོ་སྦིས།།
གཞོན་དུས་ལང་ཚོ་ངོམས་ས།།རྒས་དུས་རྣམ་ཤེས་འཁོར་ས།།
བསྐལ་བ་སྟོང་གི་ཕ་ཁྱིམ།།དགའ་བའི་གླུ་འདི་ཁྱོད་ལེན།།
   གཞས་ཚིག་འདི་ནི་གནས་དང་ཡུལ་ལུང་ངེས་མེད་ཆུ་ལྟར་མྱུལ་བའི་ལས་ཀྱི་ཁོལ་བོ་རྒྱལ་ཁམས་པ་བཀྲ་ཤིས་ཚེ་བརྟན་གྱིས་སྤྱི་ལོ་༢༠༠༩ལོའི་དྲུག་པའི་ལ་བཙས་ཆེན་མོའི་ཉིན་སེམས་ངལ་གསོ་བའི་དུས་གཡེང་དུ་ཀོང་པོ་རྒྱ་མདའི་རང་ཤག་བརྩེ་བའི་གུར་ཁང་ནས་སྦྱར་བའོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྐལ་བ་སྟོང་གི་ཕ་ཁྱིམ།

2012-05-13 བཀྲ་ཤིས་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།