སེམས་མཐུན་བུ་མོ།

གདོང་ལ་རྫུ་བག་རས་གཞིས་གཡོགས་པའི་འཇིག་རྟེན་འདིར།།
དྲན་པའི་སེམས་ཀྱི་སོར་མོས་རལ་བའི་འདོད་པའི་ལྷ།།
འདོད་ལྡན་ཕོ་མོའི་ལུས་ཀྱི་ལྷུམས་སུ་ཞུགས་པ་ཡི།།
སྐྱེ་ཕལ་དབང་བསྒྱུར་འདོད་པའི་ལྷ་ལ་ཕྱག་འཚལ་ལོ།།
 
བདེ་སྡུག་ཅི་བྱུང་སེམས་ཀྱིས་འཇོག་པའི་ཚེ།།
ལུས་ཀྱིས་རེག་བྱ་མ་མྱོང་མ་མཐོང་བུ་མོ་ཡང་།།
དྲན་ཤེས་སྦར་མོས་བསུབ་ཀྱང་མེ་ལོང་ངོས།།
འཆར་བའི་སེམས་ཀྱི་རི་མོ་སྙིང་དུ་ལྕི།།
 
དཔྱིད་ཀྱི་དཔལ་མོ་ལྷ་ལས་བབ་པའི་དུས།།
ཁུ་བྱུག་སྔོན་མོའི་གསུང་སྐད་སྙན་མོ་འདིས།།
སེམས་མཐུན་ངག་གི་ལ་གཞས་གདངས་དགྱེར་བའི།།
མཚོ་ཆེན་སྔོན་མོའི་འགྲམ་གྱི་མཛའ་མོ་དྲན།།
 
བཏབས་པའི་མེ་ཏོག་ཆུན་པོའི་འདབ་མ་འདི།།
མ་མཐོང་མཛའ་མོའི་མཆུ་སྒྲོས་ཡིན་པའི་ཚེ།།
འདོད་ལྡན་སྦྲང་མའི་ལྡིང་སྐོར་བྱེད་འདོད་པ།།
མི་ཁའི་གཏམ་ལས་བརྒལ་ལ་ཐེ་ཚོམ་ཅི།།
 
སྐྱེས་མ་སྐྱོ་དུས་སེམས་གསོའི་སྙན་ངག་མཁན།།
སེམས་མཐུན་མཛའ་བོ་ལྷག་ཞིག་མེད་པ་བཞིན།།
སྐྱེས་བ་སྐྱོ་དུས་སེམས་གསོའི་སྙན་ངག་མཁན།།
སེམས་མཐུན་མཛའ་མོའི་ལྷག་ཞིག་ག་ལ་མཆིས།།
 
ཡིན་ཡང་བདག་གི་སེམས་གསོའི་སྙན་ངག་མཁན།།
གངས་རིའི་ལྗོངས་དང་ཙི་ནའི་ནུབ་བྱང་གི།
གནམ་འོག་ཟམ་ཆེན་གཉིས་བའི་ཉེ་འགྲམ་རུ།།
རིག་པའི་སློབ་གླིང་ཞིག་ན་ལས་ལ་བྲེལ།།
 
སེམས་པ་དགུན་གྱི་ལོ་མ་སྐྱ་བོ་བཞིན།།
འདོད་པའི་རླུང་གིས་ཕྱོགས་བཞིར་ཁྱེར་བ་ཡིས།།
དྲན་ཤེས་གཞུ་མོ་ནང་དུ་བཀུགས་པའི་ཚེ།།
འབྲས་བུ་སེམས་སུ་སྡུག་གི་ཁུར་བོ་སྨིན།།
 
སེམས་གསོའི་སྙན་ངག་འབྲས་བུ་རྒུན་འབྲུམ་ཆང་།།
སྐྱོ་བའི་སེམས་པ་ཡལ་ཐབས་བཙན་གྱིས་འཐུང་།།
སྡུག་བསྔལ་ཡལ་ཏེ་སྐྱིད་ཀྱི་རི་མོ་ཡང་།།
ཆགས་སེམས་མེ་ལོང་ངོས་སུ་ཡང་ཡང་ཤར།།
         ༢༠༡༢ལོའི་ཧོར་ཟླ་བཞི་བའི་ཚེས་༡༥ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་མཐུན་བུ་མོ།

2012-05-12 ནམ་མཁའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།