སྟོང་འདང་།

                         ____སྤུ་སྐྱེས་བུ་མོར་ཕུལ་བའི་ཁག་བདུན་པ།
         ཕར་ལྟོས་མིག་ལ་མཛེས་མཛེས་སྣང་བ་དེ།།
         སྣུམ་ལྗང་འདབ་ལོའི་གོང་གི་མེ་ཏོག་ཞིག །
         སྐྱི་བསེར་རླུང་གི་ཁྲོད་ན་གཡོ་བ་ཡང་།།
         ས་བོན་རྔོས་མ་ཞིག་ལ་ཐུག་པ་འོ།།
     
         ང་ཡིས་ཁྱེད་ཉིད་རུམ་ནས་མཚོ་ཁར་ཉལ།།
         ཟླ་བ་དཀར་པོས་ཁྱེད་ལ་མིང་ཞིག་བཏགས།།
         ར་འདའི་སྟག་མོ་གམ་ལ་འབྱོར་ནས་འདུག །
         ཁྱེད་ཉིད་རྦབ་ཏུ་བསྒྲིལ་ནས་མཚོ་ལ་གཡུགས །།
     
         ཞིང་བའི་ཡུར་ནས་རྙེད་པའི་རོ་རྙེད་མ།།
         ང་ལ་མི་འཛའ་རཱ་མ་ཎ་ལ་ཕུལ།།
         ཤ་རུས་བསྐྱར་དུ་འགྲུབ་པའི་བདུད་རྩི་ཞིག །
         འགྲམ་པའི་རུས་པ་འཐོར་བར་དོགས་པས་འདོད།།
 
         ཟབ་ཅིང་འཁྱོག་པའི་ཁྱོད་ཀྱི་བཤུལ་ལམ་ན།།
         ང་ཡི་རྔུལ་ཆུ་བཞུར་ནས་འཕོ་ལ་ཉེ།།
         དོགས་ཅིང་ཕྲ་བའི་བདག་གི་མདུན་ཕྱོགས་ན།།
         ཁྱོད་ལ་བགྲོད་པའི་སྐྱ་ཀའི་སྐས་ཡོད་དམ།།
 
         སྟོང་འདང་སྟོན་ཀར་སྒོམ་པའི་སྲོལ་ཁོ་ན།།
         ང་ཡི་རྫོགས་མཐའ་མེད་པའི་ལོངས་སྤྱོད་ཙམ།།
         ཅི་ཙམ་འབད་ཀྱང་འབྲས་བུ་མི་སྨིན་པ།།
         ཁྱོད་ཀྱིས་ང་ལ་དཔངས་བའི་བདེན་པ་འདྲ།།
                      ༢༠༡༢ལོའི་ཟླ༥ཚེས་༨ཉིན།
       

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོང་འདང་།

2012-05-09 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

                         ____སྤུ་སྐྱེས་བུ་མོར་ཕུལ་བའི་ཁག་བདུན་པ།
         ཕར་ལྟོས་མིག་ལ་མཛེས་མཛེས་སྣང་བ་དེ།།
         སྣུམ་ལྗང་འདབ་ལོའི་གོང་གི་མེ་ཏོག་ཞིག །
         སྐྱི་བསེར་རླུང་གི་ཁྲོད་ན་གཡོ་བ་ཡང་།།
         ས་བོན་རྔོས་མ་ཞིག་ལ་ཐུག་པ་འོ།།
     
         ང་ཡིས་ཁྱེད་ཉིད་རུམ་ནས་མཚོ་ཁར་ཉལ།།
         ཟླ་བ་དཀར་པོས་ཁྱེད་ལ་མིང་ཞིག་བཏགས།།
         ར་འདའི་སྟག་མོ་གམ་ལ་འབྱོར་ནས་འདུག །
         ཁྱེད་ཉིད་རྦབ་ཏུ་བསྒྲིལ་ནས་མཚོ་ལ་གཡུགས །།
     
         ཞིང་བའི་ཡུར་ནས་རྙེད་པའི་རོ་རྙེད་མ།།
         ང་ལ་མི་འཛའ་རཱ་མ་ཎ་ལ་ཕུལ།།
         ཤ་རུས་བསྐྱར་དུ་འགྲུབ་པའི་བདུད་རྩི་ཞིག །
         འགྲམ་པའི་རུས་པ་འཐོར་བར་དོགས་པས་འདོད།།
 
         ཟབ་ཅིང་འཁྱོག་པའི་ཁྱོད་ཀྱི་བཤུལ་ལམ་ན།།
         ང་ཡི་རྔུལ་ཆུ་བཞུར་ནས་འཕོ་ལ་ཉེ།།
         དོགས་ཅིང་ཕྲ་བའི་བདག་གི་མདུན་ཕྱོགས་ན།།
         ཁྱོད་ལ་བགྲོད་པའི་སྐྱ་ཀའི་སྐས་ཡོད་དམ།།
 
         སྟོང་འདང་སྟོན་ཀར་སྒོམ་པའི་སྲོལ་ཁོ་ན།།
         ང་ཡི་རྫོགས་མཐའ་མེད་པའི་ལོངས་སྤྱོད་ཙམ།།
         ཅི་ཙམ་འབད་ཀྱང་འབྲས་བུ་མི་སྨིན་པ།།
         ཁྱོད་ཀྱིས་ང་ལ་དཔངས་བའི་བདེན་པ་འདྲ།།
                      ༢༠༡༢ལོའི་ཟླ༥ཚེས་༨ཉིན།
       

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།