ལུང་མ་བསྟན།


མི་རྟག་འཇིག་རྟེན་ཁམས་འདི་མཐོང་བ་དང་།།
རེ་བའི་རང་ཉིད་རང་གིས་བཙལ་བ་ནས།།
སེམས་ཀྱི་སྣང་བ་ཙམ་པོའི་ཆོས་འདི་ལ།།
ལོངས་སུ་སྤྱོད་པའི་སྐལ་བ་ལར་ནས་གྲུབ།།
 
རྨོངས་པའི་ཡིད་སེམས་ཡུལ་གང་གང་ལ་འཕྲད།།
འཁོར་བའི་ལས་རིམ་དང་པོ་འཇུག་པར་བརྩམ།།
ལས་སྨོན་བག་ཆགས་སད་པའི་དུས་ལ་བབས།།
སེམས་ཉིད་གླིང་ལ་སེམས་འདི་འདི་ལྟར་འཁྱམ།།
 
ཀུན་གྱིས་མཛེས་པར་རློམ་པའི་གཞོན་ལུས་ལ།།
སེམས་ཀྱི་མཛེས་པའི་རོ་མངར་མི་ལྡན་ཡང་།།
ཆགས་ལྡན་སྐྱེ་བོའི་ཆུ་བར་མིག་ལམ་ལ།།
ཡང་ཡང་ཤར་བའི་སེམས་ཀྱི་ནང་དུ་ཤར།།
 
ཤར་བའི་བག་ཆགས་རྣམ་ཤེས་སྟེང་ལ་ཆགས།།
ཆགས་པའི་སེམས་པ་མི་མངོན་དབྱིངས་ནས་འགུལ།།
ཀུན་ལ་གསང་བ་སེམས་ཀྱི་གྲོང་ཁྱེར་ནས།།
ལོངས་སྤྱོད་ལུང་མ་བསྟན་འདིའི་བསྟན་པ་དར།།
 
སྣོད་རྟེན་འདོད་ཁམས་འཁོར་བའི་གྲོང་ཚོ་ཡི།།
དར་བབས་སྣང་མཐོའི་དྲན་པ་གང་ན་རྒྱུ།།
རླུང་བུའི་རྒྱུ་ཕྱོགས་ཤིག་གིས་སྒྱུ་མའི་ཁམས།།
སྐབས་གསུམ་སྐྱེད་མོས་ཚལ་ལ་ཡང་ཡང་འཁྲུལ།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལུང་མ་བསྟན།

2012-05-08 འབྲོག་ཁུ་ལོ། ཀློག་གྲངས། མཆན ཡོད།


མི་རྟག་འཇིག་རྟེན་ཁམས་འདི་མཐོང་བ་དང་།།
རེ་བའི་རང་ཉིད་རང་གིས་བཙལ་བ་ནས།།
སེམས་ཀྱི་སྣང་བ་ཙམ་པོའི་ཆོས་འདི་ལ།།
ལོངས་སུ་སྤྱོད་པའི་སྐལ་བ་ལར་ནས་གྲུབ།།
 
རྨོངས་པའི་ཡིད་སེམས་ཡུལ་གང་གང་ལ་འཕྲད།།
འཁོར་བའི་ལས་རིམ་དང་པོ་འཇུག་པར་བརྩམ།།
ལས་སྨོན་བག་ཆགས་སད་པའི་དུས་ལ་བབས།།
སེམས་ཉིད་གླིང་ལ་སེམས་འདི་འདི་ལྟར་འཁྱམ།།
 
ཀུན་གྱིས་མཛེས་པར་རློམ་པའི་གཞོན་ལུས་ལ།།
སེམས་ཀྱི་མཛེས་པའི་རོ་མངར་མི་ལྡན་ཡང་།།
ཆགས་ལྡན་སྐྱེ་བོའི་ཆུ་བར་མིག་ལམ་ལ།།
ཡང་ཡང་ཤར་བའི་སེམས་ཀྱི་ནང་དུ་ཤར།།
 
ཤར་བའི་བག་ཆགས་རྣམ་ཤེས་སྟེང་ལ་ཆགས།།
ཆགས་པའི་སེམས་པ་མི་མངོན་དབྱིངས་ནས་འགུལ།།
ཀུན་ལ་གསང་བ་སེམས་ཀྱི་གྲོང་ཁྱེར་ནས།།
ལོངས་སྤྱོད་ལུང་མ་བསྟན་འདིའི་བསྟན་པ་དར།།
 
སྣོད་རྟེན་འདོད་ཁམས་འཁོར་བའི་གྲོང་ཚོ་ཡི།།
དར་བབས་སྣང་མཐོའི་དྲན་པ་གང་ན་རྒྱུ།།
རླུང་བུའི་རྒྱུ་ཕྱོགས་ཤིག་གིས་སྒྱུ་མའི་ཁམས།།
སྐབས་གསུམ་སྐྱེད་མོས་ཚལ་ལ་ཡང་ཡང་འཁྲུལ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།