སེམས་ཀྱི་དཀའ་ངལ།

བློ་བཟང་སྦྱིན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-06

ཡོན་ཏན་མེད་པའི་མགོ་ཟླུམ་བཙུན་པ་འགས། །
ཡོན་ཏན་སློབ་པའི་མི་ཉིད་དགྲ་རུ་མཐོང་། །
ཆོས་མིན་ཆོས་ཀྱི་འགལ་འདུའི་བར་མཚམས་ན། །
འགལ་འདུའི་བདེན་རྫུན་བླ་སྤྲུལ་ལག་ཏུ་ཤོར། །

དགོན་སྡེ་འགའ་རེའི་ཨ་ཁུ་ཕལ་ཆེ་བས། །
དགེ་བཤེས་མཁས་པའི་ཆོས་བཤད་འདྲེ་རུ་སྒོམ། །
རང་ཚུགས་ཤོར་བའི་བླ་ཆེན་སྤྲུལ་ཆེན་ཚོས། །
འཁྱོག་བཤད་གཏམ་ལ་ཡིད་གཏད་མི་འདུག་གོ །

དེང་རབས་ཉེར་གཅིག་བླ་སྤྲུལ་མིང་ཆེན་ཚོས། །
དམ་པ་གོང་མའི་སྤྲུལ་པ་ཡིན་འདོག་སྟོན། །
སྒོར་མོའི་ཆེད་དུ་རྫུན་ཕྲའི་འཁོར་ལོ་བསྐོར། །
བསྟན་པའི་དོན་ནམ་འགྲོ་བའི་དོན་དུ་ཡིན། །

བདེན་དོན་དཔྱོད་པའི་ཤེས་རབ་ཁྱད་དང་། །
དྲང་གཏམ་སྨྲ་བའི་སྤོབས་གཉིས་ལྡན་ན། །
དེ་ལས་གཞན་པའི་དམ་པ་སུ་ཞིག་དགོས། །
མིང་བཏགས་ཙམ་གྱི་ལུགས་སྲོལ་སྟོང་དགོས་སོ། །

མིང་བཏགས་ཙམ་གྱི་ལུགས་སྲོལ་ངན་པ་འདི། །
མདོ་རྒྱུད་གཞུང་གི་དགོངས་པ་མ་ཡིན་ཡང་། །
ས་ཁྱབ་རྡོ་ཁྱབ་ཆོལ་གསུམ་ཡོངས་ལ་ཁྱབ། །
རྨོངས་དད་བོད་ཀྱི་སེམས་ལ་བདེན་པར་སྣང་། །

དགོན་སྡེའི་སྲོལ་ལ་བཟང་ལེན་ངན་འདོད་དགོས། །
གྲ་བའི་མདུན་ལམ་ཤེས་རིག་ཡོན་ཏན་དགོས། །
གཞུང་ཆེན་མདོ་དང་མཐུན་པའི་སློབ་གསོ་དགོས། །
དགོན་སྡེ་དག་ལ་དགོས་པའི་ཡོན་ཏན་ཡིན། །

ཚིག་རྩུབ་སྡིགས་དམོད་དབྱུག་པའི་རྒྱག་རྡུང་སོགས། །
གནའ་སྲོལ་མཐའ་དག་དགེ་མཚན་བརྩི་བའི་དགོན། །
འཇམ་མགོན་བླ་མའི་དགོངས་པ་ཅི་འདྲ་མཐུན། །
ཀུན་ལ་ཕན་པའི་མཐུན་སྒྲིལ་ཅི་འདྲ་དགོས། །

གཏོར་ཟོར་འཕེན་དང་ལྕགས་མཁར་སྲེག་པ་སོགས། །
བོན་ཆོས་ཟུང་དུ་འབྲེལ་བའི་དགོན་སྡེ་དག །
བཟང་ལེན་ངན་འདོར་བྱེད་པའི་སྙིང་སྟོབས་མེད། །
ཕྱག་ན་པད་མོའི་བཀའ་སློབ་མ་མཐོང་རྟགས། །

དགོན་སྡེ་ཕལ་ཆེན་མཁས་པ་ཁ་ཤས་དང་། །
མིང་བཏགས་ཙམ་གྱི་བླ་སྤྲུལ་མིང་ཆེན་གཉིས། །
རྩོད་གླེང་ཇི་མང་མི་མཐུན་ལུགས་གཉིས་ཏེ། །
རྗེས་ལུས་ཁ་ཏོག་འགྱུར་བའི་སྔོན་འགྲོ་ཡིན། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་དཀའ་ངལ།

2012-05-06 བློ་བཟང་སྦྱིན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།