སྙན་ཚིག་ཡིད་སེམས་སྤྲོ་བའི་གླིང་བུ།

དཀར་གསལ་ཟླ་གདན་དབུས་སུ་བཞུགས་པ་ཆུ་སྐྱེས་གཞོན་ནུའི་འཛུམ་རུས་ཅན།།
ཕྱག་ཟུང་སྙན་འཇེབས་པི་ཝང་རབ་རྩེན་ཁམས་གསུམ་སྒྲ་དབྱངས་ཟིལ་གྱིས་གནོན།།
ཇི་སྙེད་རིག་པའི་གཞུང་ལུགས་མཐའ་དག་མཁྱེན་དཔྱོད་རྒྱ་མཚོའི་ཐུགས་སུ་གཏམས།།
དད་ལྡན་འགྲོ་བ་འདྲེན་མཛད་སྐྱབས་ཅིག་ངག་དབང་ལྷ་མོས་ཤེས་པ་སྩོལ།།
སྲོལ་བཟང་བཅོས་མིན་བ་དན་དཀར་བོ་མི་ནུབ་རྒྱལ་མཚན་མཐོན་པོར་སྒྲོངས།།
ལྔ་རིག་ཤེས་བྱའི་ཆུ་གཏེར་ཡངས་པོ་དཔྱོད་ལྡན་སློབ་བུའི་སྙིང་ལ་ཆོངས།།
མཛེས་ལྗོངས་གོས་ཆེན་གཡུ་འབྲུག་ཁ་སྤྲོད་ན་ཆུང་བུ་མོས་རྒྱན་ཏུ་ལོངས།།
དྭངས་བསིལ་ཆབ་རྒྱུན་འོ་མའི་རང་མདངས་གཅེས་ཕྲུག་བུ་ལོས་ཧུབ་ཀྱིས་འཐུངས།།
དམ་ཆོས་རི་རྒྱལ་ལྷུན་པོའི་དཔངས་ས་བསྟན་འཛིན་སྐྱེས་བུས་ཤུགས་ཀྱིས་ཁྱོགས།།
ཚན་རྩལ་གསེར་གྱི་རྩིབས་སྟོང་འཁོར་ལོ་ན་གཞོན་ཕོ་མོས་གཡས་སུ་སྐོར།།
རང་སྐད་ལྷད་མེད་རྨ་ཀླུང་རིང་མོ་གཏན་དུ་མི་བརྙོག་དྭངས་པར་འབོད།།
སྦྲགས་སྐད་སྣ་མང་གད་སྙིགས་འདམ་རྫོབ་སྡུད་ཕྱགས་ཐོགས་ལ་ཕྱི་དོར་བྱོས།།
ཟས་རིགས་འདྲ་མིན་བགྲང་ལས་འདས་པ་ཧམ་པས་མ་ཟ་རན་པར་ཟོ།།
ཆ་ལུགས་སྟོང་གི་རེ་ཁཱ་སྣ་ཚོགས་སེར་སྨྱུག་ཟུང་གིས་རྩེ་མཚམས་ཆོད།།
རང་གཤིས་བལ་དཀར་ཁ་ཆུ་འཇམ་པོ་མི་ཕྱེད་སྣམ་བུའི་རྒྱུ་སྤུན་གྱིས།།
འདྲིས་པའི་གྲོགས་ལ་བརྩེ་བ་མ་ཆུང་ཕྱི་ཐག་ཆུ་བོའི་རྒྱུན་ལ་སྲིངས།།
སྡང་བའི་དགྲ་ལ་སྙིང་སྟོབས་མ་ཞན་རྒོལ་ལེན་རྡོ་རྗེ་བྲག་རི་སྙིལ།།
ཕུ་ནུ་ཁ་འཆམ་གྲོས་མཐུན་བར་ལ་ངན་སེམས་གྱོད་ཀྱི་སྣ་མ་འདྲེན་།།
རྒྱ་འཇོག་ཤོ་རྒྱག་ལས་ལ་བརྩོན་པས་བསགས་པའི་ནོར་རྫས་ཚར་མ་གཅོད།།
དྲི་མེད་བླ་གོས་ཕྲག་ལ་གཟུར་ནས་སྒེག་ལྡན་ལུས་ཕྲར་འཛུམ་མ་སྟོན།།
ངོ་གདོང་དཀར་དམར་ཚོན་ཆས་བྱུགས་ནས་ཁ་སྐྱེངས་རིགས་ཀྱི་དོན་མ་བསྒྲུབ།།
འོ་མའི་རྒྱུད་འཛིན་མ་འབྲི་གཡང་དཀར་བདག་སྐྱོང་རྩྭ་ཆུ་འཛོམས་སར་ཐེད།།
ཅང་ཤེས་རྟ་མཆོག་བང་ཁ་བསྡུར་ནས་ཟོང་དང་དབྱིག་གི་ནོམ་མ་ཚོལ།།
ཟས་མཆོག་ནས་རྙིང་སྦྲང་དཀར་རྩམ་པ་འདུ་བ་སྙོམ་པའི་གཉེན་པོར་བརྟེན།།
གཡང་མོ་ལུ་གུའི་ཚར་ལྭ་འཇམ་པོ་ལྷགས་སྐྱོབས་ཤོམ་པའི་གོས་སུ་གོན།།
རིག་གནས་སློབ་པའི་གྲལ་ལ་འཇུག་དུས་རང་སྟོན་འུར་གྱིས་ལབ་མ་རྒྱག །
རྒྱུགས་གཞི་བསྐྱར་པར་ཡིག་བཏག་བར་ནས་མཐུན་སྒྲིལ་ཕྱོགས་རིས་གཉིས་མ་འཛིན།།
རྒྱུགས་རར་བློ་གྲོས་བང་རྩལ་འགྲན་དུས་གྲོགས་དང་དཔེ་ཆར་རྐུས་མ་བྱེད།།
རང་ཕན་ལས་དོན་བྱ་བཞག་ཆེད་དུ་བུ་དང་བུ་མོའི་འདུན་མ་འགོགས།།
རྒྱུ་འབྱོར་གོ་ས་མཐོན་པོ་བསམ་ནས་མི་རིགས་ཁྱི་ཡི་གྲལ་མ་འཇུག །
གཞན་སྲོལ་དྲི་མ་ཙམ་ཞིག་ཚོར་བས་རང་གི་ལས་ལ་ཁེངས་མ་བྱེད།།
ཡིག་རིགས་དུ་མ་འབྲི་ཀློག་ཤེས་པས་ཆེ་འདོད་མགོ་བོ་ལྟག་མ་དགྱེ།།
དལ་བརྒྱད་འབྱོར་བཅུ་གསེར་གྱི་ཕུང་བོ་དོན་མེད་མུན་ནག་དོང་མ་འཕེན།།
ཆོས་སྲིད་རིག་དཔལ་སྟོབས་འབྱོར་མངའ་ཐང་འཛམ་གླིང་ས་འཛིན་ཟོམ་དུ་བསྒྲེང་།།
བསླབ་བྱ་ཡིད་སེམས་འགུལ་བའི་སོར་གདུབ་འཇོ་སྒེག་དགའ་མའི་མཛུབ་མོར་སྤྲས།།
ཅོལ་ཆུང་གཏམ་གྱི་སྦྲང་རྩི་མངར་མོ་ཆོལ་གསུམ་བོད་པའི་སྐྱེམས་སུ་ཕུལ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ཚིག་ཡིད་སེམས་སྤྲོ་བའི་གླིང་བུ།

2012-05-02 སྡོང་ལོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།