ཏཱ་ནི་གཙང་འགྲམ་གྱི་གྲོང་ཆོག་པ།


གོས་ངུར་སྨྲིག་གི་ཁ་དོག་རླུང་གིས་གཡོས།།
ནང་ཕུགས་བསམ་གྱི་བློ་ཁ་སྒོར་ལ་ཕྱོགས།།
གནས་ཡར་མར་ནས་འཛོམས་པའི་གྲོང་ཆོག་པ།།
ལོ་ནམ་རྒྱུན་དུ་འདི་ན་ཆད་པ་མེད།།
 
ལོ་འདི་དག་ལ་དབྱར་རྩྭ་དགུན་འབུའི་དྲིན།།
སྡེ་འདི་ལ་ཡང་དད་སྟོབས་སྔར་ལས་ཆེ།།
ཆོས་བཀའ་འགྱུར་དང་བསྟན་འགྱུར་ཟེར་བ་ཡང་།།
ལོ་ཆགས་མེད་དུ་རིམ་གྲོ་བྱེད་པ་ཡོད།།
 
ཆོས་དུམ་པ་དག་ཉིན་འདོན་བྱེད་པ་དང་།།
དབང་རྒྱབ་བཞི་སོགས་འགྲོ་ཞོར་འདུག་ཞོར་དུ།།
གཡང་རབ་གནས་ནི་ཇ་ཁ་ཉལ་ཁའི་ལས།།
སེམས་དམིགས་བྱ་ནི་ཀུན་དགའ་དོན་གྲུབ་ཡིན།།
 
ཆ་ཡོད་མེད་ཀྱི་ཨ་ཁུ་སུ་ཡིན་རུང་།།
ཡིད་རྣམ་རྟོག་གི་འཁྲུལ་བ་སེལ་ཆེད་དུ།།
ངག་ནམ་འགྱུར་གྱི་དབྱངས་རྟ་ཙམ་བྱས་ན།།
རྒྱུ་འབྱོར་བ་ཡི་དངོས་གྲུབ་སྡེ་འདིས་གནངས།།
 
ཆོས་ཤེས་ལོ་ཡི་དགེ་བཤེས་ཕལ་ཆེར་ཞིག།
རྒྱ་འབྱོར་ལྡན་གྱི་ཤོག་སྒོར་མང་པོས་བསླུས།།
དེ་མ་ཡིན་པའི་ཆོས་མིང་འཛིན་པ་ཚོས།།
ཁ་འདི་ལྟར་ཡང་མི་གསོ་ཐབས་མེད་རེད།།
 
རྒྱུ་མི་རྟག་གི་སྐད་སྒྲ་མཐོ་བ་དང་།།
ཆོས་ཁ་རྒྱུགས་ཀྱི་ང་རྒྱལ་ཡོད་པ་དག།
ནོར་ཕར་འཚོལ་གྱི་ངལ་བ་མི་དགོས་ཀྱང་།།
སེམས་བདག་འཛིན་གྱི་སྤར་ཁ་གཅིག་འདྲ་རེད།།
 
མ་འགྲོ་དྲུག་གི་དོན་དུ་ཟེར་བ་དང་།།
ཚེ་མི་རྟག་གི་སྒྱུ་མ་འདི་འོ་ཞེས།།
མིག་ཁྲ་ཆུང་གཉིས་ཡང་ཡང་བཙུམ་པ་ན།།
རྒན་གཞོན་གསུམ་ཀུན་དད་པའི་བ་སྤུ་གཡོ།།
 
ས་ཡར་མར་གྱི་གྲྭ་བའི་གཟུགས་འཛིན་དག།
རྒྱ་རྒྱུ་ཅན་གྱི་སྐད་རིགས་མི་གོ་ན།།
ཁྱེད་མ་འདུག་པར་འདི་རུ་ཕེབས་ཤོག་དང་།།
ལག་འབུལ་བ་ཡང་ལོ་རེ་ཇེ་མཐོ་རེད།།
 
ཆོས་ཀུན་རིག་སོགས་འདོན་པའི་སྒྲུབ་སྡེ་དང་།།
ཆོས་འཆད་པ་ལ་འཇུག་པའི་བཤད་གྲྭའི་སྡེ།།
གནས་འཁོར་བ་ཡི་ཉེས་དམིགས་ཟེར་ཞོར་དུ།།
རྒྱུ་དོན་གཉེར་ཀྱི་ལས་ལ་འབད་འདི་སྐྱོ།།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཏཱ་ནི་གཙང་འགྲམ་གྱི་གྲོང་ཆོག་པ།

2012-04-29 མགར་ཚང་དར་རྒྱས། ཀློག་གྲངས། མཆན ཡོད།


གོས་ངུར་སྨྲིག་གི་ཁ་དོག་རླུང་གིས་གཡོས།།
ནང་ཕུགས་བསམ་གྱི་བློ་ཁ་སྒོར་ལ་ཕྱོགས།།
གནས་ཡར་མར་ནས་འཛོམས་པའི་གྲོང་ཆོག་པ།།
ལོ་ནམ་རྒྱུན་དུ་འདི་ན་ཆད་པ་མེད།།
 
ལོ་འདི་དག་ལ་དབྱར་རྩྭ་དགུན་འབུའི་དྲིན།།
སྡེ་འདི་ལ་ཡང་དད་སྟོབས་སྔར་ལས་ཆེ།།
ཆོས་བཀའ་འགྱུར་དང་བསྟན་འགྱུར་ཟེར་བ་ཡང་།།
ལོ་ཆགས་མེད་དུ་རིམ་གྲོ་བྱེད་པ་ཡོད།།
 
ཆོས་དུམ་པ་དག་ཉིན་འདོན་བྱེད་པ་དང་།།
དབང་རྒྱབ་བཞི་སོགས་འགྲོ་ཞོར་འདུག་ཞོར་དུ།།
གཡང་རབ་གནས་ནི་ཇ་ཁ་ཉལ་ཁའི་ལས།།
སེམས་དམིགས་བྱ་ནི་ཀུན་དགའ་དོན་གྲུབ་ཡིན།།
 
ཆ་ཡོད་མེད་ཀྱི་ཨ་ཁུ་སུ་ཡིན་རུང་།།
ཡིད་རྣམ་རྟོག་གི་འཁྲུལ་བ་སེལ་ཆེད་དུ།།
ངག་ནམ་འགྱུར་གྱི་དབྱངས་རྟ་ཙམ་བྱས་ན།།
རྒྱུ་འབྱོར་བ་ཡི་དངོས་གྲུབ་སྡེ་འདིས་གནངས།།
 
ཆོས་ཤེས་ལོ་ཡི་དགེ་བཤེས་ཕལ་ཆེར་ཞིག།
རྒྱ་འབྱོར་ལྡན་གྱི་ཤོག་སྒོར་མང་པོས་བསླུས།།
དེ་མ་ཡིན་པའི་ཆོས་མིང་འཛིན་པ་ཚོས།།
ཁ་འདི་ལྟར་ཡང་མི་གསོ་ཐབས་མེད་རེད།།
 
རྒྱུ་མི་རྟག་གི་སྐད་སྒྲ་མཐོ་བ་དང་།།
ཆོས་ཁ་རྒྱུགས་ཀྱི་ང་རྒྱལ་ཡོད་པ་དག།
ནོར་ཕར་འཚོལ་གྱི་ངལ་བ་མི་དགོས་ཀྱང་།།
སེམས་བདག་འཛིན་གྱི་སྤར་ཁ་གཅིག་འདྲ་རེད།།
 
མ་འགྲོ་དྲུག་གི་དོན་དུ་ཟེར་བ་དང་།།
ཚེ་མི་རྟག་གི་སྒྱུ་མ་འདི་འོ་ཞེས།།
མིག་ཁྲ་ཆུང་གཉིས་ཡང་ཡང་བཙུམ་པ་ན།།
རྒན་གཞོན་གསུམ་ཀུན་དད་པའི་བ་སྤུ་གཡོ།།
 
ས་ཡར་མར་གྱི་གྲྭ་བའི་གཟུགས་འཛིན་དག།
རྒྱ་རྒྱུ་ཅན་གྱི་སྐད་རིགས་མི་གོ་ན།།
ཁྱེད་མ་འདུག་པར་འདི་རུ་ཕེབས་ཤོག་དང་།།
ལག་འབུལ་བ་ཡང་ལོ་རེ་ཇེ་མཐོ་རེད།།
 
ཆོས་ཀུན་རིག་སོགས་འདོན་པའི་སྒྲུབ་སྡེ་དང་།།
ཆོས་འཆད་པ་ལ་འཇུག་པའི་བཤད་གྲྭའི་སྡེ།།
གནས་འཁོར་བ་ཡི་ཉེས་དམིགས་ཟེར་ཞོར་དུ།།
རྒྱུ་དོན་གཉེར་ཀྱི་ལས་ལ་འབད་འདི་སྐྱོ།།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།