ཨེ་བདེན་ནམ།

          བཟང་དཀའ་ངན་སླ།
མི་ལོ་དྲུག་ལ་དཔེ་ཆར་བལྟས་ཀྱང་།  །
ཡོན་ཏན་ཕྲན་ཙམ་རྒྱུད་ལ་མ་འབྱོར།  །
ཞག་མ་གཅིག་ལ་མཱ་ཅཱང་བརྒྱབ་པས།  །
ལག་རྩལ་ཚང་མ་ཁོང་དུ་ཆུད་སོང་།  །

          ཁ་ཡག་ངོ་དགའ་དྲིན་ཆེན་པོ།
རྒྱུན་དུ་བྱ་བར་ཧུར་ཐག་བྱས་ཀྱང་།  །
ཤོག་ལེབ་གཅིག་གི་བྱ་དགའ་མ་རེག  །
ཡ་གིའི་དཔོན་པོར་ཁ་ཞིག་བཤད་པས།  །
དཔོན་ཆུང་ཞིག་གི་གོ་ས་ཁུག་སོང་།  །

         གཏམ་བདེན་པ་མི་བྲིན་རྫུན་མ་བྲིན།
སེམས་པ་དམར་པོ་ལག་ཏུ་བཞག་ཀྱང་།  །
བུ་མོ་ཞིག་གི་ཟུར་མིག་མ་ཁུག  །
ཁ་ཡག་ངོ་དགའ་མཉམ་དུ་བཤད་པས།  །
མཛེས་མ་ཞིག་གིས་རྐང་ཐུང་ཕུད་སོང་།  །

           མི་དང་ཁྱི།  
སྡུག་དུས་མི་ལ་བྱམས་བྱམས་བྱས་ཀྱང་།  །
སྐྱིད་དུས་ཐབས་ཀྱིས་བསྐོར་ནས་བྲོས་སོང་།  །
སྒོ་ཁའི་ཁྱི་ལ་ལྟོ་ཞིག་བླུད་པས།  །

གང་ནས་མཐོང་ན་རྔ་མ་གཡུག་བྱུང་།  །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨེ་བདེན་ནམ།

2012-04-26 རྐ་ཕུག ཀློག་གྲངས། མཆན ཡོད།

          བཟང་དཀའ་ངན་སླ།
མི་ལོ་དྲུག་ལ་དཔེ་ཆར་བལྟས་ཀྱང་།  །
ཡོན་ཏན་ཕྲན་ཙམ་རྒྱུད་ལ་མ་འབྱོར།  །
ཞག་མ་གཅིག་ལ་མཱ་ཅཱང་བརྒྱབ་པས།  །
ལག་རྩལ་ཚང་མ་ཁོང་དུ་ཆུད་སོང་།  །

          ཁ་ཡག་ངོ་དགའ་དྲིན་ཆེན་པོ།
རྒྱུན་དུ་བྱ་བར་ཧུར་ཐག་བྱས་ཀྱང་།  །
ཤོག་ལེབ་གཅིག་གི་བྱ་དགའ་མ་རེག  །
ཡ་གིའི་དཔོན་པོར་ཁ་ཞིག་བཤད་པས།  །
དཔོན་ཆུང་ཞིག་གི་གོ་ས་ཁུག་སོང་།  །

         གཏམ་བདེན་པ་མི་བྲིན་རྫུན་མ་བྲིན།
སེམས་པ་དམར་པོ་ལག་ཏུ་བཞག་ཀྱང་།  །
བུ་མོ་ཞིག་གི་ཟུར་མིག་མ་ཁུག  །
ཁ་ཡག་ངོ་དགའ་མཉམ་དུ་བཤད་པས།  །
མཛེས་མ་ཞིག་གིས་རྐང་ཐུང་ཕུད་སོང་།  །

           མི་དང་ཁྱི།  
སྡུག་དུས་མི་ལ་བྱམས་བྱམས་བྱས་ཀྱང་།  །
སྐྱིད་དུས་ཐབས་ཀྱིས་བསྐོར་ནས་བྲོས་སོང་།  །
སྒོ་ཁའི་ཁྱི་ལ་ལྟོ་ཞིག་བླུད་པས།  །

གང་ནས་མཐོང་ན་རྔ་མ་གཡུག་བྱུང་།  །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།