བསྟོད་པའི་མེ་ཏོག་གི་དམ་བཅའ།

དགེ་སྐྱེས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-24


མ་བྱས་སེམས་ལ་མེད་པའི་ལྷག་བསམ་གྱི་ཙན་དན། །
མ་ལུས་བྱམས་དང་བརྩེ་བའི་དྲི་ཞིམ་གྱིས་ཕྱུག་ཅིང་། །
མ་བརྗེད་ཡང་ཡང་དྲན་པའི་བུ་ཕྲུག་གི་ཆེད་དུ། །
མ་ལོས་རང་ལུས་དོར་བར་སྙིང་དབུས་ནས་བསྟོད་དོ། །

མ་གཞི་དཀའ་སྡུག་འཚོ་བའི་རྒྱ་མཚོ་ཡི་སྟེང་ན། །
མ་བཟོད་རླབས་ཀྱི་ཕྲེང་བའི་འཇིགས་པ་ཡིས་བཙེས་མོད། །
མ་འདར་ཞུམ་པ་མེད་པའི་སྙིང་སྟོབས་ཤིག་བསྐྱེད་དུས། །
མ་ལོས་མནར་གཅོད་འཁུར་བར་སྙིང་དབུས་ནས་དད་དོ། །

མ་རབས་སྤྱོད་ངན་ཞིང་གི་གསོལ་ཚིགས་ཀྱི་ནང་ན། །
མ་རབས་སྤྱོད་པའི་བདུད་བརྩིས་བུ་ལོ་ཡོངས་མྱོས་ནས། །
མ་རབས་ལོག་པའི་ལམ་དུ་འཁྱམ་པོ་བཞིན་འཕྱན་དུས། །
མ་ལོས་བསླབ་གདམས་གནང་བར་ ་སྙིང་དབུས་ནས་མཆོད་དོ། །

མ་ལག་ཡོངས་འཛོམས་རབ་མཛེས་ལུས་པོ་འདི་ལོངསམདུས། །
མ་ལོའི་བཀའ་དྲིན་གཞལ་བའི་འདུན་པ་ཞིག་འཁྲུངས་མོད། །
མ་རུང་སེམས་པའི་རྟ་ཕོ་གཡང་རོང་ལ་ཤོར་དུས། །
མ་ལོའི་བཀའ་དྲིན་གཞལ་འདོད་ཉིན་སྐར་ལ་འཁྱུད་སོང་། །

མ་མྱོང་མ་མྱངས་མེད་པའི་མ་ལོ་ཡི་བྱས་པར། །
མ་རབས་བུ་ལོས་བརྫིས་པར་མ་ལོ་ཁྱེད་དགོངས་དག །
མ་འོངས་འཚོ་བའི་ལམ་བུར་མ་བུ་གཉིས་བདེ་ཆེད། །
མ་རབས་སྤྱོད་ངན་བསྐྱུར་ནས་མ་ལུས་པར་སྦྱངས་ཆོག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྟོད་པའི་མེ་ཏོག་གི་དམ་བཅའ།

2012-04-24 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།


མ་བྱས་སེམས་ལ་མེད་པའི་ལྷག་བསམ་གྱི་ཙན་དན། །
མ་ལུས་བྱམས་དང་བརྩེ་བའི་དྲི་ཞིམ་གྱིས་ཕྱུག་ཅིང་། །
མ་བརྗེད་ཡང་ཡང་དྲན་པའི་བུ་ཕྲུག་གི་ཆེད་དུ། །
མ་ལོས་རང་ལུས་དོར་བར་སྙིང་དབུས་ནས་བསྟོད་དོ། །

མ་གཞི་དཀའ་སྡུག་འཚོ་བའི་རྒྱ་མཚོ་ཡི་སྟེང་ན། །
མ་བཟོད་རླབས་ཀྱི་ཕྲེང་བའི་འཇིགས་པ་ཡིས་བཙེས་མོད། །
མ་འདར་ཞུམ་པ་མེད་པའི་སྙིང་སྟོབས་ཤིག་བསྐྱེད་དུས། །
མ་ལོས་མནར་གཅོད་འཁུར་བར་སྙིང་དབུས་ནས་དད་དོ། །

མ་རབས་སྤྱོད་ངན་ཞིང་གི་གསོལ་ཚིགས་ཀྱི་ནང་ན། །
མ་རབས་སྤྱོད་པའི་བདུད་བརྩིས་བུ་ལོ་ཡོངས་མྱོས་ནས། །
མ་རབས་ལོག་པའི་ལམ་དུ་འཁྱམ་པོ་བཞིན་འཕྱན་དུས། །
མ་ལོས་བསླབ་གདམས་གནང་བར་ ་སྙིང་དབུས་ནས་མཆོད་དོ། །

མ་ལག་ཡོངས་འཛོམས་རབ་མཛེས་ལུས་པོ་འདི་ལོངསམདུས། །
མ་ལོའི་བཀའ་དྲིན་གཞལ་བའི་འདུན་པ་ཞིག་འཁྲུངས་མོད། །
མ་རུང་སེམས་པའི་རྟ་ཕོ་གཡང་རོང་ལ་ཤོར་དུས། །
མ་ལོའི་བཀའ་དྲིན་གཞལ་འདོད་ཉིན་སྐར་ལ་འཁྱུད་སོང་། །

མ་མྱོང་མ་མྱངས་མེད་པའི་མ་ལོ་ཡི་བྱས་པར། །
མ་རབས་བུ་ལོས་བརྫིས་པར་མ་ལོ་ཁྱེད་དགོངས་དག །
མ་འོངས་འཚོ་བའི་ལམ་བུར་མ་བུ་གཉིས་བདེ་ཆེད། །
མ་རབས་སྤྱོད་ངན་བསྐྱུར་ནས་མ་ལུས་པར་སྦྱངས་ཆོག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།