མཚོ་ཁུག་གི་མགྱོགས་བྲིས།

འདི་ན་ཤ་མོ་བརྡོལ་འདྲའི་སྐར་མའི་ཚོགས་ནི་མག་མོག་ཡིན།།
འདི་ན་བསིལ་བ་ཅན་གྱི་ཟླ་བའི་འོད་རླབས་ཚ་བ་ཡིན།།
འདི་ན་འཁྱགས་གྲང་ལྡན་པའི་ཆུ་བོའི་རེག་བྱ་དྲོད་མོ་ཡིན།།
འདི་ནས་རྒྱ་མཚོའི་ངོས་ལས་ས་ཡི་མཐོ་ཚད་གོར་ཐིག་ཡིན།།
 
འདི་ན་མྱོས་བུམ་ཙམ་ལས་སྟོད་ཀྱི་ཆ་ནི་སྒྲེན་པོ་ཡིན།།
སྨད་ན་དོར་ཐུང་ཉིད་ལས་འདབས་ཀྱི་ཤ་ནི་དམར་ལྗིན་ཡིན།།
སྲབ་འཇམ་གོས་ལས་མངོན་པའི་ཁྲག་རྩའི་རྒྱུ་ལམ་སྔོན་པོ་ཡིན།།
རྐེད་པའི་རྨུ་ཐག་དཔྱངས་པའི་ཡིད་ཀྱི་མེ་ཏོག་ནག་པོ་ཡིན།།
 
རྒྱ་མཚོའི་རླབས་ཀྱི་རི་མོ་རླུང་བུའི་འགྲོས་དང་བསྟུན་ནས་འཕྱོ།།
གཅེར་བུའི་ཕོ་མོའི་ཚོགས་རྣམས་རླབས་ཀྱི་རྒྱུན་དང་ལྷན་ཅིག་བརྩེ།།
དལ་མོའི་འགུལ་སྟངས་ཉམས་ཀྱི་གཡོར་གྲུའི་ཕྲེང་བརྒྱུད་རྒྱང་ལ་བསྟར།།
གདུང་བའི་སེམས་ཀྱི་རྒྱུན་ཐག་མི་ཁོག་དངན་པའི་རྗེས་ལ་མཐུད།།
 
རང་བྱུང་སྣོད་ཀྱི་བཀོད་པ་སྔོ་ལྗང་གཡུ་ཡི་ལན་བུ་མེད།།
ཟིལ་བ་ཁྲོམ་ཁྲོམ་འཛུམ་པའི་མཁའ་དབུགས་གཙང་མའི་རྩྭ་ཐང་མེད།།
རྡེའུ་ཆེད་དུ་མ་འཐག་བྱེ་མར་གྱུར་བའི་འཇུག་ངོགས་སྟེ།།
འདི་ལ་ནམ་མཁའི་མཚམས་དང་ཡངས་པའི་རྒྱ་མཚོའི་མཐའ་རུ་བཤད།།
 
ཕན་ཚུན་ལྷན་དུ་འཁྱུད་པའི་ཕོ་མོའི་སྣང་བ་བགས་སུ་ཕེབས།།
མཆི་སྦྱོར་ལན་མང་བྱེད་པའི་ཕྱི་གླིང་བུ་མོས་སྐོམ་གདུང་གིས།།
ཕ་རོལ་ཟ་བར་རྔམ་པའི་འདོད་པའི་སྦྱོར་བ་ཁོ་ན་ལས།།
གམ་དུ་རྡུལ་ལྟར་འཚུབ་པའི་མི་བུ་ཡོད་ཚད་ཚོར་བས་དོར།།
 
མཚོ་ཡི་རླབས་ཀྱི་རི་མོ་རྒྱང་ནས་ཆལ་ཆིལ་སླེབས་པའི་དུས།།
མི་བུའི་སྐབས་ཀྱི་རྩེད་མོ་དེ་ནས་འཇིགས་ནས་འབྲོ་བ་དང་།།
རྐང་འོག་བྱེ་མ་གཤེར་ནས་ཕན་ཚུན་མ་བརྟན་འགྱེལ་བ་སོགས།།
རྒན་གཞོན་ཕོ་མོ་ཡོངས་ནས་བྱིས་པའི་བརྟུལ་ཞུགས་འབའ་ཞིག་འཆང་།།
 
ཉ་མོ་གསོན་བསྲེག་བྱེད་པའི་ཟ་མའི་གཡོས་སྦྱོར་མཚར་བ་དང་།།
འབུ་སྲིན་གསོན་པོ་ཟ་བའི་བཟའ་བཏུང་བྱེད་སྟངས་ཞེད་ནའང་།།
དུང་དང་མུ་ཏིག་བཙོང་བའི་འཚོ་བའི་མཐུན་རྐྱེན་བདེ་བ་སོགས།།
འཚོ་བའི་ཐབས་ལ་འབད་པའི་འཁོར་བའི་རང་བཞིན་གཅིག་ཏུ་མཐོང་།།
འདི་ན་དགུན་གྱི་དུས་ཞེས་འཁྱགས་པའི་ནམ་ཟླ་མེད་ནའང་།།
འདི་ལ་དབྱར་གྱི་དུས་ཞེས་དེ་ལས་ལྷག་ཅིག་མེད་པ་སྟེ།།
ཤིང་ཏོག་སྔོ་ཚོད་བཅས་ནི་དགུན་གྱི་དུས་སུ་སྐྱེ་བ་དང་།།
ཕ་ཡུལ་སྤང་རྒྱན་མེ་ཏོག་དབྱར་ཁ་སླེབས་ཀྱང་མེད་པའོ།།
 
ཚ་བ་ཁོག་ལ་ལྷུང་ནས་བསིལ་བ་ཅན་གྱི་གནས་མ་རེག།།
གཏི་མུག་གཉིད་ལ་བབས་ནས་ཉིན་མཚན་གཉིས་ལ་ཁྱད་མི་འདུག།།
རིག་པ་སྐྲ་རྩེ་ཡིན་པའི་ཤེས་པའི་གསལ་བ་རབ་རུབ་ངང་།།
བསིལ་རླུང་ཤིག་ཤིག་ལྡིང་བའི་ཕ་ཡུལ་ཕྱུག་མོའི་རི་ཆུ་དྲན།།
 
                  ༢༠༡༡ ༡༢ ༡༣ཉིན་ཙི་ནའི་ཡུལ་ཁམས་མཚོ་ལྷོ་སན་ཡཱ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་ཁུག་གི་མགྱོགས་བྲིས།

2012-04-24 དཀར་དམར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།