དམངས་རྩོམ་ཤྭ་བ་རི་ཤོར།


སེམས་པ་སེམས་པར་ཕྱོགས་པས།།
སེམས་ཀྱིས་ན་ཟུག་ཚོར་བྱུང་།།
ན་ཟུག་རུམ་དགོས་ཡོད་མེད།།
སྤྱན་གྱིས་བརྡ་ཞིག་གནང་དང་།།

གཏམ་ངན་རླུང་བུའི་གོམ་སྟབས།།
བྱམས་པའི་སེམས་ལ་ཁེལ་སོང་།།
ཆུང་འདྲིས་བྱམས་པའི་ངག་ནས།།
མིག་ཆུའི་གཙང་བོ་བཞུར་བྱུང་།།

མིག་ཆུ་གྲང་མོ་ཞིག་གིས།།
བྱམས་པའི་ན་ཟུག་མ་ཐེག།
ཆུང་འདྲིས་ཆུང་འདྲིས་ཟེར་ཡང་།།
སེམས་པ་འདྲེས་ན་བསམ་བྱུང་།།

བྱང་གི་མེ་ཏོག་དཀར་པོ།།
བདག་གི་སེམས་ཀྱི་འདབ་མ།།
མེ་ཏོག་བཞད་པའི་ཉིན་ལ།།
ཆར་རླུང་མེད་པའི་སྨོན་ལམ།།

དྲན་པའི་མེ་ལོང་ངོགས་སུ།།
དུང་གི་རི་མོ་བབས་སོང་།།
དུང་གི་རི་མོའི་ནང་དུ།།
བྱམས་པའི་མིག་ཆུ་འཁྱིལ་འདུག།

སྤྲིན་པས་རྒས་ཉམས་དོད་པས།།
སེམས་ཀྱི་ཁ་དོག་མངོན་བྱུང་།།
རྨི་ལམ་ནང་དུ་ཕེབས་ཏེ།།
སེམས་ཀྱི་མིག་ཆུ་ཕྱིས་སོང་།།

ཤོག་དཀར་ངོས་ཀྱི་ཡི་གེ།
འཆི་མེད་ཚེ་ཡི་རིལ་བུ།།
ལྷ་སའི་བྱང་གི་བུ་མོ།།
དྲན་པའི་ནང་གི་ཚེར་མ།།

ལས་དབང་ལས་ལ་དབང་པས།།
ཚེ་འདིའི་ལམ་སྣེ་མ་རྙེད།།
ལས་སྐལ་མེད་པའི་བྱམས་པ།།
རྫ་རིའི་འདབས་ནས་ལུས་སོང་།།

ཆུང་འདྲིས་རི་ལ་ཕེབས་པས།།
སེམས་པ་ཆར་བས་བརླན་བྱུང་།།
ཕྱི་མིག་སེམས་ཀྱི་འཁུན་སྒྲ།།
སྙིང་གི་རུས་པར་འཐིམ་སོང་།།

མ་ཐོས་སེམས་ཀྱི་རོལ་མོ།།
སེམས་པ་གསོ་བའི་སྨན་མཆོག།
བརྩེ་བའི་རྣམ་ཤེས་ཞུགས་པའི།།
གཡུ་ཆུང་གྲུ་དཀར་འབུལ་ཆོག།

མུན་པས་ལག་བརྡ་བསྟན་བྱུང་།།
སེམས་ཀྱི་སྒོ་མོ་ཕྱེས་སོང་།།
དྲན་པའི་མེ་ཏོག་དཀར་པོ།།
རྨི་ལམ་ནང་དུ་བཞད་བྱུང་།།
           ༢༠༡༢     ༣     ༢༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་རྩོམ་ཤྭ་བ་རི་ཤོར།


སེམས་པ་སེམས་པར་ཕྱོགས་པས།།
སེམས་ཀྱིས་ན་ཟུག་ཚོར་བྱུང་།།
ན་ཟུག་རུམ་དགོས་ཡོད་མེད།།
སྤྱན་གྱིས་བརྡ་ཞིག་གནང་དང་།།

གཏམ་ངན་རླུང་བུའི་གོམ་སྟབས།།
བྱམས་པའི་སེམས་ལ་ཁེལ་སོང་།།
ཆུང་འདྲིས་བྱམས་པའི་ངག་ནས།།
མིག་ཆུའི་གཙང་བོ་བཞུར་བྱུང་།།

མིག་ཆུ་གྲང་མོ་ཞིག་གིས།།
བྱམས་པའི་ན་ཟུག་མ་ཐེག།
ཆུང་འདྲིས་ཆུང་འདྲིས་ཟེར་ཡང་།།
སེམས་པ་འདྲེས་ན་བསམ་བྱུང་།།

བྱང་གི་མེ་ཏོག་དཀར་པོ།།
བདག་གི་སེམས་ཀྱི་འདབ་མ།།
མེ་ཏོག་བཞད་པའི་ཉིན་ལ།།
ཆར་རླུང་མེད་པའི་སྨོན་ལམ།།

དྲན་པའི་མེ་ལོང་ངོགས་སུ།།
དུང་གི་རི་མོ་བབས་སོང་།།
དུང་གི་རི་མོའི་ནང་དུ།།
བྱམས་པའི་མིག་ཆུ་འཁྱིལ་འདུག།

སྤྲིན་པས་རྒས་ཉམས་དོད་པས།།
སེམས་ཀྱི་ཁ་དོག་མངོན་བྱུང་།།
རྨི་ལམ་ནང་དུ་ཕེབས་ཏེ།།
སེམས་ཀྱི་མིག་ཆུ་ཕྱིས་སོང་།།

ཤོག་དཀར་ངོས་ཀྱི་ཡི་གེ།
འཆི་མེད་ཚེ་ཡི་རིལ་བུ།།
ལྷ་སའི་བྱང་གི་བུ་མོ།།
དྲན་པའི་ནང་གི་ཚེར་མ།།

ལས་དབང་ལས་ལ་དབང་པས།།
ཚེ་འདིའི་ལམ་སྣེ་མ་རྙེད།།
ལས་སྐལ་མེད་པའི་བྱམས་པ།།
རྫ་རིའི་འདབས་ནས་ལུས་སོང་།།

ཆུང་འདྲིས་རི་ལ་ཕེབས་པས།།
སེམས་པ་ཆར་བས་བརླན་བྱུང་།།
ཕྱི་མིག་སེམས་ཀྱི་འཁུན་སྒྲ།།
སྙིང་གི་རུས་པར་འཐིམ་སོང་།།

མ་ཐོས་སེམས་ཀྱི་རོལ་མོ།།
སེམས་པ་གསོ་བའི་སྨན་མཆོག།
བརྩེ་བའི་རྣམ་ཤེས་ཞུགས་པའི།།
གཡུ་ཆུང་གྲུ་དཀར་འབུལ་ཆོག།

མུན་པས་ལག་བརྡ་བསྟན་བྱུང་།།
སེམས་ཀྱི་སྒོ་མོ་ཕྱེས་སོང་།།
དྲན་པའི་མེ་ཏོག་དཀར་པོ།།
རྨི་ལམ་ནང་དུ་བཞད་བྱུང་།།
           ༢༠༡༢     ༣     ༢༢

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།