དགེ་ཆོས།


ཉི་ཟླའི་ལྟོ་བར་སྦྲུམ་པའི་རུས་རྐང་ཞིག །
རླུང་གིས་ཕྱོགས་སུ་བསྐྱལ་བའི་སྙན་པ་དེ། །
སྲིད་པའི་སྒང་ལ་ལྷུང་བའི་འོད་ཐིག་འདི། །
ཕྱོགས་དང་རིས་སུ་འཐེན་ནས་གླེང་བ་ལ། །
སེམས་ཀྱི་འཐད་པ་གཅིག་ཏུ་མ་བབ་ཀྱང་། །
དོན་གྱི་བདེན་པ་དཀར་པོ་དཀར་གཙང་རེད། །

ས་སྒང་བརྩེ་བས་སྐྱོང་བའི་ཐབས་ལམ་ཞིག །
བསྲེག་བཅད་བརྡར་བའི་དཔེ་རུ་བགྲེང་བ་དེ། །
མུན་པའི་གླིང་འདིར་འོད་ཀྱི་ལམ་བུ་ཞིག །
ཁ་བའི་ཡུལ་ལ་རྟོགས་སད་གསར་བ་སྦྱིན། །
ལག་པའི་ཕྱག་རྒྱ་གཅིག་ལ་མ་མཐུན་ཀྱང་། །
སེམས་ཀྱི་རྙེག་ཕྱོགས་དེ་རྗེས་དེ་མཐུན་རེད། །

རྨོངས་པའི་འཁྲིལ་བ་ཟད་པའི་བློ་གྲོས་ཞིག །
རེ་ཞིག་འཁོར་བའི་མིག་ལས་གཉོམ་ན་ཡང་། །
གནས་ལུགས་གཤའ་མའི་བདེན་པ་རྙེད་པ་ལ། །
སུ་ཡིས་མི་བཟོད་རིག་པའི་དཔལ་ཚ་ཡོད། །
སྲིད་པའི་སྒྲོན་མེ་རིང་དུ་འབར་བ་ཡིས། །
མི་ཤེས་སྨག་ཆེན་གཏིང་ནས་འཇོམས་པར་བྱས། །

མདོ་སྔགས་རིག་གཞུང་མཁྱེན་པའི་རྣམ་དཔྱོད་ཅིག །
སྲིད་པ་དགྲ་རུ་བཅོམ་པའི་ཏིང་འཛིན་མཁན། །
ཕྱི་རབས་ཁ་བའི་བདེ་སྡུག་སེམས་ཀྱིས་བཙལ། །
གངས་མཐའ་སྐོར་བའི་སྙན་ངག་གྲངས་མེད་ཅིག །
སྐྱིད་སྡུག་གོམ་པ་གཤིབ་པའི་གདོང་དམར་བ། །
གངས་འཚུབ་ཕྱི་མིག་ཁྲོད་ནས་སྐྱུར་དགོས་ཐུག །

རྒྱལ་ཁམས་རིག་པས་སྐོར་བའི་རྐང་ཐང་བ། །
ཞབས་རྗེས་གསེར་འོད་འཕྲོས་པའི་ཡུལ་འཁྱམས་པ། །
གངས་རིའི་དར་རྒུད་ཕྱག་གིས་མ་བཏང་ཡང་། །
རང་མགོ་དགྲ་རུ་བཙོང་བའི་ཞབས་འདྲེན་ཚོས། །
རིག་པའི་མེ་ཕུང་རྩལ་མེད་བརླགས་པ་འདིས། །
གངས་རིའི་ལས་དབང་སྐྱོ་བའི་ལམ་དུ་བརྫངས། །
       ༢༠༡༢    ༨      ༡༨  བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས།

2012-10-22 བཙན་ཞགས། ཀློག་གྲངས། མཆན ཡོད།


ཉི་ཟླའི་ལྟོ་བར་སྦྲུམ་པའི་རུས་རྐང་ཞིག །
རླུང་གིས་ཕྱོགས་སུ་བསྐྱལ་བའི་སྙན་པ་དེ། །
སྲིད་པའི་སྒང་ལ་ལྷུང་བའི་འོད་ཐིག་འདི། །
ཕྱོགས་དང་རིས་སུ་འཐེན་ནས་གླེང་བ་ལ། །
སེམས་ཀྱི་འཐད་པ་གཅིག་ཏུ་མ་བབ་ཀྱང་། །
དོན་གྱི་བདེན་པ་དཀར་པོ་དཀར་གཙང་རེད། །

ས་སྒང་བརྩེ་བས་སྐྱོང་བའི་ཐབས་ལམ་ཞིག །
བསྲེག་བཅད་བརྡར་བའི་དཔེ་རུ་བགྲེང་བ་དེ། །
མུན་པའི་གླིང་འདིར་འོད་ཀྱི་ལམ་བུ་ཞིག །
ཁ་བའི་ཡུལ་ལ་རྟོགས་སད་གསར་བ་སྦྱིན། །
ལག་པའི་ཕྱག་རྒྱ་གཅིག་ལ་མ་མཐུན་ཀྱང་། །
སེམས་ཀྱི་རྙེག་ཕྱོགས་དེ་རྗེས་དེ་མཐུན་རེད། །

རྨོངས་པའི་འཁྲིལ་བ་ཟད་པའི་བློ་གྲོས་ཞིག །
རེ་ཞིག་འཁོར་བའི་མིག་ལས་གཉོམ་ན་ཡང་། །
གནས་ལུགས་གཤའ་མའི་བདེན་པ་རྙེད་པ་ལ། །
སུ་ཡིས་མི་བཟོད་རིག་པའི་དཔལ་ཚ་ཡོད། །
སྲིད་པའི་སྒྲོན་མེ་རིང་དུ་འབར་བ་ཡིས། །
མི་ཤེས་སྨག་ཆེན་གཏིང་ནས་འཇོམས་པར་བྱས། །

མདོ་སྔགས་རིག་གཞུང་མཁྱེན་པའི་རྣམ་དཔྱོད་ཅིག །
སྲིད་པ་དགྲ་རུ་བཅོམ་པའི་ཏིང་འཛིན་མཁན། །
ཕྱི་རབས་ཁ་བའི་བདེ་སྡུག་སེམས་ཀྱིས་བཙལ། །
གངས་མཐའ་སྐོར་བའི་སྙན་ངག་གྲངས་མེད་ཅིག །
སྐྱིད་སྡུག་གོམ་པ་གཤིབ་པའི་གདོང་དམར་བ། །
གངས་འཚུབ་ཕྱི་མིག་ཁྲོད་ནས་སྐྱུར་དགོས་ཐུག །

རྒྱལ་ཁམས་རིག་པས་སྐོར་བའི་རྐང་ཐང་བ། །
ཞབས་རྗེས་གསེར་འོད་འཕྲོས་པའི་ཡུལ་འཁྱམས་པ། །
གངས་རིའི་དར་རྒུད་ཕྱག་གིས་མ་བཏང་ཡང་། །
རང་མགོ་དགྲ་རུ་བཙོང་བའི་ཞབས་འདྲེན་ཚོས། །
རིག་པའི་མེ་ཕུང་རྩལ་མེད་བརླགས་པ་འདིས། །
གངས་རིའི་ལས་དབང་སྐྱོ་བའི་ལམ་དུ་བརྫངས། །
       ༢༠༡༢    ༨      ༡༨  བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།