རྗེས་དྲན་སྙིང་གི་མཆོད་སྤྲིན།

གང་གི་ཡེ་ཤེས་མངལ་ནས་སྦྲུམ་པའི་ཅོ་ནེ་དགོན་གྱི་ནུབ་ཕྱོགས་སུ།།
གོམ་ཕྲག་བརྒྱད་ཁྲིའི་སྤྱི་ལེས་མཆོད་པའི་ཆོས་དཔལ་ཆུ་བོའི་དཀྱིལ་འཁོར་ན།།
རིག་པས་བལྟམས་པའི་དཔའ་བོ་གཅིག་སྟེ་ཆོས་བ་སྐལ་བཟང་རྒྱ་མཚོ་ཚང་།།
དུས་ངན་སྙིགས་མའི་བར་བདོ་ཞིག་ནས་ཞིང་ཁམས་འདི་ལ་བྱོན་པ་མཚར།།

སངས་རྒྱས་བསྟན་པའི་གྲྭ་ལ་བསྣབས་སྟེ་ཐོས་བསམ་སྒོམ་གསུམ་རྒྱ་ཆེར་བསྒྲུབས།།
གསར་སྙིང་གཉིས་ཀའི་ལམ་ཁ་ཞིག་ནས་འགྲོ་དྲུག་བྱེ་བའི་རིག་རྟུལ་འཁྲོལ།།
དེ་ལྟར་གང་གི་སྐུ་ཡི་མཛད་པའི་ཆེར་རློམ་མཁས་དག་ཕ་མཐར་བསྐྲད།།
ཁ་བ་རི་བོར་བཀྲག་མདངས་རྒྱས་པ་བྱམས་པའི་མ་མ་མ་གང་དེས་བསྐྱངས།།

བདག་སོགས་དགེ་སློབ་བྱེ་བའི་ཚོགས་ལ་བསོད་ནམས་ལས་ཀྱིས་མཐུ་དམན་པས།།
མིག་ཆུང་ལྡེབ་ཙམ་བྱས་པའི་ཞོར་ལ་ཤར་རླུང་དྲག་པོའི་ཁ་རླངས་དེས།།
མུན་པའི་ལྕགས་སྒྲོག་དོག་པོའི་ཀློང་དུ་བཤད་སྒྲུབ་བསྟན་པའི་སྒྲོན་མེ་དེ།།
དམིགས་མེད་མི་ཚོར་དབྱིངས་སུ་ཡལ་བ་གཞུག་ལུས་སློབ་བུས་ཅི་ཞིག་བྱ།།

ཀྱེ་མ་ད་ནི་དུས་ཀྱི་བསྐལ་བའི་དྲན་གདུང་ཁྲི་ཡི་སོ་མཚམས་ན།།
མུན་ནག་མགོ་འཁོར་ཁ་གྲངས་འཕེལ་བའི་གཞིས་ཀ་འདི་ཡི་མི་བུ་ཀུན།།
མ་ཤེས་ཤེས་ཐབས་བྱེད་པའི་ངང་ཚུལ་མགོན་པོ་ཁྱེད་ཀྱིས་གཟིགས་འཚལ་ན།།
ཅིས་ཀྱང་ང་ཚོར་ཞལ་གསུངས་ཐེངས་གཅིག་གསུངས་དུ་འེ་བྱོན་ང་ཡི་མགོན།།

སྙིང་གི་ཉི་མ་ནུབ་ནས་བཞུད་དུས་ཡ་ཆུང་ཁོག་པ་གྲང་ཤུར་ཤུར།།
དྲན་གདུང་ལྕི་མོའི་བྲོ་བ་སུར་བཤད་ང་ཡི་མགོན་པོ་ཁྱེད་ཕེབས་སོང་།།
ལོ་ཟླའི་འཁོར་བསྐྱོད་འགྱུར་བ་མེད་གི་ལས་དབང་བཙན་པོས་འཕྲོག་བུད་ཐ།།
བསམ་ཞིང་བསམ་ན་ངེད་ཅག་འགྲོ་ཀུན་ཅི་འདྲའི་བསོད་ནམས་དམན་པ་ལ།།

དྲན་མེད་བསམ་མེད་ངང་ན་ལུས་པའི་སློབ་བུའི་ཚོགས་དང་འགྲོ་བའི་ཚོགས།།
སྐྱབས་མེད་ཉམ་ཆུང་སེམས་ཅན་འདི་ཚོས་ཁྱེད་ཀྱི་བྱམས་བརྩེ་དྲན་ནས་ཡོད།།
ཚིག་གི་སྡེབ་སྦྱོར་བཙན་གྱིས་བསྒྲིགས་ཏེ་ཡི་གེའི་གཟུགས་སུ་ཕབ་པ་འདི།།
བདེ་སྡུག་ཚོར་བ་དངོས་སུ་བྲིས་པའི་དམར་ཆུང་སྙིང་གི་མཆོད་པ་ཡིན།།
                        ༢༠༡༢ལོའི་ཟླ་༩པའི་ཚེས་༢༧ཉིན་ཁྲི་འདུ་ནས།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྗེས་དྲན་སྙིང་གི་མཆོད་སྤྲིན།

2012-10-16 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།