གཡང་གི་བྱིས་པའི་བསོད་ནམས་ཞེས་བྱ་བ།

ཧོར་གྲོལ་བ་ཕུན་ཚོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-06


བློ་དང་ལྡན་པས་བོད་ཀྱི་བཟོ་རིག་གི།
བཟང་པའི་ལེགས་ཆ་པིར་གྱིས་བཞེངས་པའི་སྐུ།།
རྒྱ་བོད་དད་ལྡན་རྣམས་ཀྱི་ལྷ་ཁང་དུ།།
མཚོ་སྐྱེས་པདྨོ་བཞིན་དུ་མཛེས་པར་བསྐྲུན།།
 
མེ་ཕག་ལོ་ཡི་སྐྱ་རངས་གསར་བ་ཡིས།།
རེ་བདུན་ལོན་པའི་རྒན་རྒོན་བཟའ་ཟླ་ལ།།
བདེ་སྐྱིད་ཉི་གཞོན་རྟ་བདུན་གྱིས་དྲངས་ཏེ།།
བྱ་བ་ཡར་འགྲོའི་དགེ་མཚན་སྣ་ཚོགས་བྱུང་།།
 
པན་ཆེན་བཅུ་བ་དངོས་བྱོན་བཞུགས་པའི་ཁྲི།།
མ་བསྒྲིགས་ངང་གིས་ཁྱིམ་འདིའི་རྟེན་དུ་གྱུར།།
དེ་ཡི་མཐུ་དང་རྟེན་འབྲེལ་བསླུ་མེད་ཀྱིས།།
ཉེ་འབྲེལ་ཟབ་པའི་བཀྲ་ཤིས་ཁྱིམ་འདིར་བསུས།།
 
བཀྲ་ཤིས་སྒྲོལ་མའི་འཇིག་རྟེན་སྣང་པ་ནི།།
འོ་མའི་མཚོ་ལ་ཟླ་བ་ཤར་བ་བཞིན།།
མཛའ་བརྩེ་ཟབ་མོ་ངང་བ་ལྟ་བུ་ལ།།
འདོད་པའི་དོན་གྱི་བུ་ཞིག་སྦྲུམ་དུ་ཆགས།།
 
འབད་པ་མ་བསྟེན་སྒོ་ཕྱུགས་མཛོ་མོ་ལ།།
བིས་ཤིག་བཙས་པས་འོ་ཞོ་རྒྱ་མཚོར་འགྲན།།
བསམ་དོན་འགྲུབ་པའི་གཡང་གི་བུ་ཕྲུག་འདི།།
ཆེད་དུ་བསུ་བའི་དགའ་སྟོན་ཕུན་སུམ་ཚོགས།།
 
ཕ་མ་གཉིས་ཀ་ཡུལ་གྲུ་གཞན་ཕྱིན་ནས།།
རྒྱུ་དང་ལོངས་སྤྱོད་འཚོལ་བའི་ཁུལ་ཙམ་གྱིས།།
དགོས་དོན་ཀུན་འབྱུང་སྔོན་མེད་ལྷུན་འགྲུབ་འདི།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
ཅོ་ཅོང་ལ་སོགས་ས་ཞིང་ཐམས་ཅད་ལ།།
གྲོ་སྣ་མི་གཅིག་ས་བོན་གསར་འདེམ་བཏབ།།
སྐྱེས་ཚུལ་བཟང་ཞིང་ལོ་ལེགས་བྱུང་བ་འདི།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
ཁྱིམ་འདི་སྐྱིད་པའི་ཁང་བཟང་གསར་བ་ནི།།
ཕྱི་མཛེས་ནང་གཙང་དགའ་སྤྲོའི་ཉམས་ཤར་ཡང་།།
གསར་དུ་བསྐྲུན་པའི་ཁང་མིག་གྱན་དྲུག་འདི།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
འཕྲུལ་གྱིས་བགྲོད་པའི་དེང་རབས་རྟ་མཆོག་གི།
འཚེར་བའི་སྒྲ་ནི་པང་པང་ཟེར་བ་ལ།།
ཞོན་ན་གཟི་འོད་ལྡན་པ་ཉོས་པ་ཡང་།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
སྐེ་ཙེ་མེ་ཏོག་གསེར་བྱེ་བརྡལ་བའི་གཟིས།།
རྟ་བདུན་དབང་པོའི་མིག་དབང་འཕྲོག་པ་དང་།།
གསེར་འབྲུ་ཁུ་བས་རྫ་མ་བཀང་པ་ཡང་།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
རྟ་མགྲིན་རྟ་སྐད་བཞད་པའི་བྱིན་མཐུ་ལས།།
དབང་རྒྱལ་ཞེས་པའི་བུ་ཕྲུག་འདི་སྐྱེས་པར།།
ཚེ་དང་བསོད་ནམས་དཔལ་འབྱོར་ལྡན་པ་དང་།།
འདོད་པའི་དོན་ཀུན་ཆོས་བཞིན་འགྲུབ་པར་སྨོན།།
 
བཟང་གྲོགས་གཉིས་ཀྱི་ཉིན་ཁའི་་ཁ་བརྡ་ལ།།
གཡང་གི་བུ་ཕྲུག་སྐྱེས་པའི་སྔ་ལྟས་གླེང་།།
སྔོན་གནས་རྗེས་དྲན་བྱེད་པའི་ཚུལ་འདི་ནི།།
ཕུན་གྱིས་ཡིག་གཟུགས་བཀོད་པ་འདི་ལེགས་སོ།།
   སྤྱི་ལོ་ཉིས་སྟོང་བདུན་ལོའི་ཟླ་བཅུ་བའི་ཚེས་དྲུག་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡང་གི་བྱིས་པའི་བསོད་ནམས་ཞེས་བྱ་བ།

2012-10-06 ཧོར་གྲོལ་བ་ཕུན་ཚོགས། ཀློག་གྲངས། མཆན ཡོད།


བློ་དང་ལྡན་པས་བོད་ཀྱི་བཟོ་རིག་གི།
བཟང་པའི་ལེགས་ཆ་པིར་གྱིས་བཞེངས་པའི་སྐུ།།
རྒྱ་བོད་དད་ལྡན་རྣམས་ཀྱི་ལྷ་ཁང་དུ།།
མཚོ་སྐྱེས་པདྨོ་བཞིན་དུ་མཛེས་པར་བསྐྲུན།།
 
མེ་ཕག་ལོ་ཡི་སྐྱ་རངས་གསར་བ་ཡིས།།
རེ་བདུན་ལོན་པའི་རྒན་རྒོན་བཟའ་ཟླ་ལ།།
བདེ་སྐྱིད་ཉི་གཞོན་རྟ་བདུན་གྱིས་དྲངས་ཏེ།།
བྱ་བ་ཡར་འགྲོའི་དགེ་མཚན་སྣ་ཚོགས་བྱུང་།།
 
པན་ཆེན་བཅུ་བ་དངོས་བྱོན་བཞུགས་པའི་ཁྲི།།
མ་བསྒྲིགས་ངང་གིས་ཁྱིམ་འདིའི་རྟེན་དུ་གྱུར།།
དེ་ཡི་མཐུ་དང་རྟེན་འབྲེལ་བསླུ་མེད་ཀྱིས།།
ཉེ་འབྲེལ་ཟབ་པའི་བཀྲ་ཤིས་ཁྱིམ་འདིར་བསུས།།
 
བཀྲ་ཤིས་སྒྲོལ་མའི་འཇིག་རྟེན་སྣང་པ་ནི།།
འོ་མའི་མཚོ་ལ་ཟླ་བ་ཤར་བ་བཞིན།།
མཛའ་བརྩེ་ཟབ་མོ་ངང་བ་ལྟ་བུ་ལ།།
འདོད་པའི་དོན་གྱི་བུ་ཞིག་སྦྲུམ་དུ་ཆགས།།
 
འབད་པ་མ་བསྟེན་སྒོ་ཕྱུགས་མཛོ་མོ་ལ།།
བིས་ཤིག་བཙས་པས་འོ་ཞོ་རྒྱ་མཚོར་འགྲན།།
བསམ་དོན་འགྲུབ་པའི་གཡང་གི་བུ་ཕྲུག་འདི།།
ཆེད་དུ་བསུ་བའི་དགའ་སྟོན་ཕུན་སུམ་ཚོགས།།
 
ཕ་མ་གཉིས་ཀ་ཡུལ་གྲུ་གཞན་ཕྱིན་ནས།།
རྒྱུ་དང་ལོངས་སྤྱོད་འཚོལ་བའི་ཁུལ་ཙམ་གྱིས།།
དགོས་དོན་ཀུན་འབྱུང་སྔོན་མེད་ལྷུན་འགྲུབ་འདི།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
ཅོ་ཅོང་ལ་སོགས་ས་ཞིང་ཐམས་ཅད་ལ།།
གྲོ་སྣ་མི་གཅིག་ས་བོན་གསར་འདེམ་བཏབ།།
སྐྱེས་ཚུལ་བཟང་ཞིང་ལོ་ལེགས་བྱུང་བ་འདི།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
ཁྱིམ་འདི་སྐྱིད་པའི་ཁང་བཟང་གསར་བ་ནི།།
ཕྱི་མཛེས་ནང་གཙང་དགའ་སྤྲོའི་ཉམས་ཤར་ཡང་།།
གསར་དུ་བསྐྲུན་པའི་ཁང་མིག་གྱན་དྲུག་འདི།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
འཕྲུལ་གྱིས་བགྲོད་པའི་དེང་རབས་རྟ་མཆོག་གི།
འཚེར་བའི་སྒྲ་ནི་པང་པང་ཟེར་བ་ལ།།
ཞོན་ན་གཟི་འོད་ལྡན་པ་ཉོས་པ་ཡང་།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
སྐེ་ཙེ་མེ་ཏོག་གསེར་བྱེ་བརྡལ་བའི་གཟིས།།
རྟ་བདུན་དབང་པོའི་མིག་དབང་འཕྲོག་པ་དང་།།
གསེར་འབྲུ་ཁུ་བས་རྫ་མ་བཀང་པ་ཡང་།།
གཡང་གི་བུ་ཕྲུག་བསོད་ནམས་ཉིད་ལས་བྱུང་།།
 
རྟ་མགྲིན་རྟ་སྐད་བཞད་པའི་བྱིན་མཐུ་ལས།།
དབང་རྒྱལ་ཞེས་པའི་བུ་ཕྲུག་འདི་སྐྱེས་པར།།
ཚེ་དང་བསོད་ནམས་དཔལ་འབྱོར་ལྡན་པ་དང་།།
འདོད་པའི་དོན་ཀུན་ཆོས་བཞིན་འགྲུབ་པར་སྨོན།།
 
བཟང་གྲོགས་གཉིས་ཀྱི་ཉིན་ཁའི་་ཁ་བརྡ་ལ།།
གཡང་གི་བུ་ཕྲུག་སྐྱེས་པའི་སྔ་ལྟས་གླེང་།།
སྔོན་གནས་རྗེས་དྲན་བྱེད་པའི་ཚུལ་འདི་ནི།།
ཕུན་གྱིས་ཡིག་གཟུགས་བཀོད་པ་འདི་ལེགས་སོ།།
   སྤྱི་ལོ་ཉིས་སྟོང་བདུན་ལོའི་ཟླ་བཅུ་བའི་ཚེས་དྲུག་ལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།