ཨ་མཚར་མཚར་དགུ།


མི་མཇེད་སྲིད་པའི་སྣང་ཚུལ་སྒྱུ་མའི་གར། །
ཉེར་གཅིག་དུས་ཀྱི་འཕོ་འགྱུར་གདོན་འདྲེའི་འཕྲུལ། །
གཡོ་ལྷད་ཚུལ་འཆོས་ཀུན་གྱིས་རྩེར་འཛིན་པ།།
འཕེལ་འགྱུར་དུས་ཀྱི་མཚན་མ་ཨ་རེ་མཚར། །
 
གཟུ་བོའི་བློ་ལ་བདེན་པའི་སྐལ་མ་བྱིན། །
སྲོང་བོའི་གཏམ་ལ་འཐད་པའི་ལན་མ་འབྱོར། །
བདེན་རྫུན་དབང་དང་འབྱོར་པས་ཐག་གཅོད་པ། །
ཁྲིམས་ལ་དྲང་བདེན་མི་མཁོ་ཨ་རེ་མཚར། །
 
ངག་ནས་མི་མཛེས་ར་མ་ལུག་གི་སྐད། །
ལུས་ལ་མི་སྤམ་ཡ་མ་ཟུང་གི་ཆས། །
རང་གི་ལྟོ་ལ་རང་གིས་དུག་ལྡུག་པ། །
དུས་བསྟུན་གོམ་པའི་སྟངས་སྟབས་ཨ་རེ་མཚར། །
 
ལ་རྒྱའི་ཁུ་ཚུར་སྤུན་ཟླའི་ཀླད་ན་བསྐོར། །
སྤོབས་པའི་ཀི་རིང་ཉལ་ཆས་སྦུག་ནས་འདེབས། །
ཕྱི་འཇམ་ནང་རྩུབ་གྲོད་པུའི་རྟུལ་བཞུགས་ཅན། །
༼ཞབས་འདྲེན་ངོ་སོར་རློམས་པ༽ཨ་རེ་མཚར། །
 
མི་ཁྱིམ་སྲོག་བཞིན་སྲུང་བའི་བྱས་པ་ཅན། །
རྐུན་ཇག་ཕས་རྒོལ་འཇོམས་པའི་དྲིན་པོ་ཆེ། །
སྒོ་ཁྱི་རིན་དུ་བྲིན་ན་འཚོང་བྱེད་པ། །
བོད་མའི་ཁྲེལ་དང་ལས་འབྲས་ཨ་རེ་མཚར། །
 
རྡོ་རིགས་ལྕགས་རིགས་འདོགས་པའི་གླེན་རྟགས་ཅན། །
དུད་འགྲོའི་ཤུན་ལྤགས་མཛེས་པའི་རྒྱན་དུ་རློམས། །
ཀླ་ཀློ་རྗེས་ལུས་གྲོགས་སུ་བརྟེན་བྱེད་པ། །
ཐུན་མིན་མཛེས་དཔྱོད་ལྟ་བ་ཨ་རེ་མཚར། །
 
དབང་དང་འབྱོར་པའི་བསླུ་བྲིད་སྨྱོན་པའི་གར། །
ཁེ་དང་གྲགས་པའི་དོན་དུ་སྲོག་ཀྱང་གཏོང་། །
ལུས་སེམས་གཉིས་ལ་ཁེ་ཕན་ཉག་ཕྲ་བ། །
ཉེར་གཅིག་དུས་ཀྱི་རེ་སྙེགས་ཨ་རེ་མཚར། །
 
དཔྱོད་མེད་རིག་པའི་གནས་ལ་རྨོངས་ཚོད་བྱེད། །
རྟོགས་པས་མ་ཟིན་ཡིན་མིན་ཕྱིན་ཅི་སློག །
སྐྱེས་སྦྱངས་རིག་སྟོབས་དམན་པའི་ང་རྒྱལ་ཅན། །
རང་ཚོད་རང་གིས་མ་དཔོག་ཨ་རེ་མཚར། །
 
སྲོལ་རྒྱུན་ཐན་དུ་ལྟ་བའི་གསར་དད་གཅིག །
མེས་པོ་ལྷ་རུ་མཐོང་བའི་རྙིང་ཞེན་གཉིས། །
བལྟ་ས་གཅིག་ལ་མཐོང་ལུགས་མི་འདྲ་བ། །
འཇིག་རྟེན་སྐྱེ་བོའི་བློ་མིག་ཨ་རེ་མཚར། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མཚར་མཚར་དགུ།

2012-09-22 འུག་པ། ཀློག་གྲངས། མཆན ཡོད།


མི་མཇེད་སྲིད་པའི་སྣང་ཚུལ་སྒྱུ་མའི་གར། །
ཉེར་གཅིག་དུས་ཀྱི་འཕོ་འགྱུར་གདོན་འདྲེའི་འཕྲུལ། །
གཡོ་ལྷད་ཚུལ་འཆོས་ཀུན་གྱིས་རྩེར་འཛིན་པ།།
འཕེལ་འགྱུར་དུས་ཀྱི་མཚན་མ་ཨ་རེ་མཚར། །
 
གཟུ་བོའི་བློ་ལ་བདེན་པའི་སྐལ་མ་བྱིན། །
སྲོང་བོའི་གཏམ་ལ་འཐད་པའི་ལན་མ་འབྱོར། །
བདེན་རྫུན་དབང་དང་འབྱོར་པས་ཐག་གཅོད་པ། །
ཁྲིམས་ལ་དྲང་བདེན་མི་མཁོ་ཨ་རེ་མཚར། །
 
ངག་ནས་མི་མཛེས་ར་མ་ལུག་གི་སྐད། །
ལུས་ལ་མི་སྤམ་ཡ་མ་ཟུང་གི་ཆས། །
རང་གི་ལྟོ་ལ་རང་གིས་དུག་ལྡུག་པ། །
དུས་བསྟུན་གོམ་པའི་སྟངས་སྟབས་ཨ་རེ་མཚར། །
 
ལ་རྒྱའི་ཁུ་ཚུར་སྤུན་ཟླའི་ཀླད་ན་བསྐོར། །
སྤོབས་པའི་ཀི་རིང་ཉལ་ཆས་སྦུག་ནས་འདེབས། །
ཕྱི་འཇམ་ནང་རྩུབ་གྲོད་པུའི་རྟུལ་བཞུགས་ཅན། །
༼ཞབས་འདྲེན་ངོ་སོར་རློམས་པ༽ཨ་རེ་མཚར། །
 
མི་ཁྱིམ་སྲོག་བཞིན་སྲུང་བའི་བྱས་པ་ཅན། །
རྐུན་ཇག་ཕས་རྒོལ་འཇོམས་པའི་དྲིན་པོ་ཆེ། །
སྒོ་ཁྱི་རིན་དུ་བྲིན་ན་འཚོང་བྱེད་པ། །
བོད་མའི་ཁྲེལ་དང་ལས་འབྲས་ཨ་རེ་མཚར། །
 
རྡོ་རིགས་ལྕགས་རིགས་འདོགས་པའི་གླེན་རྟགས་ཅན། །
དུད་འགྲོའི་ཤུན་ལྤགས་མཛེས་པའི་རྒྱན་དུ་རློམས། །
ཀླ་ཀློ་རྗེས་ལུས་གྲོགས་སུ་བརྟེན་བྱེད་པ། །
ཐུན་མིན་མཛེས་དཔྱོད་ལྟ་བ་ཨ་རེ་མཚར། །
 
དབང་དང་འབྱོར་པའི་བསླུ་བྲིད་སྨྱོན་པའི་གར། །
ཁེ་དང་གྲགས་པའི་དོན་དུ་སྲོག་ཀྱང་གཏོང་། །
ལུས་སེམས་གཉིས་ལ་ཁེ་ཕན་ཉག་ཕྲ་བ། །
ཉེར་གཅིག་དུས་ཀྱི་རེ་སྙེགས་ཨ་རེ་མཚར། །
 
དཔྱོད་མེད་རིག་པའི་གནས་ལ་རྨོངས་ཚོད་བྱེད། །
རྟོགས་པས་མ་ཟིན་ཡིན་མིན་ཕྱིན་ཅི་སློག །
སྐྱེས་སྦྱངས་རིག་སྟོབས་དམན་པའི་ང་རྒྱལ་ཅན། །
རང་ཚོད་རང་གིས་མ་དཔོག་ཨ་རེ་མཚར། །
 
སྲོལ་རྒྱུན་ཐན་དུ་ལྟ་བའི་གསར་དད་གཅིག །
མེས་པོ་ལྷ་རུ་མཐོང་བའི་རྙིང་ཞེན་གཉིས། །
བལྟ་ས་གཅིག་ལ་མཐོང་ལུགས་མི་འདྲ་བ། །
འཇིག་རྟེན་སྐྱེ་བོའི་བློ་མིག་ཨ་རེ་མཚར། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།