དཀར་ནག་གི་རྩེ་ར།


ང་དང་ཉི་མའི་བར་ཐག་རིང་ན་ཡང་།།
ཚ་བའི་དྲོད་དམར་སུས་ཀྱང་འགོག་ནུས་མིན།།
ལས་ཀྱི་བསྐོས་པའི་བྱམས་པར་བྲལ་ནའང་།།
དམར་ཆུང་སྙིང་ལ་ཉེ་རིང་གཏན་ནས་མེད།།

ནུ་ཞོ་ཁ་རུ་ཁྱེར་ནས་ད་བར་དུ།།
རེ་བ་སྣུམ་པོའི་བུ་ཞིག་ཡིན་པར་འདོད།།
དཀར་ནག་དུག་གིས་སྒྲིབ་པའི་རྩེ་ར་ནས།།
གློ་བུར་བྱིས་བློའི་དྲི་མ་རླུང་གིས་ཁྱེར།།

གོ་ལའི་སྒང་གཞུང་གོམ་པས་བཙན་གྱིས་གཞལ།།
ཆོད་མེད་ལས་ཀྱི་དེད་ནས་ཕྱིར་ལ་ཐོན།།
དུས་ཀྱི་བུ་མོར་དྲན་པས་སྔ་མ་སྐྱེས།།
ལོ་གསུམ་ཆར་བ་བབས་ནས་ཡུལ་ཁམས་འཇིག།

རྡོག་པའི་མལ་དུ་བརྫིས་པའི་ནོར་འཛིན་མར།།
མི་གཙང་རྫས་ཀྱིས་གདོང་ཁེབས་བྱས་ན་ཡང་།།
སྐྱིད་སྡུག་གཉིས་ཀྱི་ལས་ལ་མི་རྨོངས་བའི།།
བློ་ཡི་སྤོབས་པ་འདི་ལ་མཚར་སྣང་སྐྱེས།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཀར་ནག་གི་རྩེ་ར།

2012-09-22 ཁྲ་གངས་ཚེར། ཀློག་གྲངས། མཆན ཡོད།


ང་དང་ཉི་མའི་བར་ཐག་རིང་ན་ཡང་།།
ཚ་བའི་དྲོད་དམར་སུས་ཀྱང་འགོག་ནུས་མིན།།
ལས་ཀྱི་བསྐོས་པའི་བྱམས་པར་བྲལ་ནའང་།།
དམར་ཆུང་སྙིང་ལ་ཉེ་རིང་གཏན་ནས་མེད།།

ནུ་ཞོ་ཁ་རུ་ཁྱེར་ནས་ད་བར་དུ།།
རེ་བ་སྣུམ་པོའི་བུ་ཞིག་ཡིན་པར་འདོད།།
དཀར་ནག་དུག་གིས་སྒྲིབ་པའི་རྩེ་ར་ནས།།
གློ་བུར་བྱིས་བློའི་དྲི་མ་རླུང་གིས་ཁྱེར།།

གོ་ལའི་སྒང་གཞུང་གོམ་པས་བཙན་གྱིས་གཞལ།།
ཆོད་མེད་ལས་ཀྱི་དེད་ནས་ཕྱིར་ལ་ཐོན།།
དུས་ཀྱི་བུ་མོར་དྲན་པས་སྔ་མ་སྐྱེས།།
ལོ་གསུམ་ཆར་བ་བབས་ནས་ཡུལ་ཁམས་འཇིག།

རྡོག་པའི་མལ་དུ་བརྫིས་པའི་ནོར་འཛིན་མར།།
མི་གཙང་རྫས་ཀྱིས་གདོང་ཁེབས་བྱས་ན་ཡང་།།
སྐྱིད་སྡུག་གཉིས་ཀྱི་ལས་ལ་མི་རྨོངས་བའི།།
བློ་ཡི་སྤོབས་པ་འདི་ལ་མཚར་སྣང་སྐྱེས།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།