གསར་བརྩམས་དེང་རབས་དམངས་གཞས།

ཁ་སང་གསར་དུ་བཙུགས་པའི། །  འོག་མིན་གསོལ་ཚིགས་ཁང་ཆེན། །
རྒྱ་ཟས་ལེ་འུ་བཅོ་བརྒྱད། །  བྲོ་ལྡན་ལྷ་ཟས་ཡིན་ཟེར། །
 
མིང་ཅན་ལྷ་ཟས་བཏགས་པས། །  ཟ་འདོད་བློ་ཡིས་མ་བཞག །
འཚབ་འཚུབ་གོམ་པའི་འདེག་འཇོག །  ཟ་ཁང་ཕྱོགས་སུ་ཤོར་སོང་། །
 
ཟ་ཁང་སྒོ་ཁར་འབྱོར་དུས། །  སྐྱག་སྦྲང་བསུ་མར་འོང་ནས། །
ལྡིང་སྐོར་ལིང་ལིང་བྱེད་བཞིན། །  ཡར་ཕེབས་ཡར་ཕེབས་ཟེར་གྱིས། །
 
དེང་རབས་ཚན་རིག་ལག་རྩལ། །  འཕེལ་རྒྱས་ཆེ་རང་དྲགས་ནས། །
སེམས་མེད་སྦྲང་མའི་ཚོགས་ཀྱང་། །  བྲན་དུ་བཀོལ་བ་ཨེ་ཡིན། །
 
ཚལ་ཐོ་ཆེ་མདོག་ཁ་པོ། །  ཚལ་རིགས་འབེལ་མདོག་ཁ་པོ། །
ཟས་རིགས་བཞི་བརྒྱ་ཐམ་པ། །  ནད་རིགས་བཞི་བརྒྱའི་སྣ་འདྲེན། །
 
ཞབས་ཞུའི་ཨ་ཅག་མཛེས་མ། །  གླུ་སྐད་སང་སང་མ་གནང་། །
ཐར་ཐོར་ཁ་ཆུའི་ཐིགས་པ། །  ཟ་མའི་ནང་ལ་སྟོར་གིས། །
 
ཨར་ཁང་།
ཨར་ཁང་ཨར་ཁང་ཟེར་བ། །  སྨྱོན་པས་སྨྱོ་ཆུ་འཐུང་ས། །
གླེན་པས་གླེན་རྟགས་ངོམ་ས། །  ཉམ་ཆུང་འགྲོ་སྟངས་ཤོར་ས། །
 
གློག་འོད་སྣ་ཚོགས་འོག་ལ། །  མི་སྨྱོན་འཁྱམས་པོ་ཁྱུ་གཅིག །
སྨན་ལོག་ཐེབ་པ་ཇི་བཞིན། །  རྐང་འཁྲབ་ལག་འཁྲབ་བྱེད་ཀྱིས། །
 
ད་གིན་བར་སྐོར་ནང་གི །  སྐུ་ཞབས་སངས་རྒྱས་གསོན་པོ། །
དོ་ནུབ་ཨར་ཁང་ནང་ལ། །  ཆང་གི་རྐྱལ་པར་རྫུས་འདུག །
 
མིག་ཟུར་བལྟ་ནོར་ཞིག་གིས། །  ཁམས་པའི་ཕོ་གསར་རྒོད་པོ། །
བར་འདུམ་བཅུ་ཕྲག་དཀྱིལ་ནས། །  ངར་མདོག་སྟག་རྒོད་ཤོར་ཤོར། །
 
ཨ་རག་འཐུང་གིན་འཐུང་གིན། །  སྐྱུག་པ་སྐྱུག་གིན་སྐྱུག་གིན། །
ཤེལ་དམ་མང་རུ་མང་རུ། །  དངུལ་ལོར་ཉུང་རུ་ཉུང་རུ། །
 
ཞབས་དག་རྒྱག་རྐྱང་བྱས་པས། །  དངུལ་ལོར་ལེན་རྐྱང་བྱེད་ཀྱིས། །
སྦ་ཁུག་སྟོང་རྐྱང་ཆགས་དུས། །  ཕྱི་ལ་འབུད་རྐྱང་བྱེད་ཀྱིས། །
 
སྨན་ཁང་།
ནད་རིགས་བཞི་བརྒྱའི་ཁ་གནོན། །  གོས་དཀར་ལྷ་ཡི་ཕོ་ཉ། །
བྱམས་བརྩེའི་འཛུམ་དཀར་སྟོན་ས། །  དབང་དང་འབྱོར་པ་རེད་འདུག །
 
ཨིམ་ཆི་ནོར་གྱིས་བཟི་ཞིང་། །  ནད་པ་རྒྱུ་ཡིས་དབུལ་བས། །
ནད་ངོ་མ་ཆོད་གོང་ནས། །  སྦ་ཁུག་སྟོང་རྐྱང་བཟོ་གིས། །
 
བརྙན་འཕྲིན་བརྡ་ཁྱབ་ནང་གི །  འཆི་མེད་ཚེ་ཡི་རིལ་བུ། །
ནད་པའི་ཁ་ལ་བཟའ་དུས། །  འཆི་བདག་གཤིན་རྗེའི་ཞགས་པ། །
 
ནད་པ་རྨོངས་དད་ཆེ་དྲགས། །  ཨིམ་ཆི་སྨན་ལྷར་བརྩིས་ཀྱང་། །
ཨིམ་ཆི་རྒྱུ་དད་ཆེ་དྲགས། །  ནད་པ་ནོར་ལྷར་བརྩི་གིས། །
 
རང་ལུས་འདོམ་གང་གྲུ་བཞི། །  རྒྱང་འབེན་རང་ནི་མ་རེད། །
ཨིམ་ཆིའི་ཕྱག་གི་སྨན་ཁབ། །  གང་བྱུང་བཙུགས་པ་མ་གནང་། །
 
ལུས་ནད་སེལ་བའི་ཆེད་དུ། །  ཨིམ་ཆི་བརྟེན་པར་ཕྱིན་པས། །
ཨིམ་ཆིའི་གཤེ་གཤེ་གཅིག་གིས། །  སྙིང་ནད་ཡང་ཡང་སློང་གིས། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསར་བརྩམས་དེང་རབས་དམངས་གཞས།

2012-09-15 འུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།