༢༠༡༢ལོའི་ཆར་བ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-11


ཆར་བ་འདི་ཕྱོགས་བཞིའི་དཔུང་ཆེན་ཐོན་འདྲ། །
ཚེ་སྲོག་གི་དབང་རྩ་ཐག་ཐག་གཏུབས་སོང་། །

ཆར་བ་འདི་རང་བྱུང་ཁྲུས་ཆུ་གཏོར་འདྲ། །
རྫི་མོ་ཚོའི་གོང་འདབས་གཙང་མར་བཀྲུས་སོང་། །

ཆར་བ་འདི་ལྷ་མོའི་སྤྱན་ཆབ་ཤོར་འདྲ། །
སྨྲེང་སེམས་ཀྱི་གདུང་གླུས་འདི་རང་བསླད་འདུག །

ཆར་བ་འདི་ཕྱོགས་ཆད་མགྲོན་པོ་ཐོན་འདྲ། །
མཚན་གུང་ལ་སྒོ་གླེགས་ཁྲོག་ཁྲོག་རྡུང་བྱུང་། །

ཆར་བ་འདི་གཟས་ཏེ་ལམ་ལ་སྡང་འདྲ། །
དེ་རིང་ཡང་རྐང་ཞབས་འདམ་ཆུ་མེར་རེ། །

ཆར་བ་འདི་འུ་ཚོར་ལས་ཀྱིས་བསྐོས་འདྲ། །
དེ་རིང་ཡང་ཕྱི་ན་ཤག་ཤག་ཤག་ཤག །

ཆར་བ་འདི་ཕྱིར་དྲན་ཟབ་ཤོས་ཤིག་རེད། །
ཆུང་འདྲིས་ཀྱི་མིག་ཀོང་ག་ལེར་མཐོང་ཡོང་། །

ཆར་བ་འདི་སྔོན་བྱུང་གཏམ་རྒྱུད་ཅིག་རེད། །
ཕ་མེས་ཀྱི་ཆུ་ཕྱིང་ཡང་ཡང་དྲན་སོང་། །

ཆར་བ་འདི་རྨི་ལམ་རིང་ཤོས་ཤིག་རེད། །
དབྱར་ཁ་འདིའི་དགའ་སྐྱོ་ཧྲིལ་གྱིས་མཚོན་འདུག །

ཆར་བ་འདི་ཡིད་བརྙན་ཡག་ཤོས་ཤིག་རེད། །
བརླན་བསིལ་གྱི་ཡལ་ག་སྙིང་དུ་སྐྱེས་བྱུང་། །

ཆར་བ་འདི་ནམ་མཁའི་གཅིན་པ་ཙམ་རེད། །
མི་ཡུལ་གྱི་ཆགས་སྲེད་ཆར་བསྐྱེད་བྱུང་། །

ཆར་བ་འདི་ཆུ་རླངས་ཐོལ་བུ་ཞིག་ཡིན། །
གྲང་ངར་གྱི་སྤུ་གྲིས་ཁོ་རང་གཙབས་སོང་། །
                   ༢༠༡༢ལོའི་ཟླ༩བར་ལན་གྲུ་རུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༢ལོའི་ཆར་བ།

2012-09-11 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།


ཆར་བ་འདི་ཕྱོགས་བཞིའི་དཔུང་ཆེན་ཐོན་འདྲ། །
ཚེ་སྲོག་གི་དབང་རྩ་ཐག་ཐག་གཏུབས་སོང་། །

ཆར་བ་འདི་རང་བྱུང་ཁྲུས་ཆུ་གཏོར་འདྲ། །
རྫི་མོ་ཚོའི་གོང་འདབས་གཙང་མར་བཀྲུས་སོང་། །

ཆར་བ་འདི་ལྷ་མོའི་སྤྱན་ཆབ་ཤོར་འདྲ། །
སྨྲེང་སེམས་ཀྱི་གདུང་གླུས་འདི་རང་བསླད་འདུག །

ཆར་བ་འདི་ཕྱོགས་ཆད་མགྲོན་པོ་ཐོན་འདྲ། །
མཚན་གུང་ལ་སྒོ་གླེགས་ཁྲོག་ཁྲོག་རྡུང་བྱུང་། །

ཆར་བ་འདི་གཟས་ཏེ་ལམ་ལ་སྡང་འདྲ། །
དེ་རིང་ཡང་རྐང་ཞབས་འདམ་ཆུ་མེར་རེ། །

ཆར་བ་འདི་འུ་ཚོར་ལས་ཀྱིས་བསྐོས་འདྲ། །
དེ་རིང་ཡང་ཕྱི་ན་ཤག་ཤག་ཤག་ཤག །

ཆར་བ་འདི་ཕྱིར་དྲན་ཟབ་ཤོས་ཤིག་རེད། །
ཆུང་འདྲིས་ཀྱི་མིག་ཀོང་ག་ལེར་མཐོང་ཡོང་། །

ཆར་བ་འདི་སྔོན་བྱུང་གཏམ་རྒྱུད་ཅིག་རེད། །
ཕ་མེས་ཀྱི་ཆུ་ཕྱིང་ཡང་ཡང་དྲན་སོང་། །

ཆར་བ་འདི་རྨི་ལམ་རིང་ཤོས་ཤིག་རེད། །
དབྱར་ཁ་འདིའི་དགའ་སྐྱོ་ཧྲིལ་གྱིས་མཚོན་འདུག །

ཆར་བ་འདི་ཡིད་བརྙན་ཡག་ཤོས་ཤིག་རེད། །
བརླན་བསིལ་གྱི་ཡལ་ག་སྙིང་དུ་སྐྱེས་བྱུང་། །

ཆར་བ་འདི་ནམ་མཁའི་གཅིན་པ་ཙམ་རེད། །
མི་ཡུལ་གྱི་ཆགས་སྲེད་ཆར་བསྐྱེད་བྱུང་། །

ཆར་བ་འདི་ཆུ་རླངས་ཐོལ་བུ་ཞིག་ཡིན། །
གྲང་ངར་གྱི་སྤུ་གྲིས་ཁོ་རང་གཙབས་སོང་། །
                   ༢༠༡༢ལོའི་ཟླ༩བར་ལན་གྲུ་རུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།