སྡུག་གི་ཤུགས་གླུ་གྱོང་བོ།

མི་རྐང་གླིང་བུ།༼མཚོ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-03

          ཁང་སྒོའི་ཕྱི་རོལ་སྨུག་པའི་འདབ་མ་རེད།།
          སྨུག་པ་གྱོན་པའི་འདབ་མ་ལྷབ་ལྷུབ་གཡོ།།
          འདི་ལྟར་གཡོ་ཞིང་དེ་ལྟར་གཡོས་པ་ཡིས།།
          ཁྲག་རྩའི་ཟིལ་བ་རྫ་འགོའི་ཞ་ལྟར་ཆགས།།
         
           ཟླ་བའི་སྙིང་ལ་བསྲིངས་ནས་ཀི་ཞིག་བཏབ།།
          སྡུག་དང་ན་བུན་འཁོར་བའི་ཀི་ཞིག་བཏབ།།
          དེ་ནི་ཆད་རྟགས་ཤིག་གི་རླུང་འཚུབ་ཡིན།།
          རླུང་འཚུབ་གླུ་ལ་བསྒྲིལ་བའི་ཀི་ཞིག་ཡིན།།
        
          ཉི་མའི་ལག་རྡང་འཁྱོམས་ནས་སུག་བཞི་འདར།།
          རུས་དང་ཁྲག་གིས་བརླན་པའི་སུག་བཞི་འདར།།
          འདི་ནི་ལས་ཀྱིས་སྦྱིན་པའི་ཟས་ལྷག་རེད།།
          རལ་ཞིང་བཙོག་པའི་ཟས་ལྷག་རེད་དོ་ལོ།།
        
           ཉིན་དང་མཚན་དང་ལོ་དེའི་ཟླ་དང་ནི།།
          གནའ་མི་ཚང་མ་རྒས་ཤིང་ཁོག་པའི་བར།།
          ལྕགས་ཀྱི་ཞ་མོ་གྱོན་ནས་དབུས་ལ་ཐལ།།
          ར་ལྟར་གྱོང་བའི་ཞ་མོ་གྱོན་ནས་ཐལ།།
        
           རྡེག་པའི་གློ་སྙིང་འཇགས་པའི་དུང་ནས་དཀྲིགས།།
          གློ་དང་སྙིང་གི་འཇགས་པ་དུང་ནས་དཀྲིགས།།
          དཀྲིགས་ཤིང་འཁོར་བའི་ཟོ་ཆེན་ཆུ་མོའི་ཁ།།
          གནམ་ནས་བབས་པའི་ས་ཡི་དུག་ཆུ་རེད།།
 
          འདི་ནས་བརྩིས་པའི་ལོ་འཁོར་ལྔ་བཅུའི་སྔོན།།
          ནུབ་བདུད་ནག་པོ་ཤར་ལ་ཐལ་བའི་དུས།།
          གངས་རིའི་མགོ་སུག་མ་ལུས་འཆོས་པའི་དུས།།
          སྲ་ཞིང་འཐས་པའི་མགོ་སུག་འཆོས་པའི་དུས།།
 
          ཧར་གྱིས་བལྟས་ན་གནམ་ས་སྒུལ་བར་བྱས།།
          གླན་ཏེ་ཉན་ན་ཆུ་མོས་ཤུགས་རིང་འབྱིན།།
          སྒོམ་གྱིན་སྒོམ་གྱིན་སྒྲོག་ཞིག་བྲང་ལ་ཉལ།།
          དམར་བོ་ཡིན་པའི་སྒྲོག་ཞིག་བྲང་ལ་ཉལ།།
        
          ཕ་གི་རི་ན་འོད་ཅིག་འཚེར་བ་གན།།
          ཉི་འོད་འདི་ཡི་ཚབ་ཏུ་ཤར་བ་ཉིད།།
          གངས་རིའི་ཡ་ཐོད་ཆུ་ལ་མི་བརླབས་པས།།
          ཉི་མའི་ངོ་བོ་ཟླ་བར་འཕོས་པ་བཞིན།།
        
          རི་དེའི་ཚུ་རོལ་ང་ཚོའི་གནས་སྟེགས་ཡིན།།
          སྒང་འདིའི་ཕ་རོལ་ཁོ་ཚོ་བཞུགས་གནས་རེད།།
          དེ་ཡི་བར་ནི་ཆུ་ཁོལ་ནག་མོ་སྐྱོམ།།
          དེ་ལ་བཟོས་པའི་ཟམ་པ་མེད་གྲབས་བཤད།།
        
          བརྒྱ་བཤད་སྟོང་བཤད་རྩ་བ་རིན་ཐང་ཡིན།།
          ཉིན་བྲིས་ཞག་བྲིས་ཉིང་དགོས་ཡོངས་ཁྱབ་ཡིན།།
          ཡོངས་ཁྱབ་རིན་ཐང་དགོས་པ་མདོ་རྩ་ཡིན།།
          འདོ་རྩ་དེ་ནི་གླུ་ཡི་ཁུགས་པར་བསྒྲིལ།།
                  
                                      ༢༠༡༢  ༤  ༡༥


 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡུག་གི་ཤུགས་གླུ་གྱོང་བོ།

2012-09-03 མི་རྐང་གླིང་བུ།༼མཚོ་ལྷོ༽ ཀློག་གྲངས། མཆན ཡོད།

          ཁང་སྒོའི་ཕྱི་རོལ་སྨུག་པའི་འདབ་མ་རེད།།
          སྨུག་པ་གྱོན་པའི་འདབ་མ་ལྷབ་ལྷུབ་གཡོ།།
          འདི་ལྟར་གཡོ་ཞིང་དེ་ལྟར་གཡོས་པ་ཡིས།།
          ཁྲག་རྩའི་ཟིལ་བ་རྫ་འགོའི་ཞ་ལྟར་ཆགས།།
         
           ཟླ་བའི་སྙིང་ལ་བསྲིངས་ནས་ཀི་ཞིག་བཏབ།།
          སྡུག་དང་ན་བུན་འཁོར་བའི་ཀི་ཞིག་བཏབ།།
          དེ་ནི་ཆད་རྟགས་ཤིག་གི་རླུང་འཚུབ་ཡིན།།
          རླུང་འཚུབ་གླུ་ལ་བསྒྲིལ་བའི་ཀི་ཞིག་ཡིན།།
        
          ཉི་མའི་ལག་རྡང་འཁྱོམས་ནས་སུག་བཞི་འདར།།
          རུས་དང་ཁྲག་གིས་བརླན་པའི་སུག་བཞི་འདར།།
          འདི་ནི་ལས་ཀྱིས་སྦྱིན་པའི་ཟས་ལྷག་རེད།།
          རལ་ཞིང་བཙོག་པའི་ཟས་ལྷག་རེད་དོ་ལོ།།
        
           ཉིན་དང་མཚན་དང་ལོ་དེའི་ཟླ་དང་ནི།།
          གནའ་མི་ཚང་མ་རྒས་ཤིང་ཁོག་པའི་བར།།
          ལྕགས་ཀྱི་ཞ་མོ་གྱོན་ནས་དབུས་ལ་ཐལ།།
          ར་ལྟར་གྱོང་བའི་ཞ་མོ་གྱོན་ནས་ཐལ།།
        
           རྡེག་པའི་གློ་སྙིང་འཇགས་པའི་དུང་ནས་དཀྲིགས།།
          གློ་དང་སྙིང་གི་འཇགས་པ་དུང་ནས་དཀྲིགས།།
          དཀྲིགས་ཤིང་འཁོར་བའི་ཟོ་ཆེན་ཆུ་མོའི་ཁ།།
          གནམ་ནས་བབས་པའི་ས་ཡི་དུག་ཆུ་རེད།།
 
          འདི་ནས་བརྩིས་པའི་ལོ་འཁོར་ལྔ་བཅུའི་སྔོན།།
          ནུབ་བདུད་ནག་པོ་ཤར་ལ་ཐལ་བའི་དུས།།
          གངས་རིའི་མགོ་སུག་མ་ལུས་འཆོས་པའི་དུས།།
          སྲ་ཞིང་འཐས་པའི་མགོ་སུག་འཆོས་པའི་དུས།།
 
          ཧར་གྱིས་བལྟས་ན་གནམ་ས་སྒུལ་བར་བྱས།།
          གླན་ཏེ་ཉན་ན་ཆུ་མོས་ཤུགས་རིང་འབྱིན།།
          སྒོམ་གྱིན་སྒོམ་གྱིན་སྒྲོག་ཞིག་བྲང་ལ་ཉལ།།
          དམར་བོ་ཡིན་པའི་སྒྲོག་ཞིག་བྲང་ལ་ཉལ།།
        
          ཕ་གི་རི་ན་འོད་ཅིག་འཚེར་བ་གན།།
          ཉི་འོད་འདི་ཡི་ཚབ་ཏུ་ཤར་བ་ཉིད།།
          གངས་རིའི་ཡ་ཐོད་ཆུ་ལ་མི་བརླབས་པས།།
          ཉི་མའི་ངོ་བོ་ཟླ་བར་འཕོས་པ་བཞིན།།
        
          རི་དེའི་ཚུ་རོལ་ང་ཚོའི་གནས་སྟེགས་ཡིན།།
          སྒང་འདིའི་ཕ་རོལ་ཁོ་ཚོ་བཞུགས་གནས་རེད།།
          དེ་ཡི་བར་ནི་ཆུ་ཁོལ་ནག་མོ་སྐྱོམ།།
          དེ་ལ་བཟོས་པའི་ཟམ་པ་མེད་གྲབས་བཤད།།
        
          བརྒྱ་བཤད་སྟོང་བཤད་རྩ་བ་རིན་ཐང་ཡིན།།
          ཉིན་བྲིས་ཞག་བྲིས་ཉིང་དགོས་ཡོངས་ཁྱབ་ཡིན།།
          ཡོངས་ཁྱབ་རིན་ཐང་དགོས་པ་མདོ་རྩ་ཡིན།།
          འདོ་རྩ་དེ་ནི་གླུ་ཡི་ཁུགས་པར་བསྒྲིལ།།
                  
                                      ༢༠༡༢  ༤  ༡༥


 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།