འདུར་རྒྱུགས་འཛུམ་བསུ་མ།
ཆོས་ཀྱི་འཛུམ་གྱིས་ཀུན་ཡིད་འཕྲོག་མ།།
དབྱངས་ཀྱི་རྒྱལ་མོ་ཀུན་གྱིས་བསྟོད་པས།།
སྐྱིད་ཀྱི་དགའ་བ་ཀུན་ལ་སྟེར་མར།།
ཕྱི་ནང་ཀུན་ཏུ་མིག་ཆུས་མཆོད་མ།།
མཛེས་མ་གཅེར་རྒྱུགས་རྐང་རིང་ཁྲོད་ནས།།
ཞྭ་མོ་དཀར་པོ་གངས་རི་འདྲ་མ།།
ནུ་ཁེབས་དམར་བོ་བྲང་ལ་སྦྱར་མ།།
རྒྱབ་ཏུ་གྲངས་ཀའི་རས་གཞི་ཁུར་མ།།
ངང་འགྲོ་བཞིན་དུ་འདུར་རྒྱུགས་མཁས་མ།།
ཏཱ་རེ་དཀར་སྔོན་འཛུམ་མདངས་སྟོན་མ།།
སྐྲ་ལོ་སེར་ནག་རྒྱང་ནས་བསྐྱུར་མ།།
གངས་ལྷ་བུ་མོ་མྱུར་མ་དཔལ་མོ།།
རིགས་ཞེན་མང་པོས་ཤུགས་རྒྱོབས་ཐོས་མ།།
དགའ་སྐྱོ་འདྲེས་མའི་མིག་ཆུ་འཁྱིལ་མ།།
ནུབ་ཕྱོགས་གླིང་ནས་སེམས་ཤུགས་འཕར་མ།།
ཟངས་རྟགས་ཐོབ་ལ་ཕྱག་འཚལ་བསྟོད་མ།།
རྒྱལ་ཁའི་འཛུམ་གྱིས་ཀུན་ཡིད་འགུག་མ།།
གངས་རིའི་བུ་མོའི་འཛུམ་གཤིས་ལྡན་མ།།
སྙན་གྲགས་འཛམ་གླིང་ཀུན་ལ་ཁྱབ་མ།།
གངས་དཀར་བུ་མོའི་ཞབས་ལ་ཕྱག་འཚལ་བསྟོད།།
རྩོམ་ཁུངས། ངེད་དྲ་བ།