ཞེ་གཏིང་གི་འཁུན་སྒྲ།

ཤོ་ཤར་ཚེ་རིང་རྒྱལ་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-19


སེམས་ཀྱི་རྟ་ཕོ་ལུས་ཀྱི་སྲབ་ཀྱིས་བཅུན།།
ལུས་ཀྱི་སྲབ་ཐག་ལས་ཀྱི་མི་བུས་འཁྱེན།།
ལས་ཀྱི་མི་བུ་སེམས་ཀྱི་རྟ་ཕོར་བཞོན།།
བཞོན་པའི་མཐའ་མ་འཁོར་བའི་ཐང་རུ་ལུས།།
 
གཞན་གྱིས་རང་གི་ལུས་ལ་ཁབ་རྩེ་ཙམ།།
བསྣུན་ཡང་སྐད་ངན་ཤོར་བའི་སྐྱེ་བོ་འདིས།།
འདོད་ཆགས་ཧམ་སེམས་ཆེན་པོས་ཕ་རོལ་གྱི།།
གཅེས་པའི་ཚེ་སྲོག་འཕྲོག་ཏེ་ཤ་བཟའ་ཅི།།
 
ནད་མེད་ཐ་མལ་བདེ་བ་ཡིན་ན་ཡང་།།
བདེ་བར་བདེ་བ་མི་གོ་མི་ཡི་རིགས།།
ཟས་སྤྱོད་རན་པར་བསྟེན་ལ་མི་སྤྲོ་བར།།
ཆང་རག་ཐ་མ་ཁ་འདིར་ཞེན་རྒྱུག་ཅི།།
 
ནོར་དག་གསོག་པ་བདེ་འདོད་ཡིན་གྱུར་ཡང་།།
འཕྱོར་ཉམས་ནོར་གྱིས་བྱུར་འདྲེན་མི་ཡི་རིགས།།
བདེ་བའི་གོ་སྐབས་དབེན་པའི་སྡུག་བསྔལ་ཁྲོད།།
ཐང་ཆད་ཧད་དེ་ལུས་པར་སྙིང་ཡང་རྗེ།།
 
 
རང་གི་ལས་དབང་རང་ལ་རག་ལུས་ཀྱང་།།
སྐྱིད་སྡུག་མོ་ལུང་ལ་རེ་བོད་ཀྱི་མི།།
ཐབས་མཁས་ཐུབ་དབང་ཁོང་གི་གསུང་མཆོག་ལ།།
ངེས་ཤེས་ཏིལ་ཙམ་མི་སྐྱེ་ཀྱེ་མ་ཧུད།།
 
རང་ནོར་ཕྱིར་འཚོང་ཚོང་གི་ཐ་ཡིན་ཡང་།།
མེས་པོའི་གཅེས་ནོར་རྐུས་ཚོང་བོད་ཀྱི་མི།།
བདེ་འདོད་སྡུག་བསྔལ་རྒྱུ་ལ་ཞེན་པ་འདི།།
ཆོས་འཇིག་ཁྲིམས་ཀྱིས་མནར་རྒྱུའི་སྔ་ལྟས་ཡིན།།
 
དབྱིན་ཡིག་རྒྱ་ཡིག་གལ་ཆེ་ཡིན་ན་ཡང་།།
དོན་རྩ་ཕ་སྐད་ལ་རྨོངས་བོད་ཀྱི་མི།།
གཞན་གྱི་ཐ་སྙད་རེ་ཟུང་ལད་མོའི་ངང་།།
བུ་མོའི་བགྲོད་སྟངས་ཤོར་བར་དགོངས་འཇག་འཚལ།།
       ཤོ་ཤར་ཚེ་རིང་རྒྱལ་པོས་༢༠༡༢ལོའི་ཟླ་བ་༧ཚེས་༢༦ཉིན།ལྷོ་ཁ་རྩེད་ཐང་གོང་པོ་རིའི་གཤམ་འདབས་སུ་སུག་འབྲི་བྱས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞེ་གཏིང་གི་འཁུན་སྒྲ།

2012-08-19 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།


སེམས་ཀྱི་རྟ་ཕོ་ལུས་ཀྱི་སྲབ་ཀྱིས་བཅུན།།
ལུས་ཀྱི་སྲབ་ཐག་ལས་ཀྱི་མི་བུས་འཁྱེན།།
ལས་ཀྱི་མི་བུ་སེམས་ཀྱི་རྟ་ཕོར་བཞོན།།
བཞོན་པའི་མཐའ་མ་འཁོར་བའི་ཐང་རུ་ལུས།།
 
གཞན་གྱིས་རང་གི་ལུས་ལ་ཁབ་རྩེ་ཙམ།།
བསྣུན་ཡང་སྐད་ངན་ཤོར་བའི་སྐྱེ་བོ་འདིས།།
འདོད་ཆགས་ཧམ་སེམས་ཆེན་པོས་ཕ་རོལ་གྱི།།
གཅེས་པའི་ཚེ་སྲོག་འཕྲོག་ཏེ་ཤ་བཟའ་ཅི།།
 
ནད་མེད་ཐ་མལ་བདེ་བ་ཡིན་ན་ཡང་།།
བདེ་བར་བདེ་བ་མི་གོ་མི་ཡི་རིགས།།
ཟས་སྤྱོད་རན་པར་བསྟེན་ལ་མི་སྤྲོ་བར།།
ཆང་རག་ཐ་མ་ཁ་འདིར་ཞེན་རྒྱུག་ཅི།།
 
ནོར་དག་གསོག་པ་བདེ་འདོད་ཡིན་གྱུར་ཡང་།།
འཕྱོར་ཉམས་ནོར་གྱིས་བྱུར་འདྲེན་མི་ཡི་རིགས།།
བདེ་བའི་གོ་སྐབས་དབེན་པའི་སྡུག་བསྔལ་ཁྲོད།།
ཐང་ཆད་ཧད་དེ་ལུས་པར་སྙིང་ཡང་རྗེ།།
 
 
རང་གི་ལས་དབང་རང་ལ་རག་ལུས་ཀྱང་།།
སྐྱིད་སྡུག་མོ་ལུང་ལ་རེ་བོད་ཀྱི་མི།།
ཐབས་མཁས་ཐུབ་དབང་ཁོང་གི་གསུང་མཆོག་ལ།།
ངེས་ཤེས་ཏིལ་ཙམ་མི་སྐྱེ་ཀྱེ་མ་ཧུད།།
 
རང་ནོར་ཕྱིར་འཚོང་ཚོང་གི་ཐ་ཡིན་ཡང་།།
མེས་པོའི་གཅེས་ནོར་རྐུས་ཚོང་བོད་ཀྱི་མི།།
བདེ་འདོད་སྡུག་བསྔལ་རྒྱུ་ལ་ཞེན་པ་འདི།།
ཆོས་འཇིག་ཁྲིམས་ཀྱིས་མནར་རྒྱུའི་སྔ་ལྟས་ཡིན།།
 
དབྱིན་ཡིག་རྒྱ་ཡིག་གལ་ཆེ་ཡིན་ན་ཡང་།།
དོན་རྩ་ཕ་སྐད་ལ་རྨོངས་བོད་ཀྱི་མི།།
གཞན་གྱི་ཐ་སྙད་རེ་ཟུང་ལད་མོའི་ངང་།།
བུ་མོའི་བགྲོད་སྟངས་ཤོར་བར་དགོངས་འཇག་འཚལ།།
       ཤོ་ཤར་ཚེ་རིང་རྒྱལ་པོས་༢༠༡༢ལོའི་ཟླ་བ་༧ཚེས་༢༦ཉིན།ལྷོ་ཁ་རྩེད་ཐང་གོང་པོ་རིའི་གཤམ་འདབས་སུ་སུག་འབྲི་བྱས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།