འབྲུག་སྐད་དེའི་སྐད་ཅིག་གཉིས་པ།

རི་རབ་ལྷུན་པོ་རྨང་ནས་ཉིལ་བའི་བར་གསེང་དེར། །
མཐའ་བཞིའི་ཆུ་གཏེར་རྦབ་ཏུ་རྒྱུག་པའི་རྡོག་སྒྲ་གང་། །
ངོམ་མེད་ལང་ཚོ་དལ་གྱིས་འཕྱོ་བའི་སྐད་ཅིག་དེར། །
ཡུལ་གྱར་རླུང་བུས་སྨྲེང་བའི་མཆི་མ་གནམ་མཐར་སྟོར། །

ལོ་མས་བསྐྱུར་ཅིང་ལྷགས་པས་གཙེས་པའི་ཁེར་རྐྱང་དེ།།
ཁོང་དུ་ཟུག་ཅིང་རུས་ལ་སིམ་པའི་ན་ཟུག་ཞིག།
དལ་གྱིས་ཡོང་ནས་ཤུགས་ཀྱིས་ལྡང་བའི་སྟངས་སྟབས་གང་།།
ཤ་མེད་རུས་པ་ལང་ཚོར་སྒོམ་པའི་ལས་དབང་ཡིན།།

དཔྱིད་རླུང་དང་པོ་འཁྱོར་བཞིན་ཡོང་བའི་དེ་མ་ཐག།
རྩྭ་ལྗང་མྱུ་གུ་ཐལ་བར་བསྲེགས་པའི་རྩེད་མཚར་འདི།།
སུ་ཡིས་ཅི་ཞིག་ཇི་ལྟར་ཉེས་ཞེས་དོགས་བཞིན་དུ།།
འདྲི་ཚིག་བང་མཛོད་འུར་གྱིས་འགེངས་པའིི་གཡབ་མོ་ཡིན།།

གདོད་མའི་གནམ་ས་ཁབ་ཀྱིས་བཙེམ་པའི་གར་སྟེགས་ན།།
རླུང་བུ་སྨྱོན་པ་ཀོ་བས་བཏུམས་པའི་ཨུ་ཚུགས་ལས།།
འབྱུང་བཞིའི་བང་བ་ཧོབ་ཀྱིས་བརྡོལ་བའི་འབྲུག་སྐད་དེས།།
ཐེད་རལ་ལང་ཚོའི་རྗེས་ཤུལ་རྙིང་བ་དལ་གྱིས་མངོན།།

ལྗང་ནིམ་ནེའུ་གསེང་དལ་གྱིས་འཁྱིལ་བའི་ཁུག་ཆ་ན།།
ཨ་མའི་སྐྲ་ལོ་རླབས་ཀྱིས་འཕྱོ་བའི་འགྱུར་ཁུགས་དེ།།
ས་མཐའི་མིག་ཟུང་ཁྲག་གིས་བརླན་པའི་ཕོག་ཐུག་སྟེ།།
གཏན་ནས་གཏན་དུ་བརྗེད་པར་སྲིད་མིན་དྲན་པའི་རྟེན།།

ཞི་འཇགས་བག་ལྷོད་གཉིད་དུ་སྦྲུམ་པའི་ཁོར་ཡུག་འདིར།།
གཡུ་འབྲུག་སྔོན་མོ་གར་དུ་རྩེན་པའི་ཐོ་ཅོ་ལས།།
སྡང་སྡིགས་མཆིལ་མའི་ཞགས་པ་རིང་མོ་མཚོར་བསྐྱིལ་བ།།
ལུས་ཀྱི་ཟུངས་ཀྱང་སེམས་ལ་བསྟིམས་པར་ཡི་རེ་ཆད།།

ཨུ་ཚུགས་ནག་པོ་ཡུན་གྱིས་འཕྱུར་བའི་བར་སྟོང་ན།།
རྫུན་ཚིག་རིང་མོའི་འགྱུར་ཁུགས་འཐེན་ལ་རབ་བྱང་བ།།
དཀར་ནག་ཤན་གྱི་མཚམས་ཐིག་འཆོལ་བའི་རང་མཚང་ལ།།
གཡོ་ཟོལ་རྫུན་གྱི་སྦ་ར་རྩུབ་མོས་ཡང་ཡང་འགེབ།།

དུ་བ་དཀར་པོ་སྤྲིན་པར་འདྲེས་པའི་སྔ་སོ་ན།།
སྨུག་ཞགས་རིང་མོ་ཤུགས་ཀྱིས་འཕངས་པའི་ཕྱི་སོ་ན།།
རི་དང་ཆུ་སོགས་གཉིད་ལས་ལྡང་བའི་བར་སྐབས་དེར།།
རང་ངོ་རང་གི་ཤེལ་སྒོར་གསལ་བའི་གདེང་ཚོད་ཡོད།།

ལག་པ་ལྕི་མོས་གང་ཞིག་འདེགས་པའི་སྔོན་རོལ་ཏུ།།
རྡོག་པ་ཡང་མོས་སུ་ཞིག་བརྫི་ལ་རབ་བྲེལ་བའི།།
བདེན་པའི་གྲིབ་གཟུགས་གྲོགས་སུ་བཀུག་པ་ལེགས་མོད་ཀྱང་།།
ཞི་བའི་རྣམ་ཤེས་རྒྱང་དུ་འཕངས་པ་ཤིན་ཏུ་ཉེས།།

ལུས་ཟུངས་སྦར་གང་རྔུལ་ཁྲག་དྭངས་མོར་བཞུས་པའི་རྒྱུན།།
འགྱུར་མེད་སེམས་ཀྱིས་གོ་ཆར་གྱོན་པའི་སྔ་གཞུག་ཏུ།།
རྡོ་རྗེའི་གདོང་ལྤགས་དགུ་བརྩེགས་རྒྱབ་ཀྱི་ལྡབ་ལྡིབ་ལས།།
སྲིད་པའི་རྩེ་ནས་ཐུར་དུ་བརྡབས་པའི་ཚོར་བ་ཞིག།

ཁ་སང་གླེང་བཞིན་ཁ་སང་བརྗེད་པའི་ཁ་སང་དང་།།
དེ་རིང་འཚོལ་བཞིན་དེ་རིང་བོར་བའི་དེ་རིང་ཞིག།
སང་ཉིན་སྒུག་ཅིང་སང་ཉིན་ཤོར་བའི་སང་ཉིན་ན།།
སླར་ཡང་གླེང་ཤིང་སླར་ཡང་འབྲི་ན་སླར་ཡང་འགྱོད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲུག་སྐད་དེའི་སྐད་ཅིག་གཉིས་པ།

2012-08-18 འུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།