སེམས་ཀྱི་གནམ་ངོ་འདི་དཀར་ཚུབ་ནག་ཚུབ།

         ༡
མི་གནས་མྱང་འདས་ལ་སྨོན་པ་ཡོད་ཀྱང་།།
མཐར་ཐུག་རྫོགས་བྱང་ལ་ཞེན་པ་ཆེ་འང་།།
ལྷ་ཆོས་ཉམས་ལེན་གྱི་དཀར་ཆོས་རྣམ་དག།།
སང་བྱ་གནང་བྱ་ཞེས་ད་དུང་ལུས་སོང་།།
        ༢
དགེ་རྒན་མིང་སྐམ་གྱི་ཐ་སྙད་དབང་གིས།།
གཟུར་གནས་སློབ་མ་ཚོས་གུས་གུས་བྱས་ཀྱང་།།
རྟོག་དཔྱོད་མཛུབ་མོ་འདི་ནང་ལ་འཛུགས་ཚེ།།
གཞན་རྒྱུད་བཏུལ་མཁན་གྱི་ཨ་ཕོ་མ་རེད།།
        ༣
གསང་སྔགས་རྫོགས་ཆེན་གྱི་བླ་མ་བསྟེན་མྱོང་།།
བཀའ་པོད་གཞུང་ལུགས་ལ་གཞིག་མདོག་བྱེད་མྱོང་།།
དེང་རབས་བསམ་བློ་བའི་གྲལ་དུ་འཚང་མྱོང་།།
སྣ་ཟིན་སྤུ་ཟིན་གྱི་ལས་ལ་བྲེལ་ལོ།།
       ༤
རིགས་གཅིག་རྐང་འཛིན་གྱི་དམ་བཅའ་མ་ཡོད།།
སྣ་མང་ཤེས་རིག་ལ་ཞེན་ཆགས་ཆེ་སོང་།།
ལྷོད་མེད་བརྩོན་འགྲུས་ཀྱི་འཇོན་ཐང་མ་ཡོད།།
མི་ཚེ་སྟོང་སེམས་ཀྱི་ནང་ནས་ཟད་སོང་།།
         ༥
སྐབས་འགར་འཁོར་བ་ལ་སྐྲག་སྣང་སྐྱེས་སོང་།།
ལན་རེར་རྣམ་གཡེང་གི་འཁོར་ལོ་བསྐོར་སོང་།།
བཅོས་མིན་ངེས་འབྱུང་གི་རིན་ཐང་མེད་པའི།།
སེམས་ཀྱི་བྱ་རྒོད་འདི་ས་འཕུར་རྡོ་འཕུར།།
         ༦
ཉམ་ཆུང་དབུལ་བོ་ལ་སྦྱིན་གཏོང་མ་ནུས།།
བསོད་ནམས་ཞིང་ལ་ས་བོན་མ་བཏབ།།
ཁོ་དང་སྦྱིན་པ་ཡི་མཛའ་གྲོགས་བར་ལ།།
སེར་སྣའི་གསར་བུ་ཡིས་བར་ཆད་བཟོས་སོང་།།
          ༧
ཉིན་རེར་སྲིང་མོར་འང་འགྲོག་ཐག་མ་ཆོད།།
ལན་རེར་དོན་མེད་དང་ཉོག་གཏམ་ལབ་མྱོངས།།
ཁོ་བོས་སོ་ཐར་གྱི་ཚུལ་ཁྲིམས་སྲུང་ཚུལ།།
བརྟགས་ཚེ་རང་ཉིད་ཀྱང་གད་མོ་འཆོར་རོ།།
           ༨
ཉིན་རེར་དགྲ་བོ་ལ་བྱམས་སེམས་སྒོམས་མྱོང་།།
ལན་རེར་གཉེན་བཤེས་ལ་ཁ་ལོག་རྒྱབ་མྱོང་།།
བཟོད་པའི་ཉམས་ལེན་ལ་གོམས་པ་ཆུང་བའི།།
སེམས་ཀྱི་གནམ་ངོ་འདི་དཀར་ཚུབ་ནག་ཚུབ།།
          ༩
ཐེངས་རེར་ཉིན་མཚན་ཀུན་དཔེ་ཀློག་རྐྱང་རྐྱང་།།
སྐབས་འགར་རྣམ་གཡེང་གི་བྱ་བ་ཁོ་ན།།
ཁོ་བོས་ཐོས་བསམ་ལ་བརྩོན་འགྲུས་བསྐྱེད་ཚུལ།།
འཇམ་དབྱངས་བླ་མ་ཡིས་གསུངས་པ་ཇི་བཞིན།།
          ༡༠
སེམས་ཀྱི་གནས་ཐབས་ལ་སྦྱང་བ་ཉུང་སོང་།།
ཀུན་རྟོག་རྟ་ཕོ་འདི་ས་ཤོར་རྡོ་ཤོར།།
ཁོ་བོ་བསམ་གཏན་ལ་མཉམ་པར་བཞག་ཚུལ།།
གཡུལ་གནས་བུ་ཆུང་གི་དཔེ་ཟླ་ངོ་མ།།
          ༡༡
སྨྲ་བསམ་བརྗོད་མེད་ཀྱི་གནས་ལུགས་གཤིས་ལ།།
དམ་པའི་མན་ངག་བཞིན་འཇོག་ན་འདོད་ཀྱང་།།
ཤེས་རབ་ཕར་ཕྱིན་གྱི་ཉམས་ལེན་ཆུང་བའི།།
ཁོ་བོའི་བྱིས་བློ་འདི་མཚན་འཛིན་ངོ་མ།།
         ༡༢
འདི་ཡིན་འདི་མིན་གྱི་བློ་སྣ་མང་སོང་།།
ཟིན་མེད་བྱིས་བློ་ལ་འགྱུར་ལྡོག་ཏག་ཏག།།
གཡོ་མེད་གཞི་གནས་ལ་གཏན་ཆ་མེད་པའི།།
ཁོ་བོའི་སེམས་པ་འདི་ལ་ཁའི་དར་ལྕོག།།
         ༡༣
འཆི་བ་འོང་སྙམ་གྱི་སེམས་ཤིག་ཡོད་ཀྱང་།།
ནམ་འཆི་ཆ་མེད་ཀྱི་བསམ་བློ་མ་ཡོད།།
ད་དུང་མུ་མཐུད་དེ་འདི་ལྟར་སོང་ཚེ།།
འགྱོད་པའི་དུས་སྐབས་ཤིག་ངེས་པར་འོང་ངེས།།
         ༡༤
གཅིག་ཏུ་མ་ངེས་པའི་བློ་སྣ་མང་བའི།།
གྲྭ་རྐྱང་བསྟན་སྨྱོན་གྱི་དམིགས་འདུན་གང་ཡིན།།
འཆི་ཚེ་འགྱོད་མེད་ཀྱི་ཉམས་ལེན་ཡོད་མེད།།
རང་གིས་རང་ཉིད་ལ་བརྟགས་པར་གྱིས་ཤིགས །
          ༡༥
རྣམ་དག་འཆི་ཆོས་ཀྱི་ཉམས་ལེན་ཟེར་བ།།
གཞན་གྱིས་བསྟོད་སྨད་ཀྱི་རྗེས་སུ་མི་འགྲོ།།
དམིགས་བཅས་བསོད་ནམས་ཀྱི་ཚོགས་བསགས་དེ་ནི།།
གཟུགས་བརྙན་ཆེ་ཆུང་གིས་དཔོག་པར་མི་ནུས།།
          ༡༦
སྡུག་བསྔལ་སྲིད་མཚོ་ལས་ཐར་འདོད་ཡོད་ན།།
རྣམ་དག་ངེས་འབྱུང་ལ་འབད་པ་མ་ལྷོད།།
མཐར་ཐུག་རྣམ་མཁྱེན་གྱི་འབྲས་བུར་སྨོན་ན།།
བྱང་ཆུབ་སེམས་མཆོག་གིས་རང་རྒྱུད་སྦྱོངས་ཤིག།།
          ༡༧
ཡུན་ཐུང་མི་ཚེ་འདི་རྨི་ལམ་ཐེངས་གཅིག།།
གཉེན་བཤེས་མཛའ་གྲོགས་འདི་ལམ་ཁའི་མགྲོན་པོ།།
འདི་ལ་ཞེན་ཆགས་རེ་ལྡོག་ན་ཆོག་གམ།།
རང་གིས་རང་ཉིད་ལ་བརྩེ་བའི་སྙིང་གཏམ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་གནམ་ངོ་འདི་དཀར་ཚུབ་ནག་ཚུབ།

2012-08-16 རྨ་མདུད་གྲོལ། ཀློག་གྲངས། མཆན ཡོད།

         ༡
མི་གནས་མྱང་འདས་ལ་སྨོན་པ་ཡོད་ཀྱང་།།
མཐར་ཐུག་རྫོགས་བྱང་ལ་ཞེན་པ་ཆེ་འང་།།
ལྷ་ཆོས་ཉམས་ལེན་གྱི་དཀར་ཆོས་རྣམ་དག།།
སང་བྱ་གནང་བྱ་ཞེས་ད་དུང་ལུས་སོང་།།
        ༢
དགེ་རྒན་མིང་སྐམ་གྱི་ཐ་སྙད་དབང་གིས།།
གཟུར་གནས་སློབ་མ་ཚོས་གུས་གུས་བྱས་ཀྱང་།།
རྟོག་དཔྱོད་མཛུབ་མོ་འདི་ནང་ལ་འཛུགས་ཚེ།།
གཞན་རྒྱུད་བཏུལ་མཁན་གྱི་ཨ་ཕོ་མ་རེད།།
        ༣
གསང་སྔགས་རྫོགས་ཆེན་གྱི་བླ་མ་བསྟེན་མྱོང་།།
བཀའ་པོད་གཞུང་ལུགས་ལ་གཞིག་མདོག་བྱེད་མྱོང་།།
དེང་རབས་བསམ་བློ་བའི་གྲལ་དུ་འཚང་མྱོང་།།
སྣ་ཟིན་སྤུ་ཟིན་གྱི་ལས་ལ་བྲེལ་ལོ།།
       ༤
རིགས་གཅིག་རྐང་འཛིན་གྱི་དམ་བཅའ་མ་ཡོད།།
སྣ་མང་ཤེས་རིག་ལ་ཞེན་ཆགས་ཆེ་སོང་།།
ལྷོད་མེད་བརྩོན་འགྲུས་ཀྱི་འཇོན་ཐང་མ་ཡོད།།
མི་ཚེ་སྟོང་སེམས་ཀྱི་ནང་ནས་ཟད་སོང་།།
         ༥
སྐབས་འགར་འཁོར་བ་ལ་སྐྲག་སྣང་སྐྱེས་སོང་།།
ལན་རེར་རྣམ་གཡེང་གི་འཁོར་ལོ་བསྐོར་སོང་།།
བཅོས་མིན་ངེས་འབྱུང་གི་རིན་ཐང་མེད་པའི།།
སེམས་ཀྱི་བྱ་རྒོད་འདི་ས་འཕུར་རྡོ་འཕུར།།
         ༦
ཉམ་ཆུང་དབུལ་བོ་ལ་སྦྱིན་གཏོང་མ་ནུས།།
བསོད་ནམས་ཞིང་ལ་ས་བོན་མ་བཏབ།།
ཁོ་དང་སྦྱིན་པ་ཡི་མཛའ་གྲོགས་བར་ལ།།
སེར་སྣའི་གསར་བུ་ཡིས་བར་ཆད་བཟོས་སོང་།།
          ༧
ཉིན་རེར་སྲིང་མོར་འང་འགྲོག་ཐག་མ་ཆོད།།
ལན་རེར་དོན་མེད་དང་ཉོག་གཏམ་ལབ་མྱོངས།།
ཁོ་བོས་སོ་ཐར་གྱི་ཚུལ་ཁྲིམས་སྲུང་ཚུལ།།
བརྟགས་ཚེ་རང་ཉིད་ཀྱང་གད་མོ་འཆོར་རོ།།
           ༨
ཉིན་རེར་དགྲ་བོ་ལ་བྱམས་སེམས་སྒོམས་མྱོང་།།
ལན་རེར་གཉེན་བཤེས་ལ་ཁ་ལོག་རྒྱབ་མྱོང་།།
བཟོད་པའི་ཉམས་ལེན་ལ་གོམས་པ་ཆུང་བའི།།
སེམས་ཀྱི་གནམ་ངོ་འདི་དཀར་ཚུབ་ནག་ཚུབ།།
          ༩
ཐེངས་རེར་ཉིན་མཚན་ཀུན་དཔེ་ཀློག་རྐྱང་རྐྱང་།།
སྐབས་འགར་རྣམ་གཡེང་གི་བྱ་བ་ཁོ་ན།།
ཁོ་བོས་ཐོས་བསམ་ལ་བརྩོན་འགྲུས་བསྐྱེད་ཚུལ།།
འཇམ་དབྱངས་བླ་མ་ཡིས་གསུངས་པ་ཇི་བཞིན།།
          ༡༠
སེམས་ཀྱི་གནས་ཐབས་ལ་སྦྱང་བ་ཉུང་སོང་།།
ཀུན་རྟོག་རྟ་ཕོ་འདི་ས་ཤོར་རྡོ་ཤོར།།
ཁོ་བོ་བསམ་གཏན་ལ་མཉམ་པར་བཞག་ཚུལ།།
གཡུལ་གནས་བུ་ཆུང་གི་དཔེ་ཟླ་ངོ་མ།།
          ༡༡
སྨྲ་བསམ་བརྗོད་མེད་ཀྱི་གནས་ལུགས་གཤིས་ལ།།
དམ་པའི་མན་ངག་བཞིན་འཇོག་ན་འདོད་ཀྱང་།།
ཤེས་རབ་ཕར་ཕྱིན་གྱི་ཉམས་ལེན་ཆུང་བའི།།
ཁོ་བོའི་བྱིས་བློ་འདི་མཚན་འཛིན་ངོ་མ།།
         ༡༢
འདི་ཡིན་འདི་མིན་གྱི་བློ་སྣ་མང་སོང་།།
ཟིན་མེད་བྱིས་བློ་ལ་འགྱུར་ལྡོག་ཏག་ཏག།།
གཡོ་མེད་གཞི་གནས་ལ་གཏན་ཆ་མེད་པའི།།
ཁོ་བོའི་སེམས་པ་འདི་ལ་ཁའི་དར་ལྕོག།།
         ༡༣
འཆི་བ་འོང་སྙམ་གྱི་སེམས་ཤིག་ཡོད་ཀྱང་།།
ནམ་འཆི་ཆ་མེད་ཀྱི་བསམ་བློ་མ་ཡོད།།
ད་དུང་མུ་མཐུད་དེ་འདི་ལྟར་སོང་ཚེ།།
འགྱོད་པའི་དུས་སྐབས་ཤིག་ངེས་པར་འོང་ངེས།།
         ༡༤
གཅིག་ཏུ་མ་ངེས་པའི་བློ་སྣ་མང་བའི།།
གྲྭ་རྐྱང་བསྟན་སྨྱོན་གྱི་དམིགས་འདུན་གང་ཡིན།།
འཆི་ཚེ་འགྱོད་མེད་ཀྱི་ཉམས་ལེན་ཡོད་མེད།།
རང་གིས་རང་ཉིད་ལ་བརྟགས་པར་གྱིས་ཤིགས །
          ༡༥
རྣམ་དག་འཆི་ཆོས་ཀྱི་ཉམས་ལེན་ཟེར་བ།།
གཞན་གྱིས་བསྟོད་སྨད་ཀྱི་རྗེས་སུ་མི་འགྲོ།།
དམིགས་བཅས་བསོད་ནམས་ཀྱི་ཚོགས་བསགས་དེ་ནི།།
གཟུགས་བརྙན་ཆེ་ཆུང་གིས་དཔོག་པར་མི་ནུས།།
          ༡༦
སྡུག་བསྔལ་སྲིད་མཚོ་ལས་ཐར་འདོད་ཡོད་ན།།
རྣམ་དག་ངེས་འབྱུང་ལ་འབད་པ་མ་ལྷོད།།
མཐར་ཐུག་རྣམ་མཁྱེན་གྱི་འབྲས་བུར་སྨོན་ན།།
བྱང་ཆུབ་སེམས་མཆོག་གིས་རང་རྒྱུད་སྦྱོངས་ཤིག།།
          ༡༧
ཡུན་ཐུང་མི་ཚེ་འདི་རྨི་ལམ་ཐེངས་གཅིག།།
གཉེན་བཤེས་མཛའ་གྲོགས་འདི་ལམ་ཁའི་མགྲོན་པོ།།
འདི་ལ་ཞེན་ཆགས་རེ་ལྡོག་ན་ཆོག་གམ།།
རང་གིས་རང་ཉིད་ལ་བརྩེ་བའི་སྙིང་གཏམ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།