མྱི་ཚེའི་རྐང་རྗེས།

འུར་མིག༼རེབ་ཀོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-16

ཟླ་ཤེལ་ལང་ཚོའི་འཇོ་སྒེག་འོད་ཀྱིས་སྲིད་གསུམ་མཛེས་སྡུག་ཟིལ་གྱིས་གནོན།།
མཁྱེན་རབ་གློག་གི་རྩེ་དགའ་དང་འགྲོགས་ཀུན་རྨོངས་སྨག་ཆེན་ཟ་བའི་ལྷ།།
སྙན་འཇེབས་རྒྱུད་སྟོང་ལྡིར་བའི་དབྱངས་ཀྱིས་ངག་རིག་སོར་མོའི་འདུ་བྱེད་ལ།།
དགའ་སྐྱོ་ཆགས་སྡང་ཡིད་ཀྱི་འགྱུར་བ་རིས་སུ་སྤེལ་བའི་རམ་འདེགས་མཛོད།།
 
ལོ་གཅིག་བྱིས་པའི་མལ་ལས་ལངས་ཏེ་བཞི་ཟུང་ལང་ཚོ་དལ་གྱིས་འབུས།།
ན་མཉམ་གྲོགས་དང་ལྷན་ཅིག་འགྲོགས་ནས་སློབ་གྲྭར་འགྲིམ་པའི་སྐལ་བཟང་ཐོབ།།
གསལ་བྱེད་སུམ་ཅུའི་ངག་གི་སྦྱོར་བ་རླུང་དང་བསྡོངས་ནས་མཁའ་རུ་སྤུར།།
འོན་ཀྱང་འཇིག་རྟེན་གོ་ལའི་ངོས་སུ་རྐང་རྗེས་རི་མོ་ཅང་མ་མཆིས།།
 
བཅུ་དྲུག་ལུས་ཀྱི་ཆ་ཤས་རྫོགས་དུས་ངུར་སྨྲིག་དར་གྱི་ན་བཟས་བཀླུབས།།
ཆོས་ཀྱི་ཆོ་ག་དབྱངས་སུ་གྱེར་བཞིན་གཤིན་ཟས་དཀོར་གྱིས་རང་ལུས་བརྟས།།
འབྲོག་པའི་སྦྲ་དང་རོང་བའི་ཁྱིམ་དུ་གང་མཁོའི་འབུལ་སྡུད་རེམ་པའི་ཚེ།།
རྒྱུ་འབྲས་ལས་ཀྱི་རྒྱ་ཤིང་སྟེང་དུ་མཐིང་མདོག་རྐང་རྗེས་རིས་སུ་ཕབ།།
 
ལུས་ངག་ཕྱི་ཡི་རྣམ་འགྱུར་ཙམ་ལས་ནང་གི་དུག་ལྔ་དབང་བཙན་པས།།
འཁོར་བའི་ཕུན་ཚོགས་སྒྱུ་མའི་འཕྲུལ་གྱིས་སླར་ཡང་སྲིད་པའི་གོ་གནས་བྱིན།།
ལུགས་གཉིས་བྱ་བཞག་རིང་ནས་ཤོར་ཏེ་ཟིན་མེད་ལག་པ་སྟོང་བར་ལུས།།
སངས་རྒྱས་བསྟན་པའི་ཆོས་སྒོར་ཞུགས་ཀྱང་རྐང་རྗེས་རི་མོ་གང་དུ་འཚོལ།།
 
གྲོགས་དང་མཛའ་བཤེས་རིང་དུ་བསྐྱུར་ནས་རྒྱུས་མེད་མི་ཡི་ཡུལ་དུ་སོང་།།
ཐུན་མོང་ཐུན་མིན་རིག་པའི་གཞུང་ལ་རྣམ་དཔྱོད་རྩལ་གྱིས་ལན་མང་བརྟགས།།
ཟས་དང་གོས་གྱི་ལོངས་སྤྱོད་བྲལ་ཡང་སྙིང་ལ་འཇིགས་པའི་གོ་སྐབས་ཕྲ།།
ཡིན་ཡང་གངས་ལྗོངས་ཤེས་རིག་གླིང་དུ་རྐང་རྗེས་རི་མོ་འཇོག་མ་ཐུབ།།
 
ཚུལ་གསུམ་ཐལ་ངག་ཤེད་ཀྱིས་སྤུར་ཏེ་ལུང་རིགས་སྦྲང་ཆར་སིམ་སིམབསྙིལ།།
རིག་བྱེད་ངག་གི་འོ་མཚོ་དཀྲུགས་ནས་ཡིད་གྱི་ཆགས་སྡང་རིས་སུ་འཁོར།།
ལེ་ལོའི་དུག་དང་འདྲེས་པ་མེད་པར་མི་ལོ་ཉེར་ལྔ་ཡུན་གྱིས་བསྲིངས།།
ད་ལྟ་སྤྱི་ཚོགས་འཚོ་བའི་ཁྲོད་དུ་རྐང་རྗེས་རི་མོ་ཅང་མ་རྙེད།།
      
ལང་ཚོའི་འདབ་མ་ཕྱོགས་སུ་ཐོར་ཡང་ད་དུང་བྱིས་པའི་བརྟུལ་ཤུགས་འཛིན།།
ཡ་ཐོད་མི་སྡུག་གཉེར་མས་ཟིན་ཀྱང་མི་ཚོགས་འཁྲིགས་པའི་སྲང་ལམ་ཉུལ།།
མིག་གིས་རྒྱང་རིང་མཐོང་བ་མེད་ཀྱང་བརྙན་འཕྲིན་སྒྱུ་མའི་གར་ལ་ཆགས།།
ཀྱེ་མ་འདོད་ཡོན་རླུང་ཤུགས་དྲག་པོས་རྐང་རྗེས་རི་མོ་མཁའ་ལ་སྤུར།།
 
ད་ནི་འཛམ་གླིང་མི་རིགས་ཀུན་གྱིས་བརྙས་ཤིང་དམོད་པའི་ཁ་བར་ན།།
ཐབས་སྡུག་ལས་ཀྱིས་མི་ཚེ་སྐྱེལ་བ་སྔོན་བསགས་ལས་ཀྱི་དན་རྟགས་སུ།།
སུས་ཀྱང་མ་བཅོས་རང་བྱུང་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་ནམ་ཅི།།
འཛམ་བུའི་ལོ་འབྲས་ཐོར་བའི་ལྗོངས་སུ་དཀར་ནག་རྐང་རྗེས་ཡོངས་མ་དམིགས།།
 
ཕངས་སེམས་མཆི་མ་ཤམ་ཤམ་འབབ་བཞིན་རེ་བའི་འོ་དོད་དགུང་ལ་འབོད།།
ཁུ་ཚུར་དམ་པོས་བྲང་ལ་བསྣུན་ཏེ་བཟོད་དཀའི་ཚོར་བ་སྙིང་ན་འབུར།།
ཐ་ཐོར་སྨ་ར་ལག་པས་རེག་ཚེ་སྐྱོ་བའི་ངག་ལ་རང་དབང་བྲལ།།
ཚེ་གཅིག་ལུས་ཀྱི་རྐང་རྗེས་ཟབ་མོ་གློ་སྙིང་མཆིན་པའི་རྨ་ཁ་ཉིད།།
 
མི་ཚེའི་མཐའ་ལ་རེག་པར་བྱས་ཀྱང་འཇིག་རྟེན་གོ་ལའི་ཡང་སྟེང་དུ།།
རང་མཉམ་གྲོགས་དག་སོང་བའི་ཤུལ་གྱི་རྐང་རྗེས་རི་མོ་འཚོལ་འདོད་པས།།
ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་མ་གཡེལ་མ་གཡེལ་སྡོང་གྲོགས་མཛོད།།
མཆོག་གསུམ་ཐུགས་རྗེའི་བྱིན་རླབས་འོད་ཀྱིས་སྙིང་ལ་བདེ་བའི་གོ་སྐབས་སྩོལ།།
 
ཏ་གུ་འཁར་བ་ལག་ཏུ་ཐོགས་ནས་འཇིགས་རུང་ལྔ་བའི་ལམ་འཕྲང་དུ།།
ཕྱི་འགྱོད་གདུང་བ་རུམ་གང་ཁུར་ཏེ་གཤིན་ལྷའི་དྲུང་དུ་སྙེག་པའི་ཚེ།།
དམྱལ་བའི་ཆོས་རྒྱལ་མེ་ཆུ་ནག་པོས་ཤ་རུས་དུམ་བུར་བྱས་ཀྱང་ཆོག།
སླར་ཡང་འཇིག་རྟེན་གོ་ལའི་ངོས་སུ་རྐང་རྗེས་རེ་ཁཱ་གསལ་བར་སྨོན།།
 
                                ༡༩༩༩ལོའི་ཟླ༥བའི་ཚེས༡༩ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མྱི་ཚེའི་རྐང་རྗེས།

2012-08-16 འུར་མིག༼རེབ་ཀོང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།