མཚང་བརྟོལ།

དབྱར་ཁབ་ཀུན་བཟང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-11


ཤེས་ན་མི་ཤེས་སྨྲ་བ་དམ་པའི་ཚུལ། །
མི་ཤེས་ཤེས་ཁུལ་བྱེད་པ་ཉེས་པའི་གཞི། །
ཤེས་དང་མི་ཤེས་གནས་ལུགས་མི་དགོས་པར། །
དབང་ཤེད་ཅན་གྱིས་འཇིག་རྟེན་བསྐྱངས་བར་མཚར། །
འཇིག་རྟེན་ཤར་ནུབ་རྒྱུ་བའི་བླ་སྤྲུལ་གཟུགས། །
དད་ཅན་འབྱོར་ལྡན་སྦྱིན་བདག་སྲོག་རྩ་གཅོད། །
འོད་སྟོང་འབར་བའི་ཕ་གཞིས་དྲོད་མོ་བསྐྲུན། །
ཁྱིམ་དང་གཉེན་ཉེ་སྤུན་གྱི་བསྟན་པ་རྒྱས། །
རྨོངས་པའི་ཡིད་ཀྱི་དད་པའི་ཞིང་ས་རུ། །
དོན་གྱིས་སྟོང་པའི་ལྷ་ཁང་ཐོག་བརྩེགས་ནང་། །
མཚན་དང་རྙེད་བཀུར་རེ་བས་ཁྲི་ལ་འགྱིང་། །
བསྟན་པ་མཚན་སྙན་ཙམ་གྱིས་ཆོག་པ་མང་། །
རྒྱུད་བཞིའི་སྤྱོད་ཐབས་གང་ཡིན་མ་ངེས་ཀྱང་། །                                                                           
མཆུ་རྒྱང་མིག་བསུམས་གདངས་ཀྱི་དབྱངས་རྟ་ལས། །                                                                         
ཆོ་གའི་གོ་རིམ་ཙམ་གྱིས་ཐར་པ་དང་། །                                                                                       
བསྟན་པའི་ཡང་སྙིང་རློམ་པའི་བན་རྒན་མང་། །
ཁ་ནས་སྨྲ་ལྕེ་ལེབ་མོ་ནར་ནར་དང་། །
གདོང་གི་རིག་བྱེད་དབྱིབས་རྣམས་འཛུམ་ཤིག་ཤིག
བསམ་ངན་མེ་ལྕེ་འབར་བའི་གཡོ་ཅན་པ། །
རང་དོན་སྒྲུབ་ལ་མཁས་པ་ཤིན་ཏུ་མང་། །
ཕྱི་རོལ་བབས་ཆགས་ཞི་བའི་ཚུལ་འཆོས་མངོན། །
ནང་གི་དུག་གསུམ་མེ་ལྕེ་དྲོད་མོ་འཕྱུར། །
མི་ཐེག་ཁུར་གྱི་གདུང་བས་མནར་བཞིན་དུ། །
ཨུ་ཚུགས་རྡོ་འདྲ་བྱེད་པའི་སྐྱེ་བོ་མང་། །
ཀླད་རྙིང་འཐས་པོའི་ལྟ་བའི་བག་ཆགས་འཐུག །
གཟུར་དཔྱད་གནས་ལུགས་མེད་པའི་རང་གཤིས་མཁྲེགས། །
ཕན་མེད་ཆོས་དང་རིས་ལ་ཕྱོགས་ལྷུང་གིས། །
ཞེན་ཁོག་མུན་པའི་གཏིབ་བ་མང་ཚད་གདའ། །
བཤད་ན་རྒྱུ་མཚན་གནས་ལུགས་མི་དགོས་ཤིང་། །
བསམ་ན་ཁུངས་མེད་ལུགས་སྲོལ་བང་རིམ་བསྒྲིགས། །
དབང་ཤེད་བཀའ་དང་སྒེར་གཅོད་དཔུང་ཚོགས་ཀྱིས། །
མི་ཡི་སྐྱེ་བསྲིངས་འཇོམས་པ་ད་དུང་མང་། །
ཤེས་མེད་ཆོས་ལ་ཞུགས་དུས་ང་རྒྱལ་སྐྱེ། །
ཐོས་མེད་སྒོམ་ལ་ཞུགས་ཚེར་འདོད་ཆགས་འཕེལ། །
དོན་དང་དོན་མིན་སྟོང་པའི་གཏི་མུན་ཅན། །
ཆོས་པའི་གཟུགས་སུ་བྱེད་པའི་ཆོས་པ་མང་། །
དྲང་ཚུགས་སྨྲ་བའི་མི་གཞི་ཚད་ལྡན་དང་། །
ལྷག་བསམ་ཅན་ལ་སྡང་བའི་བཤེད་མ་མང་། །
འཇིག་རྟེན་གོ་ལྡོག་འཚོ་བའི་གཤིས་ལུགས་འདི། །
བསམ་ན་སེམས་ཚོར་ལྕི་མོ་རྦ་རླབས་བཞིན། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚང་བརྟོལ།

2012-08-11 དབྱར་ཁབ་ཀུན་བཟང་། ཀློག་གྲངས། མཆན ཡོད།


ཤེས་ན་མི་ཤེས་སྨྲ་བ་དམ་པའི་ཚུལ། །
མི་ཤེས་ཤེས་ཁུལ་བྱེད་པ་ཉེས་པའི་གཞི། །
ཤེས་དང་མི་ཤེས་གནས་ལུགས་མི་དགོས་པར། །
དབང་ཤེད་ཅན་གྱིས་འཇིག་རྟེན་བསྐྱངས་བར་མཚར། །
འཇིག་རྟེན་ཤར་ནུབ་རྒྱུ་བའི་བླ་སྤྲུལ་གཟུགས། །
དད་ཅན་འབྱོར་ལྡན་སྦྱིན་བདག་སྲོག་རྩ་གཅོད། །
འོད་སྟོང་འབར་བའི་ཕ་གཞིས་དྲོད་མོ་བསྐྲུན། །
ཁྱིམ་དང་གཉེན་ཉེ་སྤུན་གྱི་བསྟན་པ་རྒྱས། །
རྨོངས་པའི་ཡིད་ཀྱི་དད་པའི་ཞིང་ས་རུ། །
དོན་གྱིས་སྟོང་པའི་ལྷ་ཁང་ཐོག་བརྩེགས་ནང་། །
མཚན་དང་རྙེད་བཀུར་རེ་བས་ཁྲི་ལ་འགྱིང་། །
བསྟན་པ་མཚན་སྙན་ཙམ་གྱིས་ཆོག་པ་མང་། །
རྒྱུད་བཞིའི་སྤྱོད་ཐབས་གང་ཡིན་མ་ངེས་ཀྱང་། །                                                                           
མཆུ་རྒྱང་མིག་བསུམས་གདངས་ཀྱི་དབྱངས་རྟ་ལས། །                                                                         
ཆོ་གའི་གོ་རིམ་ཙམ་གྱིས་ཐར་པ་དང་། །                                                                                       
བསྟན་པའི་ཡང་སྙིང་རློམ་པའི་བན་རྒན་མང་། །
ཁ་ནས་སྨྲ་ལྕེ་ལེབ་མོ་ནར་ནར་དང་། །
གདོང་གི་རིག་བྱེད་དབྱིབས་རྣམས་འཛུམ་ཤིག་ཤིག
བསམ་ངན་མེ་ལྕེ་འབར་བའི་གཡོ་ཅན་པ། །
རང་དོན་སྒྲུབ་ལ་མཁས་པ་ཤིན་ཏུ་མང་། །
ཕྱི་རོལ་བབས་ཆགས་ཞི་བའི་ཚུལ་འཆོས་མངོན། །
ནང་གི་དུག་གསུམ་མེ་ལྕེ་དྲོད་མོ་འཕྱུར། །
མི་ཐེག་ཁུར་གྱི་གདུང་བས་མནར་བཞིན་དུ། །
ཨུ་ཚུགས་རྡོ་འདྲ་བྱེད་པའི་སྐྱེ་བོ་མང་། །
ཀླད་རྙིང་འཐས་པོའི་ལྟ་བའི་བག་ཆགས་འཐུག །
གཟུར་དཔྱད་གནས་ལུགས་མེད་པའི་རང་གཤིས་མཁྲེགས། །
ཕན་མེད་ཆོས་དང་རིས་ལ་ཕྱོགས་ལྷུང་གིས། །
ཞེན་ཁོག་མུན་པའི་གཏིབ་བ་མང་ཚད་གདའ། །
བཤད་ན་རྒྱུ་མཚན་གནས་ལུགས་མི་དགོས་ཤིང་། །
བསམ་ན་ཁུངས་མེད་ལུགས་སྲོལ་བང་རིམ་བསྒྲིགས། །
དབང་ཤེད་བཀའ་དང་སྒེར་གཅོད་དཔུང་ཚོགས་ཀྱིས། །
མི་ཡི་སྐྱེ་བསྲིངས་འཇོམས་པ་ད་དུང་མང་། །
ཤེས་མེད་ཆོས་ལ་ཞུགས་དུས་ང་རྒྱལ་སྐྱེ། །
ཐོས་མེད་སྒོམ་ལ་ཞུགས་ཚེར་འདོད་ཆགས་འཕེལ། །
དོན་དང་དོན་མིན་སྟོང་པའི་གཏི་མུན་ཅན། །
ཆོས་པའི་གཟུགས་སུ་བྱེད་པའི་ཆོས་པ་མང་། །
དྲང་ཚུགས་སྨྲ་བའི་མི་གཞི་ཚད་ལྡན་དང་། །
ལྷག་བསམ་ཅན་ལ་སྡང་བའི་བཤེད་མ་མང་། །
འཇིག་རྟེན་གོ་ལྡོག་འཚོ་བའི་གཤིས་ལུགས་འདི། །
བསམ་ན་སེམས་ཚོར་ལྕི་མོ་རྦ་རླབས་བཞིན། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།