ངས་འདི་ལྟར་བཤད་ན་ཆོག་གམ།

ཆོས་སྲིད་གཉིས་ལ་མཐུན་ལུགས་མང་པོས་ཡང་ནས་ཡང་དུ་བཤད་དང་ཤོད་བཞིན་འདུག།
རྒྱལ་ཁམས་གང་ན་ཆོས་པས་སྲིད་ཉིད་སྐྱོང་བ་ང་ཡི་མ་མཐོང་མ་གོ་སོང་།
ཨ་རིར་ཆོས་ལུགས་མེད་ཞེས་བརྗོད་ན་འུད་པོ་ཆེ་ཡི་གཏམ་རང་ཡིན་པ་འདྲ།།
གནམ་དག་ཆོས་ལུགས་ཨི་རིའི་ལྷ་ཆོས་ཡིན་པ་ཟ་དང་ཟུར་ནས་མངོན་ཞིང་འདུག།
 
དབྱིན་ཇི་ཉི་ཧོང་ཧྥ་རན་སི་པར་ཆོས་ལུགས་མེད་ཞེས་བརྗོད་ན་སྐྱག་རྫུན་འདྲ།།
འགའ་རེས་རང་གིས་ཆོས་ལུགས་མི་འགོག་གཞན་དང་མཉམ་འབྲེལ་བྱེད་པར་བྲེལ་བཞིན་འདུག།
འགའ་རེས་བོད་ཀྱི་དགེ་ཤེས་བླ་སྤྲུལ་ལན་གཅིག་ལན་གཉིས་མིན་པར་གདན་རེ་ཞུ།།
ཁོ་ཚོ་ཁོ་ཚོར་དགོས་པ་ཞིག་གི་ཡིན་ལ་ངེད་དང་ཁོ་ཚོ་མི་མཚུངས་སོ།།
 
འུ་ཚོ་མཐོ་བའི་ས་སྒང་འདི་རུ་གནས་མིན་ཤོད་པའི་དུས་ལ་ཐུག་སྟེ་འདུག།
ཁོ་ཚོར་འདི་འདྲའི་ལུས་སེམས་ངལ་བ་མེད་ཅིང་ཇོ་རི་བཞིན་དུ་ལང་ནས་འདུག།
དེས་ན་རང་རང་སོ་སོའི་ལས་དབང་ཟུར་དང་སྒང་ནས་བལྟས་ཀྱང་མི་འདྲ་བས།།
ད་དུང་མནོ་སེམས་ལེགས་པོ་བཏང་སྟེ་སྨྲ་གཅིག་སྨྲ་ནས་མི་འགྲིག་མི་ལེགས་སམ།།
 
འཛམ་གླིང་ས་ཕྱོགས་གང་དུ་བལྟས་ཀྱང་ཆོས་དང་སྲིད་གཉིས་ཁག་ཁག་ཏག་ཏག་རེད།།
ད་དུང་འུ་ཚོས་འཇིག་རྟེན་ལུགས་ནི་གཅིག་ཀྱང་མི་ཤེས་པ་ཡི་ཆོས་པ་ཚོར།།
གཟིག་ལྤགས་གཡོགས་པའི་བོང་བུ་བཞིན་དུ་ཨ་ཚུགས་བྱེད་བཞིན་སྤྲོད་དོན་ཅི་ཞིག་ཡིན།།
ང་ནི་དགོད་རེ་བྲོ་ཞིང་ངུ་རེ་ཤོར་གྱིན་སེམས་གྱི་གདུང་བ་སུ་ལ་བཤོད།།
 
རང་གི་ལྟོ་ཕོར་མི་བསམ་སྙན་གྲག་བསྐྱུར་ནས་ཚེར་མའི་ལམ་དུ་བསྐྱོད་མཁན་ཏེ།།
ཞོགས་དུང་མེ་ལྕེ་སེང་རྡོར་སོགས་པས་ལྷ་ཆོས་རིག་པར་བཀག་དང་འགོག་པ་འདི།།
རང་གི་རིགས་ལ་རང་ཉིད་དད་ཅིང་དགའ་བས་སེམས་གཏམ་ཤུགས་ཀྱིས་སྨྲས་པ་རེད།།
དེ་ལ་མི་དགའ་སྙན་སྙན་རང་ཉིད་བསླུ་བའི་གཡོ་གཏམ་དག་ནི་ཉན་དུ་རྒྱུག།
 
ཨེ་མ་གངས་ཅན་བོད་མིས་མི་རིགས་ནམ་ནམ་ཞར་དུ་བརྗོད་ཅིང་དགའ་རྟགས་བཏོན།།
འོན་ཏེ་དད་པས་ཡིན་ནམ་གང་གི་མི་ཤེས་སུས་ཀྱང་རྟོག་པར་དཀའ་བ་འདྲ།།
དེས་ན་མི་རིགས་ལས་དབང་འགན་དུ་འཁྱེར་ན་འཛམ་གླིང་འགྲོས་ལ་གཟིགས་ཙམ་གྱིས།།
ང་ཚོ་སྐྱོབ་པའི་རིག་ལམ་འདི་ནས་རྟོགས་ཤིང་འདི་རྣམས་སྤྱད་པས་ཆོག་ཆོག་རེད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་འདི་ལྟར་བཤད་ན་ཆོག་གམ།

2012-08-09 མེ་འབར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།