འུ་ཐུག་གི་ཁེར་བཤད།

སྐལ་བཟང་དོན་གྲུབ།༼དར་རྩེ་མདོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-09


ཆུང་ནས་གཅིག་ཏུ་གོམས་པའི་བག་ཆགས་ལ།།
ཨུ་ཚུགས་སེམས་ཀྱིས་ཁ་ལོ་བསྒྱུར་འདོད་ནས།།
དགའ་སྐྱོའི་གྲོགས་སུ་བརྟེན་པའི་དམར་སེར་གོས།།
རིམ་པ་བདུན་གྱི་ས་འོག་གཏེར་དུ་སྦས།།

སྒོ་དང་སྒེའུ་ཁུང་རྣོ་ལྕགས་འཛེར་མས་བཟེད།།
ཁ་མིག་དབང་བོ་བཙན་གྱིས་ནང་དུ་བསྡུས།།
ང་དང་ཕྱི་རོལ་འབྲེལ་བ་མེད་པར་སྒོམ།།
འོན་ཏེ་འདྲེ་སྲིན་འབོད་པ་ནམ་ཞིག་འཇགས།།
 
སྔོན་བསགས་ལས་ཀྱིས་སྒུལ་བའི་རྐང་བ་ཟུང་།།
ཡང་དང་ཡང་དུ་ཚེར་མའི་དོང་དུ་ལྷུང་།།
རང་ཉིད་རང་ལ་གཏོགས་པའི་གནས་མལ་ཞིག།
གོང་མ་རྒྱལ་བོས་བདག་ལ་མ་གནང་འདྲ།།
 
རྒྱབ་ཏུ་ཤུབ་བཤད་མོད་པའི་ལྕེ་གཉིས་མ།།
མདུན་དུ་ལྷགས་ཚེ་མཐུན་པའི་འཛུམ་མདངས་མངར།།
སྐྱེ་བ་གཅིག་ལ་སྤྲུལ་བ་སྣ་མང་བས།།
ཆོས་ཀྱི་དམ་ཚུགས་བསྲུང་རྒྱུ་དཀའ་མོར་གདའ།།
 
འཇིག་རྟེན་འཁོར་བ་སྤངས་ནས་རི་ལ་བྲོས།།
ངུར་སྨྲིག་ན་བཟའི་འོག་ན་ཞི་ཞིང་དུལ།།
ཟོལ་ཀྱིས་བཅོས་བའི་འགྱིག་འབག་འདི་མེད་ན།།
ང་ཡང་གནས་དེར་ལོ་ཤས་འདུག་ན་ཐང་།།
 
མི་རབས་སྟོང་ལ་བཅོས་སུ་མེད་པ་ཡི།།
སྡེ་དཀྲིག་བྱིར་གྱི་སྣ་འདྲེན་འགོང་བོ་ལ།།
དམ་ཅན་སྲོང་མའི་བཀའ་ཆད་མི་ཕོག་ན།།
བསང་གསུར་མཆོད་གཏོར་བསྔོས་པ་དོན་རེ་ཆུང་།།
 
འཕགས་པའི་ལྷ་ཚོགས་དབྱིངས་ལ་འཇའ་ལྟར་ཡལ།།
ཁ་བའི་རྣམ་ཤེས་གངས་འཁྱགས་རྫ་ལ་ཐིམ།།
ས་བདག་ཀླུ་གཉེན་འདར་བའི་ངུ་འབོད་ཀྱིས།།
གནམ་འིག་མུན་པའི་འཇིག་རྟེན་ཡོམ་ཡོམ་སྒུལ།།
 
གཡག་རྒོད་རྭ་རྩེ་རྣོན་པོ་རི་ནས་བོར།།
འབུ་སྲིན་གྲོག་མའི་དཔུང་རྡང་གྲོང་ནས་འཐོར།།
གནམ་སའི་སྒོ་གླེགས་འབྱེད་པའི་ལྡེ་མིག་གིས།།
ཟབ་མོ་རིམ་དགུའི་མུན་སྟུག་ཅི་ལྟར་གཞོམ།།
                        2012-8-2

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུ་ཐུག་གི་ཁེར་བཤད།

2012-08-09 སྐལ་བཟང་དོན་གྲུབ།༼དར་རྩེ་མདོ༽ ཀློག་གྲངས། མཆན ཡོད།


ཆུང་ནས་གཅིག་ཏུ་གོམས་པའི་བག་ཆགས་ལ།།
ཨུ་ཚུགས་སེམས་ཀྱིས་ཁ་ལོ་བསྒྱུར་འདོད་ནས།།
དགའ་སྐྱོའི་གྲོགས་སུ་བརྟེན་པའི་དམར་སེར་གོས།།
རིམ་པ་བདུན་གྱི་ས་འོག་གཏེར་དུ་སྦས།།

སྒོ་དང་སྒེའུ་ཁུང་རྣོ་ལྕགས་འཛེར་མས་བཟེད།།
ཁ་མིག་དབང་བོ་བཙན་གྱིས་ནང་དུ་བསྡུས།།
ང་དང་ཕྱི་རོལ་འབྲེལ་བ་མེད་པར་སྒོམ།།
འོན་ཏེ་འདྲེ་སྲིན་འབོད་པ་ནམ་ཞིག་འཇགས།།
 
སྔོན་བསགས་ལས་ཀྱིས་སྒུལ་བའི་རྐང་བ་ཟུང་།།
ཡང་དང་ཡང་དུ་ཚེར་མའི་དོང་དུ་ལྷུང་།།
རང་ཉིད་རང་ལ་གཏོགས་པའི་གནས་མལ་ཞིག།
གོང་མ་རྒྱལ་བོས་བདག་ལ་མ་གནང་འདྲ།།
 
རྒྱབ་ཏུ་ཤུབ་བཤད་མོད་པའི་ལྕེ་གཉིས་མ།།
མདུན་དུ་ལྷགས་ཚེ་མཐུན་པའི་འཛུམ་མདངས་མངར།།
སྐྱེ་བ་གཅིག་ལ་སྤྲུལ་བ་སྣ་མང་བས།།
ཆོས་ཀྱི་དམ་ཚུགས་བསྲུང་རྒྱུ་དཀའ་མོར་གདའ།།
 
འཇིག་རྟེན་འཁོར་བ་སྤངས་ནས་རི་ལ་བྲོས།།
ངུར་སྨྲིག་ན་བཟའི་འོག་ན་ཞི་ཞིང་དུལ།།
ཟོལ་ཀྱིས་བཅོས་བའི་འགྱིག་འབག་འདི་མེད་ན།།
ང་ཡང་གནས་དེར་ལོ་ཤས་འདུག་ན་ཐང་།།
 
མི་རབས་སྟོང་ལ་བཅོས་སུ་མེད་པ་ཡི།།
སྡེ་དཀྲིག་བྱིར་གྱི་སྣ་འདྲེན་འགོང་བོ་ལ།།
དམ་ཅན་སྲོང་མའི་བཀའ་ཆད་མི་ཕོག་ན།།
བསང་གསུར་མཆོད་གཏོར་བསྔོས་པ་དོན་རེ་ཆུང་།།
 
འཕགས་པའི་ལྷ་ཚོགས་དབྱིངས་ལ་འཇའ་ལྟར་ཡལ།།
ཁ་བའི་རྣམ་ཤེས་གངས་འཁྱགས་རྫ་ལ་ཐིམ།།
ས་བདག་ཀླུ་གཉེན་འདར་བའི་ངུ་འབོད་ཀྱིས།།
གནམ་འིག་མུན་པའི་འཇིག་རྟེན་ཡོམ་ཡོམ་སྒུལ།།
 
གཡག་རྒོད་རྭ་རྩེ་རྣོན་པོ་རི་ནས་བོར།།
འབུ་སྲིན་གྲོག་མའི་དཔུང་རྡང་གྲོང་ནས་འཐོར།།
གནམ་སའི་སྒོ་གླེགས་འབྱེད་པའི་ལྡེ་མིག་གིས།།
ཟབ་མོ་རིམ་དགུའི་མུན་སྟུག་ཅི་ལྟར་གཞོམ།།
                        2012-8-2

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།