རྒན་པོའི་སྐྱོ་གཞས།

དམིགས་མེད་བརྩེ་བ་ཆེན་པོའི་ལྗོན་བཟང་རྩེར།།
སྨིན་པའི་བདེན་ལུགས་ཆོས་ཀྱི་དགེ་མཚན་འབུམ།།
རྟོག་སེལ་ཤེས་རབ་འཕྲུལ་གྱིས་གཅོད་ནུས་པའི།།
འཆིང་མཛད་འཇམ་དབྱངས་བླ་མས་དུས་ཀུན་སྐྱོང་།།

ཐོག་མ་ཉིད་ནས་བསགས་པའི་དགེ་བའི་འབྲས།།
མ་འཆོལ་རྟེན་འབྲེལ་བཟང་བོའི་ལུས་རྟེན་འདི།།
ལན་ཅིག་ཐོབ་པའི་སྐལ་བཟང་མངོན་གྱུར་བ །།
གསལ་སྣང་ཆོས་ལྡན་ཞིང་འདིར་བདག་གིས་འཐོབ།།
 
དལ་བརྒྱད་འབྱོར་བཅུའི་ཟག་བྱས་ཕུང་བོ་ལ །།
དུག་གསུམ་སྒྲིབ་བག་མཐུག་པོའི་རྣལ་སྨིན་འདི།།
མི་འདོད་བཞིན་དུ་འཁུར་བའི་ངལ་བ་འབུམ།།
གནམ་གྱིས་རྒྱལ་མོས་ཁོ་བོའི་རྒྱན་དུ་བཏབ །།
 
ན་ཆུང་ལོང་ཆུང་གསེར་གྱི་རིན་ཐང་འདི།།
རྣམ་གཡེང་རླུང་གི་རྟ་ཕོའི་བང་ཁ་ནས།།
ལེ་ལོའི་ཀྱོ་བ་རྣོན་པོ་འཕྱར་དང་ལྷན །།
འདུ་འཛི་རླབས་ཀྱི་ཁྲོད་ན་ངང་གིས་ཟད།།
 
ཕྱི་ལུས་རྒས་ཁོག་རི་མོ་སྐྱ་བོ་འདི།།
ལོ་ཟླའི་འཁོར་བསྐྱོད་འགྲོས་ཀྱིས་བསྐྲུན་ནའང་།།
ནང་སེམས་འགྱུར་བའི་དམུ་ཐག་རིང་མོ་འདི།།
ད་དུང་བག་མེད་ལས་ཀྱི་མཐའ་ལ་འཐེན །།
 
ཕྱི་ནང་འགལ་འདུའི་ཕུང་བོ་ལྗིད་མོ་འདི།།
བདེན་རྫུན་བག་ལ་ཞ་བའི་དན་རྟགས་སུ།།
འགྱོད་སེམས་སྙིང་ལ་སྡང་བའི་ངལ་དུབ་ཀྱིས།།
རྣམ་ཀུན་བདེ་བའི་མལ་ན་འགྲེ་ལོག་རྒྱག །
 
ཉིན་མཚན་དུས་ཀྱི་ལྷ་མོའི་བགྲོ་གླེང་གིས།།
བདེན་དོན་བློ་ལ་འཁྲུངས་བའི་སྙིང་སྟོབས་བསྩལ།།
ཤེས་རིག་གནས་ལ་བརྩོན་པའི་ཟློས་གར་གྱིས།།
ངལ་དུབ་རི་ལྟར་ལྕི་བའི་སྐྱོ་སྣང་སྦྱིན །།
 
སེམས་ཀྱི་རྫོགས་མཐའ་མེད་པའི་འཆར་སྣང་ལ།།
བརྩོན་པའི་ཤེས་རྟོགས་རྨོངས་བའི་མུན་པས་སྒྲིབ།།
མི་ནུས་ལས་ལ་བཅོལ་བའི་སྙིང་རུས་འདི །།
འཁྱ་འཁྱོར་གོམ་པའི་བར་ནས་འདི་ལྟར་ཟད།།
 
འདས་སོང་ལོ་ལ་ཕྱིར་དྲན་ཐེངས་ཤིག་གིས །།
རྫོགས་མེད་སྐྱོ་སེམས་འདི་ཡི་འགྱུར་ཁུགས་བསླངས།།
མི་བཟོད་གདུང་དབྱངས་ཟབ་མོའི་ངོ་རོ་སྒྲས །།
ཆོལ་གསུམ་འགྲོ་བའི་རྨི་ལམ་ཐེངས་གསུམ་དཀྲོག །
 
ཡོད་ཚད་འཇའ་ལྟར་ཡལ་བའི་རྒན་པོ་ཡིས །།
རང་ལུས་རང་གིས་གཅུམ་པའི་ཐབས་ལམ་འདིས།།
གང་ཞིག་རྐྱེན་ལ་རེག་པའི་ངང་ཚུལ་བཞིན །།
སྤྱན་ཟུང་མཐའ་ན་འཁོར་བ་མིག་ཆུའི་འཕྲེང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒན་པོའི་སྐྱོ་གཞས།

2012-08-06 གཅན་གངས་ཟླ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།