གྲྭ་བཙུན་འདི་ཚོ།

སྐྱིད་པོ་འདུག་ཅེས་གྲྭ་བཙུན་ཁ་ནས་ཡང་ཡང་ཤོར་བ་འདྲ།།
འཁོར་བའི་སྡུག་ངལ་མི་ཤེས་བཞིན་དུ་ཡང་ཡང་རྗོད་ཀྱིན་འདུག།
ཡང་སྙིང་གང་ན་བདེ་བ་ཡོད་ཡོད་འདྲ་ལ་མེད་མེད་འདྲ།།
དོན་གྱིས་མ་མྱོང་ཇི་ལྟར་ཤེས་སམ་ང་ཡི་གྲོགས་པོ་ཚོ།།
 
ཕལ་རོལ་ཕྱིན་པའི་ལམ་དུ་བསྐྱོད་རྒྱུ་ཡིན་ཞེས་མང་མང་རྗོད།།
བཤད་ཀྱིན་ཤོད་ཀྱིན་དོགས་པས་རང་གི་སེམས་ཀྱང་སྙོག་པ་འདྲ།།
རྒྱུ་མཚན་བཤོད་ཅིག་ལབ་ན་སྔ་འབྲེལ་མི་མཚུངས་ཆོས་སྙོག་འགའ།།
ངོ་གདོང་དམར་པོར་གྱུར་ཀྱིན་ཚིག་འགའ་ང་ཡི་མདུན་དུ་སྤུང་།
 
ཆོས་ཀྱི་ཡག་རབ་མང་མང་རྣ་ལ་ཡང་ཡང་བརྗོད་ནས་ནི།།
རང་ལ་བུ་སློབ་འགའ་ཞིག་རེག་མིན་གང་ས་གང་དུ་འཚོལ།།
དེ་འདྲིའི་བྱེད་ལུགས་ལེགས་སམ་ང་དང་ང་ཡི་གྲོགས་པོ་ཚོ།།
མི་ལེགས་ད་དུང་མི་སྨྲའི་བརྟུལ་ཞུག་འཛིན་པར་ཡ་རེ་ང་།
 
ཁ་སང་གྲྭ་བཙུན་ཞིག་གིས་ང་ཡི་གྲོགས་མོ་འཁྲིད་ནས་སོང་།
དེ་རིང་བཙུན་མ་ཞིག་གིས་ང་ཡིས་གྲོགས་པོ་འབོད་ནས་སོང་།
དེ་ཡང་བུ་སློབ་འཚོལ་བའི་ཆེད་དུ་ཡིན་ཡིན་འདྲ་མིན་མིན་འདྲ།།
ངི་ཡིས་ཅི་ཡང་མ་རྟོག་སུས་ཀྱང་རྟོག་པར་དཀའ་ཚོད་འདྲ།།
 
མ་འགྱུར་སེམས་ཅན་ཐམས་བཅད་ཁ་ནས་ཡང་ཟློས་བསྐྱར་ཟློས་རྗོད།།
བརྗོད་ཀྱིན་བརྗོད་ཀྱིན་རང་གི་མ་ཡིས་ཤ་དག་བཟའ་བ་འདི།།
མ་འགྱུར་སེམས་ཅན་ཟེར་བའི་ལྷ་ཆོས་རིག་པ་ཕ་ལ་ཞོག།
འཇིག་རྟེན་མི་ཆོས་རིག་པ་བས་ཀྱང་འཕྱ་སྨོད་བྱེད་ཅིང་འདུག།
 
བུ་མོ་མཛེས་མར་དམའ་རེ་འབེབས་ཤིང་འཕྱ་རེ་སྨོད་གྱིན་དུ།།
གྲྭ་ཆས་ལྷུག་པོར་ཕུད་དེ་སྨད་ཚོང་ཁང་དུ་ཡང་ཡང་འགྲོ།
དེ་དུས་ཁྱོད་ཀྱི་བཤད་པའི་སྐྱོན་རྣམས་མི་དྲན་ཅི་ཞིག་བྱས།།
འདི་ཚོས་རྫུན་རྣམས་མི་ཤོད་ཞེས་པའི་གདམས་པ་བརྗེད་པ་འདྲ།།
 
འཁོར་བ་སྡུག་ངལ་སྦྲུལ་གྱིས་ཚང་ཞེས་ངན་དམད་བྱེད་ཀྱིན་འདུག།
བྱེད་ཞིང་འཁོར་བའི་འཁྱམ་ར་ནང་མ་ཁང་དུ་བསྐྱོད་མཁན་ནི།།
རྩིས་ཀྱང་མི་ཆོད་འགའ་ཞིག་ནམ་དང་རྒྱུན་དུ་ཡོངས་ཤིང་དུ།།
ལྦུ་ཆང་བུ་མོར་འཐམ་འཁྱུད་བྱེད་ཅིང་མཆུ་འགྲོས་སྦྱོར་བར་བྱེད།།
 
ཨེ་མ་འདི་འདྲིའི་གྲྭ་བཙུན་རྣམས་ཀྱི་ཁ་བཤད་མི་འཐུན་འདི།།
འཇིག་རྟེན་ལུགས་དང་མི་མཐུན་འདི་འདྲ་སུ་ཡིས་ནུས་སམ་ཀྱེ།
འདི་འདྲིའི་ནག་པོའི་བྱ་ངན་བག་ན་གང་ཞིག་སྦས་སམ་ཀྱེ།
འདི་ཚོས་གང་ཞིག་བྱ་འདོད་ང་ཡིས་མི་ཤེས་ལན་ཞིག་དགོས།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་བཙུན་འདི་ཚོ།

2012-08-04 མེ་འབར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།