རྡོ་སྦིས་དགེ་བཤེས་རིན་པོ་ཆེའི་ལེགས་མཛད་མདོར་བསྡུས་སུ་བསྔགས་པ་ཆོས་དུང་དཀར་པའི་སྒྲ་དབྱངས།


ལྷ་རམས་འཕར་མའི་མཚན་བཏགས་གཙུག་ཏུ་བཞེས།།
བཀའ་དང་བུ་སྟོན་གསུང་ལ་ཞུས་ཆེན་མཛད །  །
ལེགས་བཤད་གཏེར་མཛོད་གསུང་འབུམ་མང་དུ་མཛད །  །

འཇམ་དཔལ་དགྱེས་པའི་བློ་གྲོས་གསོལ་བ་འདེབས།།

ཤེས་རབ་ཉི་མ་བརྒྱ་ཡི་འོད་སྣང་འབར །  །

ཐུགས་རྗེ་ཆུ་རྒྱུན་སྟོང་གི་འོ་མཚོ་འཕྱུར །  །

ནུས་མཐུ་རྡོ་རྗེ་འབུམ་གྱི་འཁོར་ལོ་འཁོར །  །

མཁྱེན་བརྩེ་ནུས་གསུམ་འཛོམས་པའི་དགེ་བའི་བཤེས །  །

འཆད་པ་འབྲུག་སྟོང་ལྡིར་བས་ས་ཆེན་གཡོ །  །

རྩོད་པ་བསྐལ་བའི་མེ་དཔུང་སྲིད་མཐར་འཕྱུར །  །

རྩོམ་པ་གྲུ་ཆར་བསྙིལ་བས་སྐྱེ་དགུའི་གསོས །  །

འཆད་རྩོད་རྩོམ་པའི་མངའ་བདག་ཁྱེད་ལ་བསྟོད། །



སྐུ་ཡི་པད་མོར་མཚན་དཔེའི་གེ་སར་འཛུམ །  །
གསུང་གི་བུང་བར་རྡོ་རྗེའི་གླུ་ངག་སྙན །  །

ཐུགས་ཀྱི་ཟིལ་མངར་སྐྱེ་དགུའི་གསོས་སུ་སྨིན །  །
གསང་གསུམ་ཡོན་ཏན་ལྷུན་རྫོགས་བླ་མ་ལགས །  །

དགའ་ལྡན་གཞུང་གི་ཆོས་ཀྱི་དབུ་བླར་བཞུགས །  །

རྒྱལ་དམངས་གཞུང་གི་སྲིད་ཀྱི་དབུ་བླར་བཞུགས །  །

ཆོས་སྲིད་ཟུང་དུ་འབྲེལ་བའི་ཐབས་མཁས་ཀྱིས །  །

གངས་ཅན་བསྟན་འགྲོ་བསྐྱངས་མཛད་ཁྱེད་ལ་བསྟོད །  །

འཛམ་གླིང་མཁས་པའི་རྒྱན་གཅིག་ཁྱེད་ལ་བསྟོད །  །

འཇམ་དཔལ་དགྱེས་པའི་བློ་གྲོས་ཁྱེད་ལ་བསྟོད །  །

རྗེ་བཙུན་ཤེས་རབ་རྒྱ་མཚོར་སྙིང་ནས་བསྟོད །  །

རྡོ་སྦིས་དགེ་བཤེས་ཆེན་མོར་སྙིང་ནས་བསྟོད །  ། 

སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་།།

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡོ་སྦིས་དགེ་བཤེས་རིན་པོ་ཆེའི་ལེགས་མཛད་མདོར་བསྡུས་སུ་བསྔགས་པ་ཆོས་དུང་དཀར་པའི་སྒྲ་དབྱངས།

2012-07-28 སྨྱུ་གུ ཀློག་གྲངས། མཆན ཡོད།


ལྷ་རམས་འཕར་མའི་མཚན་བཏགས་གཙུག་ཏུ་བཞེས།།
བཀའ་དང་བུ་སྟོན་གསུང་ལ་ཞུས་ཆེན་མཛད །  །
ལེགས་བཤད་གཏེར་མཛོད་གསུང་འབུམ་མང་དུ་མཛད །  །

འཇམ་དཔལ་དགྱེས་པའི་བློ་གྲོས་གསོལ་བ་འདེབས།།

ཤེས་རབ་ཉི་མ་བརྒྱ་ཡི་འོད་སྣང་འབར །  །

ཐུགས་རྗེ་ཆུ་རྒྱུན་སྟོང་གི་འོ་མཚོ་འཕྱུར །  །

ནུས་མཐུ་རྡོ་རྗེ་འབུམ་གྱི་འཁོར་ལོ་འཁོར །  །

མཁྱེན་བརྩེ་ནུས་གསུམ་འཛོམས་པའི་དགེ་བའི་བཤེས །  །

འཆད་པ་འབྲུག་སྟོང་ལྡིར་བས་ས་ཆེན་གཡོ །  །

རྩོད་པ་བསྐལ་བའི་མེ་དཔུང་སྲིད་མཐར་འཕྱུར །  །

རྩོམ་པ་གྲུ་ཆར་བསྙིལ་བས་སྐྱེ་དགུའི་གསོས །  །

འཆད་རྩོད་རྩོམ་པའི་མངའ་བདག་ཁྱེད་ལ་བསྟོད། །



སྐུ་ཡི་པད་མོར་མཚན་དཔེའི་གེ་སར་འཛུམ །  །
གསུང་གི་བུང་བར་རྡོ་རྗེའི་གླུ་ངག་སྙན །  །

ཐུགས་ཀྱི་ཟིལ་མངར་སྐྱེ་དགུའི་གསོས་སུ་སྨིན །  །
གསང་གསུམ་ཡོན་ཏན་ལྷུན་རྫོགས་བླ་མ་ལགས །  །

དགའ་ལྡན་གཞུང་གི་ཆོས་ཀྱི་དབུ་བླར་བཞུགས །  །

རྒྱལ་དམངས་གཞུང་གི་སྲིད་ཀྱི་དབུ་བླར་བཞུགས །  །

ཆོས་སྲིད་ཟུང་དུ་འབྲེལ་བའི་ཐབས་མཁས་ཀྱིས །  །

གངས་ཅན་བསྟན་འགྲོ་བསྐྱངས་མཛད་ཁྱེད་ལ་བསྟོད །  །

འཛམ་གླིང་མཁས་པའི་རྒྱན་གཅིག་ཁྱེད་ལ་བསྟོད །  །

འཇམ་དཔལ་དགྱེས་པའི་བློ་གྲོས་ཁྱེད་ལ་བསྟོད །  །

རྗེ་བཙུན་ཤེས་རབ་རྒྱ་མཚོར་སྙིང་ནས་བསྟོད །  །

རྡོ་སྦིས་དགེ་བཤེས་ཆེན་མོར་སྙིང་ནས་བསྟོད །  ། 

སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་།།

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།