ལྷ་ཆོས་དགག་པ།

བཟང་བོའི་བྱ་བ་མང་དུ་བྱས་ཀྱང་དཀར་བོའི་ཕྱོགས་སུ་འགྲོ་བ་ཉུང་ཉུང་རེད་ཅེས་ཟེར། །
དེ་ལ་ད་དུང་སེམས་ཀྱི་བློས་གཏོང་ཕོད་དང་མི་ཕོད་སོགས་ཀྱི་གཏམ་ཡང་བརྗོད་ཅིང་སྒྲོག །
བྱ་ངན་བྱས་ན་ད་ལྟ་ཉིད་དུ་ནག་པོའི་ཕྱོགས་སུ་འགྲོ་བར་ཐེ་ཚོམ་མེད་ཅེས་བརྗོད། །
དེ་འདྲ་དྲང་བཞག་མིན་པའི་སྐད་ཆ་སྟོན་པས་བཤད་དམ་ཡང་ན་སུ་ཡིས་བཟོས་སམ་ཀྱེ །
 
དཀར་བོའི་ལས་ཀྱིས་བསྒྲུབས་པའི་བྱ་བ་དག་ལ་འབྲས་བུ་འདི་ཙམ་ཉིད་ལས་མེད་པས་ན། །
ནག་པོའི་ཕྱོགས་སུ་ཁ་རེ་བསྒྱུར་བའི་མི་བུ་དག་ཀྱང་བདེན་བདེན་འདྲ་འདྲ་ཡིན་རེ་ངེས། །
དཀར་ནག་དྲང་བཞག་རྒྱ་མའི་ཚད་དུ་འཇལ་བ་ཞིག་ཀྱང་མེད་མེད་འདྲ་བའི་རིག་པ་འདིས། །
ད་དུང་ང་ཉིད་ཡིན་ཞེས་བརྗོད་པ་འུད་ཀྱི་གཏམ་ཞིག་མིན་ནམ་ང་ཡི་གྲོགས་པོ་ཚོ། །
 
བསམ་ཞིང་བསམ་ན་ལྷ་ཆོས་རིགས་པས་ང་ཚོ་ཚང་མར་མགོ་རེ་བསྐོར་ཞིང་འཐོམ་རེ་གཡོགས། །
འདི་འདྲའི་རིགས་པ་འུ་ཚོར་མི་མཁོ་ཅམ་ལ་གཞག་ན་ཕན་རེ་ཐོགས་ལ་དགའ་ཡང་དགའ། །
ང་ཡིས་བསམ་ཞིང་ཁྱོད་ཀྱིས་སོམས་དང་ང་ཚོར་མཁོ་བ་ནུབ་གླིང་མང་གཙོ་ཡིན་པ་འདྲ། །
རང་དང་མི་རིགས་རྒྱལ་ཁབ་སྐྱོབ་པར་འདི་ལས་ལྷག་པ་གང་དུ་མེད་ང་ཡི་བློ་རུ་ཤར། །
 
སྟོབས་དང་ལྡན་པའི་དཔལ་འབྱོར་མེད་པའི་མི་རིགས་དེ་ནི་རྒུད་པའི་ངན་རྟགས་ཡིན་པ་ཤེས་རེ་དགོས། །
འུ་ཚོ་རང་ཉིད་རང་གིས་གསོ་བའི་ལག་པ་ཆད་ཅིང་བཟའ་བའི་ཁ་ཡང་འགག་ལ་ཉེ། །
མི་ཚོ་སྐར་ཆ་གཅིག་གི་ནང་དུ་འང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་བར་འགྲོ་ན། །
ཚན་རིག་དཔལ་འབྱོར་རིག་པ་ཞེས་པ་འདི་ཡང་ང་ཚོ་མི་དགོས་པ་ཞིག་ཨ་རེ་ཡིན། །
 
བསམ་ཞིང་བསམ་གྱིན་རང་གི་དད་པ་བསྐྱུར་ཏེ་་མི་རིགས་སྐྱོབས་པའི་ལས་ལ་འབད་ན་ལེགས། །
ང་ཚོས་དད་པ་གླེང་བའི་དུས་སྐབས་ད་ལྟ་མ་རེད་ད་དུང་རྒྱང་ན་བཞུགས་ནས་འདུག །
ངེད་ཀྱང་འཛམ་གླིང་འཛིན་མའི་སྟེང་དུ་མགོ་བོ་གནམ་ལ་གདེག་སྟེ་འགྱིང་ངེར་གནས་པའི་སྐབས། །
དད་པ་གླེང་ཞིང་སེམས་ཀྱི་ངལ་དུབ་སེལ་བའི་རིགས་པ་བཙལ་ན་ཕྱི་ཡང་མི་སྲིད་དོ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ཆོས་དགག་པ།

2012-07-25 མེ་འབར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།