བུ་མོ། ངའི་དོན་དུ་མིག་ཆུ་མ་གཏོང་།

བོན་རྒྱ་ཀུན་དགའ་རྒྱོལ་མཚན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-15

                                 _____L.Y.J ་ལ་ཕུལ་བ།།
རྟག་དང་མི་རྟག་འཁོར་བའི་རྣམ་བཞག་མི་བཤད་འཁོར་ཞེན་བདག་ལ་ཆེ།།
ལས་དང་རྒྱུ་འབྲས་རྟེན་འབྱུང་འཆད་པའི་བསླབ་གསུམ་སྒྱུ་རྩལ་མེད་ནའང་།
སྐྱིད་སྡུག་རེས་མོས་འཁོར་ལོ་ནག་པོ་བར་མེད་འཁོར་བའི་དཀྱིལ་འཁོར་ནས།།
གཟུགས་མེད་སེམས་ཀྱི་ཟུར་ག་ཙམ་ཞིག་དེ་རིང་ཁྱེད་ལ་བརྗོད་འདོད་བྱུང་།།
 
སྨན་ཆུང་ཁྱེད་ཀྱི་མིག་ཆུའི་སྐྱེལ་མ་ཡ་ཆུང་སྟོད་དུ་མ་ཡལ་སྐད།།
སྙིང་ཆུང་དམར་པོའི་འཕར་རྩ་འདི་ནི་ཅི་འདྲའི་འགྱོགས་ཞིང་སྐྱོ་བ་ལ།།
མུ་ནས་མུ་རུ་བར་མེད་བསྐུར་བའི་སྐུད་མེད་གློག་གི་བརྡ་འཕྲིན་དེ་།།
དམར་པོའི་སེམས་ལ་གཏན་དུ་སྦས་པའི་གཏམ་ཡིན་ཟེར་ནས་མ་གསུངས་རོགས།།

དང་པོ་འཛུམ་པའི་སོ་ཕྲེང་བར་ནས་ཆགས་སེམས་བསླུས་པ་མ་ཡིན་ལ།།
བར་དུ་རེ་བ་ནན་མོ་ཞུས་ཏེ་བར་བའི་གཏམ་སྣ་དྲངས་བ་མིན།།
མཉམ་འགྲོགས་འཚོ་བའི་རྒྱུད་རིམ་ཁྲོད་དུ་སེམས་པ་སེམས་པར་སྦྲེལ་སོང་ཕྱིར།།
འབྲལ་ཐབས་དཀའ་བའི་སེམས་བྱུང་འདི་ཡིས་དེ་རིང་སྡུག་ལ་གཏད་པ་རེད།།
 
གོག་མ་ནུར་གྱི་མེ་འཁོར་ནང་དུ་གཅིག་གི་སྐེ་ལ་གཅིག་འཁྱུད་རེད།།
སྒེའུ་ཁུང་ཕྱི་ཡི་ཁྱེད་ཀྱི་གཟུགས་བརྙན་ག་ལེར་རྒྱང་ནས་རྒྱང་དུ་ཡལ་ །།
ང་ཚོ་ད་དུང་ལོ་ན་གཞོན་པའི་མཇལ་བའི་གོ་སྐབས་མང་ངེས་ཞེས།།
སྐུད་མེད་འཕྲིན་གྱི་བརྡ་འཕྲིན་དེ་ཡིས་བདག་སེམས་ལྷག་ཏུ་བསྐྱོམ་ཞིང་དཀྲུག།
 
ཁ་སང་ནོར་བུ་གླིང་གའི་ཚལ་དུ་འུ་གཉིས་འཆམ་འཆམ་བསྐྱོད་དུས་སུ།།
ཕྲ་ཆུང་མིག་ལ་གཡོ་གཟུར་མེད་པར་བདག་གི་གདོང་ལ་བལྟས་བལྟས་མཐར།།
འཛུམ་དང་དགོད་སྒྲ་ཅི་ཡང་མེད་པར་སྐེ་ལ་འཁྱུད་དེ་ངུ་ངག་གིས།།
གཏན་ཏུ་འབྲལ་འདོད་མི་འདུག་ཟེར་ཞོར་མིག་ཆུ་བཞུར་བའི་ངང་ཚུལ་དྲན།།
 
སེམས་ལ་འབབ་པའི་བཞིན་རས་ཆུང་ཆུང་བརྩེ་དུངས་མཆི་མའི་བརླན་འདུག་ལ།།
སྙིང་ལ་ཟུག་པའི་དུངས་གཏམ་སེར་བས་ང་ཡི་བྲང་གཞུང་བརྡུངས་བྱུང་ཨང་།།
ཡུན་རིང་མཛེས་མ་ངུས་པའི་ངང་ཚུལ་མ་མཐོང་མི་སྡོམ་ཁེར་རྐྱང་འཁྱམ་པོ་ངས།།
རང་གི་ཆེད་དུ་མཛེས་མ་ཆུང་ཆུང་དངོས་སུ་ངུས་པར་སོམ་ཉི་ཤོར །།
 
ཚངས་དབྱངས་རྒྱ་མཚོའི་སྐྱོ་བའི་རྣམ་ཐར་ང་ཡིས་འཁྲབ་དོན་མི་འདུག་ལ།།
ཡེ་ཤེས་ལྷ་མོའི་གླེན་རྟགས་དེ་འདྲ་ཁྱོས་ཀྱང་སྟོན་རྒྱུ་མ་གསུངས་རོགས།།
ཚེ་སྔོན་ལུས་ཀྱི་བཀོད་སྒྲིག་ཡག་ན་ཁྲིགས་ཁྲིགས་ཡིན་པར་ཡིད་ཆེས་ཡོད།།
ད་རུང་ང་ཡིས་སེམས་ཐག་བཅད་མེད་བློ་གཏད་མི་འདུག་མ་བསམ་རོགས།།
 
ང་ཡིས་བསམ་པའི་སྟོང་བསམ་འདི་འདྲ་རྒྱང་ཐག་རིང་བ་ཡིན་མོད་ཀྱང་།།
ཁྱེད་ཀྱིས་བསམ་པའི་བྱིས་བློ་དེ་ཡང་ཧོལ་རྒྱུག་བྱེད་རྒྱུ་ཐལ་བ་འདྲ།།
གང་ལྟར་ཁྱེད་ཀྱི་སེམས་པའི་སྲབ་ཁ་ཅུང་ཙམ་འཐེན་རྒྱུས་རེ་བ་ཞུ།།
ང་དང་ཁྱོད་ཀྱི་འཚོ་བའི་དངོས་གཞི་ད་དུང་རྒྱང་ཐག་ཤིན་ཏུ་རིང་།།
 
ཁྱེད་ཀྱི་སྐྱེ་ཡུལ་ང་ཡི་ཕ་ཡུལ་གླིང་དང་ཡུལ་གྲུ་སོ་སོ་རེད།།
ཁྱེད་ཀྱི་ཡབ་ཡུམ་ང་ཡི་ཉེ་འབྲེལ་མི་རིགས་མི་གཅིག་ཁ་ཁ་རེད།།
ཡུལ་དང་གོམས་སྲོལ་སྐད་དང་ཡི་གེ་དང་པོ་ཉིད་ནས་མི་མཐུན་པས།།
བརྩེ་དུང་མདུད་པ་གཅིག་ཏུ་སྦྲེལ་ཀྱང་འགལ་བའི་ཕུང་བོ་སྔར་བཞིན་ཡོད།།
 
དེ་རིང་འདང་རྒྱག་ཤིན་ཏུ་ཆེ་བའི་ང་ཡི་སེམས་པ་འཁྲུགས་ནས་གདའ།།
མེ་འཁོར་ཡོམ་ཡོམ་ཁྲོག་ཁྲོག་བསྐྱོམ་པས་མགོ་ཡང་ཅུང་ཙམ་ན་ཡི་འདུག།།
ཁྱེད་ཀྱིས་གླེན་འདང་མང་པོ་མ་བྱེད་འཕྲིན་ཀྱང་མང་པོ་མ་བསྐུར་རོགས།།
ངས་ཀྱང་ཁ་པར་གློག་སྒོ་གཏད་རྗེས་ངལ་གསོ་བྱེད་དགོས་གཟིམ་འཇགས་གནོངས་།།
              སྤྱི་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་ལྷ་ས་ནས་ལམ་ལ་ཆས་པའི་མེ་འཁོར་ནང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ། ངའི་དོན་དུ་མིག་ཆུ་མ་གཏོང་།

2012-07-15 བོན་རྒྱ་ཀུན་དགའ་རྒྱོལ་མཚན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།