ཀྱེ་ཀྱེ་དབྱངས་ཅན་ལྷ་མོ།

ལྷ་བུ་དྲང་སྲོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-15


བདག་ནི་སྙན་ངག་ཁོ་ནར་དུངས་པས་གཙུག་གིས་མཆོད་པའི་ལྷ་ཚོགས་ལས ། །
དབྱངས་ཅན་མ་ཁྱོད་གཅིག་པུ་བདམས་པ་དགའ་བ་སེམས་ཀྱི་འཁྱེར་སོ་ཡིན ། །
ཁྱོད་ལ་དུངས་པའི་གདུལ་བྱའི་ཚོགས་ལས་ཁྱོད་རང་གླེང་བའི་བུ་ང་ལ ། །
བརྩེ་བའི་སྤྱན་གྱིས་ལན་འགར་གཟིགས་དང་ངག་དབང་དབྱངས་ཅན་ལྷ་མོ་ཀྱེ ། །

ཁྱོད་ནི་སྤྱི་བོའི་རྒྱན་ལ་བཏེགས་པའི་ཉི་ཟླ་ཟུང་གི་འོད་སྣང་ཡིན ། །
ཁྱོད་ནི་མགྲིན་པའི་རྟེན་ལ་འཁྱིལ་བའི་སྙན་ངག་བདུད་རྩིའི་དྭངས་མ་ཡིན ། །
ཁྱོད་ནི་ཡིད་ཀྱི་དཔྱིད་ལ་རྒྱུས་པའི་མེ་ཏོག་གསར་བའི་ལང་ཚོ་ཡིན ། །
ལུས་ངག་ཡིད་གསུམ་ཁྱོད་ལ་འབུལ་ལོ་དུས་གསུམ་རེ་བའི་ཞིང་ས་ཉིད ། །

གང་གི་ཞལ་གསུང་འོ་མའི་ཆབ་རྒྱུན་ཆུ་འཛིན་འཁྲིགས་པའི་ཀློང་དབྱིངས་ལས ། །
བསྟོད་པའི་ཚིག་གི་མེ་ཏོག་ཕྲེང་མཛེས་སྤྲིན་གྱི་མེ་ཏོག་ལན་བརྒྱར་འཐོར ། །
ལྷ་མོའི་ལང་ཚོ་པད་མའི་བཞིན་ལ་འཛུམ་ཆུང་གསར་བའི་གེ་སར་རྒོད ། །
ཡིད་ཀྱི་བུང་བ་དབང་མེད་བཀུགས་པས་དད་པའི་གཤོག་ཟུང་སྙིང་ཁར་ཟུམ ། །

ཕྱི་ནང་མཁས་པའི་མགྲིན་གཅིག་དབྱངས་ཀྱིས་བསྟོད་པའི་སྨྲ་བ་བདེན་ལགས་ན ། །
སྙན་ཞིང་འཇེབས་པའི་ཁྱོད་ཀྱི་སྐད་ལ་སྲིད་འདིར་དཔེ་ཞིག་མི་སྲིད་ཟེར ། །
ངག་གི་དཔལ་གྱི་ལང་ཚོ་རྫོགས་པའི་ཞལ་གསུང་གསེར་གྱི་བུམ་བཟང་ལས ། །
དངོས་གྲུབ་བདུད་རྩི་ཏོག་ཙམ་གནང་རོགས་བདག་ནི་སྐོམ་པའི་དུས་ཉིད་ལགས ། །

ཟབ་ཅིང་ཡངས་ལ་འཇལ་བར་དཀའ་བའི་ཁྱོད་ཀྱི་ཐུགས་ནི་རྒྱ་མཚོ་བཞིན ། །
ནག་ནོག་དྲི་མས་ཀུན་ནས་དབེན་པའི་ཆུ་ཤེལ་སྤུངས་པའི་ཕུང་བོ་བཞིན ། །
མཁྱེན་བརྩེ་ནུས་པ་མཛོད་དུ་སྤུངས་པའི་བྱིན་རླབས་འོད་ཀྱི་གུར་ཁང་ནས ། །
བདག་ནི་ཐུགས་ཀྱིས་རིང་བོར་མ་འདོར་སྙིང་ནས་གསོལ་འདེབས་ཡང་ཡང་ཞུ ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྱེ་ཀྱེ་དབྱངས་ཅན་ལྷ་མོ།

2012-07-15 ལྷ་བུ་དྲང་སྲོང་། ཀློག་གྲངས། མཆན ཡོད།


བདག་ནི་སྙན་ངག་ཁོ་ནར་དུངས་པས་གཙུག་གིས་མཆོད་པའི་ལྷ་ཚོགས་ལས ། །
དབྱངས་ཅན་མ་ཁྱོད་གཅིག་པུ་བདམས་པ་དགའ་བ་སེམས་ཀྱི་འཁྱེར་སོ་ཡིན ། །
ཁྱོད་ལ་དུངས་པའི་གདུལ་བྱའི་ཚོགས་ལས་ཁྱོད་རང་གླེང་བའི་བུ་ང་ལ ། །
བརྩེ་བའི་སྤྱན་གྱིས་ལན་འགར་གཟིགས་དང་ངག་དབང་དབྱངས་ཅན་ལྷ་མོ་ཀྱེ ། །

ཁྱོད་ནི་སྤྱི་བོའི་རྒྱན་ལ་བཏེགས་པའི་ཉི་ཟླ་ཟུང་གི་འོད་སྣང་ཡིན ། །
ཁྱོད་ནི་མགྲིན་པའི་རྟེན་ལ་འཁྱིལ་བའི་སྙན་ངག་བདུད་རྩིའི་དྭངས་མ་ཡིན ། །
ཁྱོད་ནི་ཡིད་ཀྱི་དཔྱིད་ལ་རྒྱུས་པའི་མེ་ཏོག་གསར་བའི་ལང་ཚོ་ཡིན ། །
ལུས་ངག་ཡིད་གསུམ་ཁྱོད་ལ་འབུལ་ལོ་དུས་གསུམ་རེ་བའི་ཞིང་ས་ཉིད ། །

གང་གི་ཞལ་གསུང་འོ་མའི་ཆབ་རྒྱུན་ཆུ་འཛིན་འཁྲིགས་པའི་ཀློང་དབྱིངས་ལས ། །
བསྟོད་པའི་ཚིག་གི་མེ་ཏོག་ཕྲེང་མཛེས་སྤྲིན་གྱི་མེ་ཏོག་ལན་བརྒྱར་འཐོར ། །
ལྷ་མོའི་ལང་ཚོ་པད་མའི་བཞིན་ལ་འཛུམ་ཆུང་གསར་བའི་གེ་སར་རྒོད ། །
ཡིད་ཀྱི་བུང་བ་དབང་མེད་བཀུགས་པས་དད་པའི་གཤོག་ཟུང་སྙིང་ཁར་ཟུམ ། །

ཕྱི་ནང་མཁས་པའི་མགྲིན་གཅིག་དབྱངས་ཀྱིས་བསྟོད་པའི་སྨྲ་བ་བདེན་ལགས་ན ། །
སྙན་ཞིང་འཇེབས་པའི་ཁྱོད་ཀྱི་སྐད་ལ་སྲིད་འདིར་དཔེ་ཞིག་མི་སྲིད་ཟེར ། །
ངག་གི་དཔལ་གྱི་ལང་ཚོ་རྫོགས་པའི་ཞལ་གསུང་གསེར་གྱི་བུམ་བཟང་ལས ། །
དངོས་གྲུབ་བདུད་རྩི་ཏོག་ཙམ་གནང་རོགས་བདག་ནི་སྐོམ་པའི་དུས་ཉིད་ལགས ། །

ཟབ་ཅིང་ཡངས་ལ་འཇལ་བར་དཀའ་བའི་ཁྱོད་ཀྱི་ཐུགས་ནི་རྒྱ་མཚོ་བཞིན ། །
ནག་ནོག་དྲི་མས་ཀུན་ནས་དབེན་པའི་ཆུ་ཤེལ་སྤུངས་པའི་ཕུང་བོ་བཞིན ། །
མཁྱེན་བརྩེ་ནུས་པ་མཛོད་དུ་སྤུངས་པའི་བྱིན་རླབས་འོད་ཀྱི་གུར་ཁང་ནས ། །
བདག་ནི་ཐུགས་ཀྱིས་རིང་བོར་མ་འདོར་སྙིང་ནས་གསོལ་འདེབས་ཡང་ཡང་ཞུ ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།