རྨི་ལམ་ལས་རང་སྲོག་གཅོད་པ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-04

འཇིགས་སྣང་གི་ཚོར་ཤུགས་དྲག་པོ།།མུན་ནག་གི་རླབས་དང་བསྡོངས་ཏེ།།
སྔས་སྟན་གྱི་སྲུབས་ལས་འཕགས་ཤིང་།།བདག་ལུས་ལ་སྐད་ཅིག་སིམ་ཐལ།།
རྨི་ལམ་གྱི་ཡུལ་ལྗོངས་ཧྲིལ་བོར།།བྱེ་ཐང་བཞིན་ས་སྨུག་འཐིབས་ཤིང་།།
ཤ་ཁྲག་གི་བུ་ལོན་ཆད་པའི།།དོམ་པ་དེ་ཚུར་ཚུར་བཅར་ཡོང་།།
རྨི་ལམ་གྱི་ཕྱི་ལ་བལྟས་ཚེ།།ལྕགས་ལམ་དང་ཚེར་སྡོང་འཛིངས་པའི།།
དམ་ཚིག་དང་སྐྲ་ལོ་ཟགས་པའི།།གྲོང་སྡེ་ཞིག་ཡེར་ཡེར་མངོན་ཡོང་།།
དུས་ཚོད་ཀྱི་རླུང་བུ་བསིལ་མོ།།མེ་ལོང་ལ་འཁྱུག་ཙམ་འཁྱུད་རྗེས།།
ཁེར་རྐྱང་དང་དངན་པ་ཁྱེར་ཏེ།།བསྐལ་བ་ཡི་མཐའ་རུ་ཤོར་སོང་།།
ས་སྒང་གི་ཟེ་བ་འདྲ་བའི།།གངས་རི་དེ་གློ་བུར་བསྙིལ་ཞིང་།།
རྐྱང་ཁྱུ་དང་འབྲོང་གི་ཀེང་རུས།།རྨི་ལམ་གྱི་དོས་པོར་བབས་བྱུང་།།
ཆུང་འདྲིས་དང་སྙིང་སྡུག་ཟེར་བཞིན།།ངོ་ལོག་གི་གྲི་མཚོན་སྒྲིག་པའི།།
བུ་མོ་དེ་འཇའ་ཚོན་ལྟར་དུ།།རྨི་ལམ་གྱི་དབྱིངས་ནས་ཡལ་སོང་།།
བརྩེ་དུང་གི་རྔུལ་དྲེག་ཆགས་པའི།།གོས་ཚར་གྱི་དྲོད་འཇམ་ཡལ་སོང་།།
ཕྱི་མིག་དང་ཨ་ལན་མེད་པའི།།རྨི་ལམ་འདི་ཅི་འདྲའི་འཁྱག་ཨང་།།
ཆང་རག་གིས་བད་པ་ལྟར་དུ།།ཆོ་འཕྲུལ་གྱིས་བསླད་པ་བཞིན་དུ།།
གཡང་གཟར་གྱི་འོབས་ལ་ལྕེབས་ཏེ།།རང་སྲོག་འདི་གཅོད་སྙིང་ཆེ་འང་།།
དགྲ་དམག་གིས་བསྐོར་བ་ནང་བཞིན།།ལག་དམར་གྱིས་བཙིར་བ་ནང་བཞིན།།
མེ་མདའ་ཞིག་སྙིང་ཀར་གཏད་དེ།།རང་སྲོག་འདི་ལེན་སྙིང་ཆེ་འང་།།
བཀྲེས་ལྟོགས་ཀྱིས་མནར་བ་ལྟར་དུ།།གཅོང་ནད་ཀྱིས་གཟིར་བ་བཞིན་དུ།།
མགྲིན་པ་ལ་ལྕགས་ཐག་བསྐོན་ཏེ།།མཐོ་ས་ནས་དཔྱང་སྙིང་ཆེ་འང་།།
བཟའ་སྡུག་གིས་གཙེས་པ་བཞིན་དུ།།ལས་དབང་གིས་གདམས་པ་ལྟར་དུ།།
དུག་ཆུ་ཞིག་ལྐོག་ནས་འཐུང་སྟེ།།ལུས་རྟེན་འདི་བརྗེ་སྙིང་ཆེ་འང་།།
དད་ཡུལ་དང་ཞེན་ཆགས་མེད་པའི།།མཛའ་གྲོགས་དག་ཉེ་དུ་ཉུང་བའི།།
མི་ཡུལ་གྱི་ཨ་སྐྱོ་ང་ལ།།སྙན་ངག་ལས་ཐོགས་ས་གཞན་མེད།།
               ༢༠༡༢/༦/༡༤ལ་ལན་ཀྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ལས་རང་སྲོག་གཅོད་པ།

2012-07-04 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།