གསེར་ཉའི་ལས་དབང་།

སྟག་རིག་འབྲུག་ཐར།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-03

ཚེ་སྔོན་བསགས་ལས་དབང་བཙན་པོས།།
དུས་ད་ལྟའི་སྐྱེ་བ་འདི་ལ།།
འོག་ཀླུ་ཡུལ་ཁམས་ནས་སྐྱེས་སོང་།།
ཆུང་གསེར་ཉའི་སྐྱེ་བ་བླངས་སོང་།།
ཆུ་མཚོ་མོའི་གཏིང་ནས་ལུས་སོང་།།
སྤྱིར་རྙེད་དཀའི་དལ་འབྱོར་མི་ལུས།།
རྒྱུད་རང་ལ་ལེན་པའི་སྨོན་གྱིས།།
གནས་བྱིན་ཆགས་འཇིག་རྟེན་ཁམས་ཀྱི།།
ནོར་ལོངས་སྤྱོད་ཕུན་ཚོགས་འདོད་རྒུར།།
ཞེ་ཐོགས་པའི་རྐྱལ་རྩལ་ངོམ་ནས།།
དམིགས་མི་ཡུལ་ཁམས་ལ་འགྲོ་བའི།།
རྩལ་སྟོབས་ཤུགས་ཡོད་རྒུ་ཕྱུང་སྟེ།།
ཡར་མཆོངས་ལྡིང་གྲངས་མེད་བྱས་ཀྱང་།།
ཕྱིར་ཅལ་སེ་མཚོ་མོའི་ཀློང་དུ།།
འདི་མི་ལྷུང་རང་དབང་མེད་ཐལ།།
དུས་ལོ་ཟླའི་འཁོར་སྐྱོད་ཀློང་ནས།།
ལུས་གཉོམ་ལག་ན་སོ་དར་དུས།།
ངས་ད་གཟོད་མི་ཡུལ་ཁམས་ཀྱི།།
ཞེ་སྐྱོ་བའི་སྤྱོད་ངན་སྣ་དགུ།།
མིག་ཕྲ་ཆུང་ལམ་ནས་རིག་སོང་།།
ང་འཇིགས་ནས་སྙིང་རྩ་འདར་སོང་།།
རྣ་བུ་ག་བརྒྱུད་ནས་གོ་སོང་།།
སེམས་ཁོ་ཐག་གཏིང་ནས་ཆད་སོང་།།
ཕྱིར་རང་རྒྱུད་དཔེ་རེ་བླངས་ན།།
ང་འདི་ནས་སྐྱེས་པ་འཕྱུག་མེད།།
ང་འདི་ནས་སྐྱེས་ཀྱང་འགྱོད་མེད།།
ང་སྤྲོ་དུས་མིང་སྲིང་ལྷན་དུ།།
རྩལ་མཉེན་མོས་གཤོག་འགྱུར་བསྒྱུར་ཆོག།
ཞིམ་ཁ་ཟས་གང་འདོད་ཟོས་ཆོག།
ལུས་ངལ་དུས་ཚང་ལ་ལོག་ནས།།
དྲིན་ཕ་མར་ཞལ་མཇལ་གནང་ཆོག།
དབུགས་སོས་དུས་སྤྲོ་དགའི་ཀློང་ནས།།
ཞེ་མཐུན་པའི་སྤུན་གྲོགས་བཙལ་ཏེ།།
འགྲོ་གོམ་པའི་མཉམ་རྩལ་སྦྱང་ཆོག།
གར་སྟངས་སྟབས་གཞན་ལ་ངོམ་ཆོག།
དགོང་ཕྱི་དྲོ་ས་རྩ་རུབ་དུས།།
དྲིན་ཕ་མ་བཞུགས་སའི་གནས་མཆོག།
ཡུལ་མཚོ་མོའི་གཏིང་རིམ་ཞབས་ཀྱི།།
མཛེས་མལ་གདན་དྲོན་པོའི་ཁུད་དུ།།
སྐྱིད་ཕ་འཛོམས་མ་འཛོམས་བྱུང་ཆོག།
འདི་བསམས་དུས་ང་འདྲའི་སྐྱིད་ཅིག།
གནས་འཇིག་རྟེན་གསུམ་ན་མེད་སྙམ།།
སྐྱིད་སྤྲོ་དགའ་འཕེལ་བའི་ཉིན་ཞིག།
གྲོགས་དམ་པ་རྣམས་དང་ལྷན་དུ།།
མཚོ་གཡུ་སྔོན་མེ་ལོང་ཁྲོད་དུ།།
འགྲོས་ཡང་མོས་འཁྱུག་རྩལ་ངོམ་དུས།།
འདི་མགོ་ནག་ཞེ་གནག་སྐོར་ཞིག།
ངའི་མཚོ་མོའི་འཁྲིས་སུ་འབྱོར་ཏེ།།
ལྕགས་ཕྲ་མོའི་ཀྱོ་བ་རྣོན་པོ།།
གཟེབ་དྲ་རྒྱའི་གདུག་རྩུབ་མཚོན་ཆ།།
མཚམས་མི་ཆད་གཅིག་རྗེས་གཉིས་མཐུད།།
དྭངས་མཚོ་མོའི་དབྱིངས་སུ་དཔྱངས་ཏེ།།
ལྗིད་ལྕགས་དབྱུག་ཡར་འདྲུད་མར་འདེད།
མཚོ་ཕུ་དཀྲུག་མདོ་དཀྲུག་བྱས་ནས།།
ལུས་ལང་ཚོ་དར་ལ་བབས་པའི།།
ངའི་རིགས་གཅིག་གསེར་ཉ་མོད་པོ།།
ནང་སྒོས་སུ་ཆུང་འདྲིས་རྩེད་ཡ།།
ངའི་གྲོགས་པོའི་སྲོག་ལ་བབས་ཐལ།།
བདུད་ཧམ་སེམས་འདྲེ་ནག་གན་གི།
མཚོན་ཁ་སྒོ་ཆེན་པོའི་ནང་ལ།།
རྗེས་ཤུལ་མེད་བཞབས་ནས་བུད་ཐལ།།
ཕྱིར་ཐར་བའི་ལམ་སྣེ་བཙལ་འདོད།།
ཤུགས་ཆེན་པོས་འཕག་འཚག་བརྒྱབ་སྟེ།།
རྣར་གཟན་པའི་ཆོ་ངེ་སྒྲོག་གི།
ལུས་གཟུགས་གཞི་སྟོབས་ཀྱིས་འགུལ་རུང་།།
འདི་རྨི་ལམ་ནང་གི་འཁྲུལ་ཤེས།།
འདི་སྨིག་རྒྱུའི་ཁྲོད་ཀྱི་སྣང་བ།།
དབུགས་གསོན་པའི་གོ་སྐབས་ཁྱེར་ཐལ།།
སྲོག་རྒྱས་པའི་འདུན་པ་འགགས་ཐལ།།
ང་ཉམ་ཆུང་ལུས་གཟུགས་ཆུང་བས།།
ལས་ཡག་པོ་ཚེ་སྲོག་རྟ་རྔ་།།
ངའི་སྟེང་ལ་ལན་གཅིག་ཕོག་སྟེ།།
ཞིབ་དྲ་ཕད་བུ་གའི་གསེང་ནས།།
རེབ་གཅིག་ལ་ཐར་བའི་ལམ་རྙེད།།
ངའི་སྐྱིད་སྡུག་མཉམ་རོལ་ཞུ་རོགས།།
གྲོགས་སྤུན་ཟླ་ཉམ་ཆུང་ནུས་ཆུང་།
ཡུན་མི་རྟག་ནམ་མཁའི་འཇའ་བཞིན།།
རྐྱེན་གློ་བུར་མཚོ་མོའི་ཀློང་ནས།།
འདི་ཤེས་མེད་ཚོར་མེད་ཉིད་ལ།།
ངན་འཁོར་བ་སྲིན་མོའི་གླིང་དུ།།
འདི་ཧམ་འཁྱེར་ཁྱུར་མིད་བྱེད་མཁན།།
ཞེ་རྩུབ་པའི་ཤ་བཟའ་ཁྲག་འཐུང་།།
མི་མགོ་ནག་གན་ཚོས་ཁྲིད་ཐལ།།
གནས་རང་ཁྱིམ་བསྐྱུར་ནས་བུད་ཐལ།།
ཡིད་སྐྱ་མོ་ཐང་ལ་ལྷུང་ཐལ།།
འདི་གཏན་དུ་གྱེས་བྲལ་སྐྱོ་བ།།
འདི་སྲིད་པའི་རྒྱ་མཚོར་ཞུགས་པའི།།
དབུགས་སྲོག་ལྡན་ཡོད་དོ་ཅོག་གི།
ལུས་ཚེ་སྲོག་ཆུ་ཁའི་ཝུ་བ།།
རྟེན་རྣམ་ཤེས་རླུང་ཁའི་མར་མེ།།
ལས་རླུང་ནང་ལོ་མ་ཁེར་བགྲོད།།
འདི་བསམ་ན་ཞེ་བསམ་སྡུག་གི།
ཀྱེ་མི་རྟག་འཇིག་རྟེན་སྣོད་བཅུད།།
ཡར་འཕེལ་བའི་ཐ་མ་རྒུད་པ།།
འདི་འགྱུར་བྲལ་ལྡོག་མེད་ཆོས་ཉིད།།
ཉམ་ཆུང་བའི་སེམས་ཅན་སྟེང་དུ།།
ནམ་ཞིག་ལ་སླེབས་པ་དྲན་ན།།
སྙིང་བརྩེ་བའི་མཆི་ཞགས་བསྙིལ་འགྲོ།།
སྒོས་ཕ་མ་དྲིན་ཆེན་རྣམ་གཉིས།།
ནམ་ཉི་མ་ཞིག་གི་དུས་ལ།།
འདི་མི་འདོད་ལྕགས་ཀྱུའི་སྣེ་ལ།།
ཡར་འདྲུད་པའི་སྣང་ཚུལ་བསམ་ན།།
མིག་ཁྲ་རིལ་གོར་མོའི་ནང་དུ།།
སྡུག་མཆི་མ་རང་འཁྱིལ་རང་བཞུར།།
ནོན་མི་ཐུབ་སྡུག་བསྔལ་ཐེག་དཀའ།།
བཟོད་དཀའ་བའི་སྙིང་རྗེ་འཚང་འོང་།།
སྤྱིར་བསམ་ན་འཇིག་རྟེན་སྣོད་བཅུད།།
ཚེ་ཡུན་རིང་རྟག་པའི་དཔེ་མེད།།
སྒོས་འཚོ་བཞུགས་གནང་བའི་ཚུན་ལ།།
ལུས་མི་འདོད་བར་ཆད་བྲལ་བར།།
འབྱུང་ལུས་ཁམས་བདེ་སྐྱིད་ཐོབ་ཅིང་།།
རྐྱེན་ངན་པའི་དུག་ནག་ཆུ་ཁོལ།།
དུས་ནམ་ཡང་རིང་དུ་གྱེས་ཚེ།།
ཚེ་ཡུན་ཐུང་མཚོ་མོའི་ཀློང་དུ།།
བདེ་སྐྱིད་པའི་འཁྱུག་རྩལ་ངོམ་ཆོག།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་ཉའི་ལས་དབང་།

2013-02-03 སྟག་རིག་འབྲུག་ཐར།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།

ཚེ་སྔོན་བསགས་ལས་དབང་བཙན་པོས།།
དུས་ད་ལྟའི་སྐྱེ་བ་འདི་ལ།།
འོག་ཀླུ་ཡུལ་ཁམས་ནས་སྐྱེས་སོང་།།
ཆུང་གསེར་ཉའི་སྐྱེ་བ་བླངས་སོང་།།
ཆུ་མཚོ་མོའི་གཏིང་ནས་ལུས་སོང་།།
སྤྱིར་རྙེད་དཀའི་དལ་འབྱོར་མི་ལུས།།
རྒྱུད་རང་ལ་ལེན་པའི་སྨོན་གྱིས།།
གནས་བྱིན་ཆགས་འཇིག་རྟེན་ཁམས་ཀྱི།།
ནོར་ལོངས་སྤྱོད་ཕུན་ཚོགས་འདོད་རྒུར།།
ཞེ་ཐོགས་པའི་རྐྱལ་རྩལ་ངོམ་ནས།།
དམིགས་མི་ཡུལ་ཁམས་ལ་འགྲོ་བའི།།
རྩལ་སྟོབས་ཤུགས་ཡོད་རྒུ་ཕྱུང་སྟེ།།
ཡར་མཆོངས་ལྡིང་གྲངས་མེད་བྱས་ཀྱང་།།
ཕྱིར་ཅལ་སེ་མཚོ་མོའི་ཀློང་དུ།།
འདི་མི་ལྷུང་རང་དབང་མེད་ཐལ།།
དུས་ལོ་ཟླའི་འཁོར་སྐྱོད་ཀློང་ནས།།
ལུས་གཉོམ་ལག་ན་སོ་དར་དུས།།
ངས་ད་གཟོད་མི་ཡུལ་ཁམས་ཀྱི།།
ཞེ་སྐྱོ་བའི་སྤྱོད་ངན་སྣ་དགུ།།
མིག་ཕྲ་ཆུང་ལམ་ནས་རིག་སོང་།།
ང་འཇིགས་ནས་སྙིང་རྩ་འདར་སོང་།།
རྣ་བུ་ག་བརྒྱུད་ནས་གོ་སོང་།།
སེམས་ཁོ་ཐག་གཏིང་ནས་ཆད་སོང་།།
ཕྱིར་རང་རྒྱུད་དཔེ་རེ་བླངས་ན།།
ང་འདི་ནས་སྐྱེས་པ་འཕྱུག་མེད།།
ང་འདི་ནས་སྐྱེས་ཀྱང་འགྱོད་མེད།།
ང་སྤྲོ་དུས་མིང་སྲིང་ལྷན་དུ།།
རྩལ་མཉེན་མོས་གཤོག་འགྱུར་བསྒྱུར་ཆོག།
ཞིམ་ཁ་ཟས་གང་འདོད་ཟོས་ཆོག།
ལུས་ངལ་དུས་ཚང་ལ་ལོག་ནས།།
དྲིན་ཕ་མར་ཞལ་མཇལ་གནང་ཆོག།
དབུགས་སོས་དུས་སྤྲོ་དགའི་ཀློང་ནས།།
ཞེ་མཐུན་པའི་སྤུན་གྲོགས་བཙལ་ཏེ།།
འགྲོ་གོམ་པའི་མཉམ་རྩལ་སྦྱང་ཆོག།
གར་སྟངས་སྟབས་གཞན་ལ་ངོམ་ཆོག།
དགོང་ཕྱི་དྲོ་ས་རྩ་རུབ་དུས།།
དྲིན་ཕ་མ་བཞུགས་སའི་གནས་མཆོག།
ཡུལ་མཚོ་མོའི་གཏིང་རིམ་ཞབས་ཀྱི།།
མཛེས་མལ་གདན་དྲོན་པོའི་ཁུད་དུ།།
སྐྱིད་ཕ་འཛོམས་མ་འཛོམས་བྱུང་ཆོག།
འདི་བསམས་དུས་ང་འདྲའི་སྐྱིད་ཅིག།
གནས་འཇིག་རྟེན་གསུམ་ན་མེད་སྙམ།།
སྐྱིད་སྤྲོ་དགའ་འཕེལ་བའི་ཉིན་ཞིག།
གྲོགས་དམ་པ་རྣམས་དང་ལྷན་དུ།།
མཚོ་གཡུ་སྔོན་མེ་ལོང་ཁྲོད་དུ།།
འགྲོས་ཡང་མོས་འཁྱུག་རྩལ་ངོམ་དུས།།
འདི་མགོ་ནག་ཞེ་གནག་སྐོར་ཞིག།
ངའི་མཚོ་མོའི་འཁྲིས་སུ་འབྱོར་ཏེ།།
ལྕགས་ཕྲ་མོའི་ཀྱོ་བ་རྣོན་པོ།།
གཟེབ་དྲ་རྒྱའི་གདུག་རྩུབ་མཚོན་ཆ།།
མཚམས་མི་ཆད་གཅིག་རྗེས་གཉིས་མཐུད།།
དྭངས་མཚོ་མོའི་དབྱིངས་སུ་དཔྱངས་ཏེ།།
ལྗིད་ལྕགས་དབྱུག་ཡར་འདྲུད་མར་འདེད།
མཚོ་ཕུ་དཀྲུག་མདོ་དཀྲུག་བྱས་ནས།།
ལུས་ལང་ཚོ་དར་ལ་བབས་པའི།།
ངའི་རིགས་གཅིག་གསེར་ཉ་མོད་པོ།།
ནང་སྒོས་སུ་ཆུང་འདྲིས་རྩེད་ཡ།།
ངའི་གྲོགས་པོའི་སྲོག་ལ་བབས་ཐལ།།
བདུད་ཧམ་སེམས་འདྲེ་ནག་གན་གི།
མཚོན་ཁ་སྒོ་ཆེན་པོའི་ནང་ལ།།
རྗེས་ཤུལ་མེད་བཞབས་ནས་བུད་ཐལ།།
ཕྱིར་ཐར་བའི་ལམ་སྣེ་བཙལ་འདོད།།
ཤུགས་ཆེན་པོས་འཕག་འཚག་བརྒྱབ་སྟེ།།
རྣར་གཟན་པའི་ཆོ་ངེ་སྒྲོག་གི།
ལུས་གཟུགས་གཞི་སྟོབས་ཀྱིས་འགུལ་རུང་།།
འདི་རྨི་ལམ་ནང་གི་འཁྲུལ་ཤེས།།
འདི་སྨིག་རྒྱུའི་ཁྲོད་ཀྱི་སྣང་བ།།
དབུགས་གསོན་པའི་གོ་སྐབས་ཁྱེར་ཐལ།།
སྲོག་རྒྱས་པའི་འདུན་པ་འགགས་ཐལ།།
ང་ཉམ་ཆུང་ལུས་གཟུགས་ཆུང་བས།།
ལས་ཡག་པོ་ཚེ་སྲོག་རྟ་རྔ་།།
ངའི་སྟེང་ལ་ལན་གཅིག་ཕོག་སྟེ།།
ཞིབ་དྲ་ཕད་བུ་གའི་གསེང་ནས།།
རེབ་གཅིག་ལ་ཐར་བའི་ལམ་རྙེད།།
ངའི་སྐྱིད་སྡུག་མཉམ་རོལ་ཞུ་རོགས།།
གྲོགས་སྤུན་ཟླ་ཉམ་ཆུང་ནུས་ཆུང་།
ཡུན་མི་རྟག་ནམ་མཁའི་འཇའ་བཞིན།།
རྐྱེན་གློ་བུར་མཚོ་མོའི་ཀློང་ནས།།
འདི་ཤེས་མེད་ཚོར་མེད་ཉིད་ལ།།
ངན་འཁོར་བ་སྲིན་མོའི་གླིང་དུ།།
འདི་ཧམ་འཁྱེར་ཁྱུར་མིད་བྱེད་མཁན།།
ཞེ་རྩུབ་པའི་ཤ་བཟའ་ཁྲག་འཐུང་།།
མི་མགོ་ནག་གན་ཚོས་ཁྲིད་ཐལ།།
གནས་རང་ཁྱིམ་བསྐྱུར་ནས་བུད་ཐལ།།
ཡིད་སྐྱ་མོ་ཐང་ལ་ལྷུང་ཐལ།།
འདི་གཏན་དུ་གྱེས་བྲལ་སྐྱོ་བ།།
འདི་སྲིད་པའི་རྒྱ་མཚོར་ཞུགས་པའི།།
དབུགས་སྲོག་ལྡན་ཡོད་དོ་ཅོག་གི།
ལུས་ཚེ་སྲོག་ཆུ་ཁའི་ཝུ་བ།།
རྟེན་རྣམ་ཤེས་རླུང་ཁའི་མར་མེ།།
ལས་རླུང་ནང་ལོ་མ་ཁེར་བགྲོད།།
འདི་བསམ་ན་ཞེ་བསམ་སྡུག་གི།
ཀྱེ་མི་རྟག་འཇིག་རྟེན་སྣོད་བཅུད།།
ཡར་འཕེལ་བའི་ཐ་མ་རྒུད་པ།།
འདི་འགྱུར་བྲལ་ལྡོག་མེད་ཆོས་ཉིད།།
ཉམ་ཆུང་བའི་སེམས་ཅན་སྟེང་དུ།།
ནམ་ཞིག་ལ་སླེབས་པ་དྲན་ན།།
སྙིང་བརྩེ་བའི་མཆི་ཞགས་བསྙིལ་འགྲོ།།
སྒོས་ཕ་མ་དྲིན་ཆེན་རྣམ་གཉིས།།
ནམ་ཉི་མ་ཞིག་གི་དུས་ལ།།
འདི་མི་འདོད་ལྕགས་ཀྱུའི་སྣེ་ལ།།
ཡར་འདྲུད་པའི་སྣང་ཚུལ་བསམ་ན།།
མིག་ཁྲ་རིལ་གོར་མོའི་ནང་དུ།།
སྡུག་མཆི་མ་རང་འཁྱིལ་རང་བཞུར།།
ནོན་མི་ཐུབ་སྡུག་བསྔལ་ཐེག་དཀའ།།
བཟོད་དཀའ་བའི་སྙིང་རྗེ་འཚང་འོང་།།
སྤྱིར་བསམ་ན་འཇིག་རྟེན་སྣོད་བཅུད།།
ཚེ་ཡུན་རིང་རྟག་པའི་དཔེ་མེད།།
སྒོས་འཚོ་བཞུགས་གནང་བའི་ཚུན་ལ།།
ལུས་མི་འདོད་བར་ཆད་བྲལ་བར།།
འབྱུང་ལུས་ཁམས་བདེ་སྐྱིད་ཐོབ་ཅིང་།།
རྐྱེན་ངན་པའི་དུག་ནག་ཆུ་ཁོལ།།
དུས་ནམ་ཡང་རིང་དུ་གྱེས་ཚེ།།
ཚེ་ཡུན་ཐུང་མཚོ་མོའི་ཀློང་དུ།།
བདེ་སྐྱིད་པའི་འཁྱུག་རྩལ་ངོམ་ཆོག།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།