བྱིས་དུས་ཀྱི་འཚོ་བ།


སྦྲ་མཐིང་སྨུག་ཞིག་གི་ཐུ་འོག་ནས་།།
ས་དཀར་པོས་བཟོས་པའི་ཐབ་རྩ་རུ།།
ངག་ངུ་བའི་དབྱངས་ལ་འགྲོག་བཞིན་དུ།།
གླིང་འཛམ་བུ་གླིང་དུ་འབྱོར་ཐོ་བཀོད།།
 
གོས་འཛིན་ཁུག་ནང་ནས་ཐར་ཙམ་ནས།།
བུ་པྲ་ཚགས་ཤིག་གི་གླེང་ཕྱོགས་བྱུང་།།
དྲིན་ཕ་མའི་བྱམས་བརྩེའི་སྤྱན་འོག་ནས།
ལོ་དྲུག་བདུན་དྲན་པའི་ཡུལ་དུ་བཞག།
 
སྤུན་མིང་སྲིང་ལྔ་ཡིས་ལྷན་གཅིག་ཏུ།།
སྤང་གོས་ལྗང་སྟེང་ནས་རྩེད་རྭ་བསྒྲིགས།།
རྩྭ་མེ་ཏོག་བསླེས་ཏེ་ཞྭ་ལྷམ་བཟོས།།
རྭ་ཐེ་གེ་བཏུས་ནས་སྒོ་ཟོག་བྱས།།
ཤིང་དབྱུག་པའི་རྟ་ལ་རས་མཐུར་བཞག།
ཉ་སྦལ་བ་བདེ་མོའི་ཚང་ནས་དེད།།
བྲ་བྱེའུ་འཛིན་གསོད་གཉིས་ཀ་བྱས།།
དོན་གང་བསྒྲུབས་ཕལ་ཆེར་མ་རབས་ལས།
 
ལུས་གོས་ཀྱིས་མ་བཏུམ་བེའུ་རྫིར་རྒྱུགས།།
འདམ་ལྕི་བ་བསམ་བཞིན་ལུས་ལ་བྱུགས།།
མར་བོ་ལོ་ཞིག་གི་བྱ་དགའ་ལ།།
ཡིད་གཏིང་ནས་ཚིམ་སྟེ་གཉིད་ལ་ཤོར།།
 
ལོ་དགུ་ཡི་སྟེང་དུ་ཤོ་དོ་ནས།།
རྒྱབ་དཔེ་ཁུག་ཁུར་ནས་སློབ་གྲྭར་སོང་།།
ཡུལ་ཕ་མ་དྲན་པས་མཚན་མོ་རེར།།
མགོ་རུམ་དུ་བཅུག་ནས་མཆི་མ་བཏང་།།
 
འཁོན་རྡུང་རེས་ཉི་མའི་གྲངས་མཉམ་བྱས།།
སྦྱངས་བསླབ་འབྲས་འཛིན་གྲྭའི་སྟོད་ན་ཡོད།།
དཔའ་བློ་གྲོས་གཉིས་ཀ་ལྡན་ཡོད་བསམ།།
ལབ་སྐྱག་རྫུན་ཡིན་ན་ཨོ་བྷ་མ།།
         ༢༠༡༢་༧་༢༤

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱིས་དུས་ཀྱི་འཚོ་བ།

2013-02-01 མདའ་མར་ལོ། ཀློག་གྲངས། མཆན ཡོད།


སྦྲ་མཐིང་སྨུག་ཞིག་གི་ཐུ་འོག་ནས་།།
ས་དཀར་པོས་བཟོས་པའི་ཐབ་རྩ་རུ།།
ངག་ངུ་བའི་དབྱངས་ལ་འགྲོག་བཞིན་དུ།།
གླིང་འཛམ་བུ་གླིང་དུ་འབྱོར་ཐོ་བཀོད།།
 
གོས་འཛིན་ཁུག་ནང་ནས་ཐར་ཙམ་ནས།།
བུ་པྲ་ཚགས་ཤིག་གི་གླེང་ཕྱོགས་བྱུང་།།
དྲིན་ཕ་མའི་བྱམས་བརྩེའི་སྤྱན་འོག་ནས།
ལོ་དྲུག་བདུན་དྲན་པའི་ཡུལ་དུ་བཞག།
 
སྤུན་མིང་སྲིང་ལྔ་ཡིས་ལྷན་གཅིག་ཏུ།།
སྤང་གོས་ལྗང་སྟེང་ནས་རྩེད་རྭ་བསྒྲིགས།།
རྩྭ་མེ་ཏོག་བསླེས་ཏེ་ཞྭ་ལྷམ་བཟོས།།
རྭ་ཐེ་གེ་བཏུས་ནས་སྒོ་ཟོག་བྱས།།
ཤིང་དབྱུག་པའི་རྟ་ལ་རས་མཐུར་བཞག།
ཉ་སྦལ་བ་བདེ་མོའི་ཚང་ནས་དེད།།
བྲ་བྱེའུ་འཛིན་གསོད་གཉིས་ཀ་བྱས།།
དོན་གང་བསྒྲུབས་ཕལ་ཆེར་མ་རབས་ལས།
 
ལུས་གོས་ཀྱིས་མ་བཏུམ་བེའུ་རྫིར་རྒྱུགས།།
འདམ་ལྕི་བ་བསམ་བཞིན་ལུས་ལ་བྱུགས།།
མར་བོ་ལོ་ཞིག་གི་བྱ་དགའ་ལ།།
ཡིད་གཏིང་ནས་ཚིམ་སྟེ་གཉིད་ལ་ཤོར།།
 
ལོ་དགུ་ཡི་སྟེང་དུ་ཤོ་དོ་ནས།།
རྒྱབ་དཔེ་ཁུག་ཁུར་ནས་སློབ་གྲྭར་སོང་།།
ཡུལ་ཕ་མ་དྲན་པས་མཚན་མོ་རེར།།
མགོ་རུམ་དུ་བཅུག་ནས་མཆི་མ་བཏང་།།
 
འཁོན་རྡུང་རེས་ཉི་མའི་གྲངས་མཉམ་བྱས།།
སྦྱངས་བསླབ་འབྲས་འཛིན་གྲྭའི་སྟོད་ན་ཡོད།།
དཔའ་བློ་གྲོས་གཉིས་ཀ་ལྡན་ཡོད་བསམ།།
ལབ་སྐྱག་རྫུན་ཡིན་ན་ཨོ་བྷ་མ།།
         ༢༠༡༢་༧་༢༤

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།