དབྱངས་ཀྱི་རོལ་མོ།

ལྷ་ཡི་རླུང་བུ་གཤིན་པོའི་རྣམ་ཤེས་བཞིན་དུ་ཕྱོགས་སུ་ཡང་ཡང་རྒྱུ།།
ལྗང་མདོག་རྒྱན་གྱིས་རབ་ཏུ་སྤུད་པ་ལྗོན་པའི་བུ་མོ་འདི་དག་ནི།།
མཉེན་ལྕུག་གར་གྱི་ཉམས་འགྱུར་ངོམ་ལ་དགའ་ཞིང་སྨྱོས་པའི་ལུས་ཕྲ་བཞིན།།
གསེར་གྱི་རྣ་རྒྱན་བུང་བ་སེར་པོ་གཡོ་བའི་སྒྲ་དང་ལྷན་དུ་བསྐྱོད།།

ལྕང་མ་ཡོམ་ཡོམ་འགུལ་བའི་སྟེང་ན་སྐད་སྙན་བྱེའུ་ཆུང་འཇོལ་མོ་ནི།།
རོལ་དབྱངས་རྒས་པོ་ཆང་གིས་རབ་ཏུ་སྨྱོས་པ་ཡིན་ནམ་ཡང་ན་ནི།།
དབྱངས་ཀྱི་ལྷ་མོའི་རོལ་ཆའི་རྒྱུས་སྐུད་འཁྲུག་པ་བཞིན་དུ་མཐོ་དམའ་དང་།།
ཕྲ་སྦོམ་མ་ངེས་དུས་རབས་འདི་ཡི་རོལ་དབྱངས་སྣ་ཚོགས་དཀྲོལ་བཞིན་མཆིས།།

ཀུན་གསལ་བུ་མོས་ལྗོན་པའི་འོག་ཏུ་གཉིད་དུ་ཤོར་བའི་གཞོན་ནུ་དེའི།།
ཕུགས་བསམ་རྨི་ལམ་དཀྲོག་པའི་ཆེད་དུ་འོད་ཐིགས་སྒོར་མོའི་ལྕགས་དཀྱུ་ཡིས།།
ཤེས་རབ་མིག་དབང་འབྱེད་ལ་བརྩོན་ཡང་སྣ་ཚོགས་ལོ་མའི་གྲིབ་བསིལ་གྱིས།།
གཞོན་ནུའི་འཕྲུལ་སྣང་རྨི་ལམ་ཞིང་གི་ཕྲ་མོའི་བདེ་བ་སྲུང་བར་བྱས།།

གཙང་ཆུ་སྔོན་མོ་ཞུར་པའི་རླབས་རྩེ་ཕ་བོང་ཞིག་དང་བརྡབ་པ་ན།།
གྱེན་དུ་འཕྱུརབའི་ཆུ་ཐིིགས་ཕྲ་མོ་དེ་ཡིས་དལ་བུ་དལ་བུ་རུ།།
ལྗོན་པའི་ལོ་འདབས་ལྷན་དུ་འབྲེལ་བའི་ལག་ཟུང་དྲོ་མོའི་སེང་དབར་ནས།།
གཞོན་ནུ་དེ་ཡི་ཚོགས་དྲུག་དབང་པོའི་སྒོ་ཆེན་ལྷོད་ཀྱིས་ཕྱེས་ཏེ་བུད།།

དུས་ཚོད་གཉིས་ཙམ་གཉིད་དུ་ཡུར་བའི་སྟག་ཤར་གཞོན་ནུ་རིག་རྒོད་དེས།།
རང་གི་འདྲེན་བྱེད་དལ་གྱིས་ཕུར་ཞིང་བྱ་རྨྱང་ལན་འགའ་བྱས་དང་ལྷན།།
སླར་ཡང་དབང་ཤེས་གྲུང་པོར་གྱུར་ཏེ་སེམས་པ་ཕྱི་རོལ་ཡུལ་ལ་གཡེངས།།
སྨིན་ལེགས་མ་ཡི་དབྱངས་ཀྱི་གོམ་སྒྲ་འཁྲི་ཤིང་འཁྲིལ་བའི་བར་ནས་ཐོས།།

དགུང་སྔོན་དབྱིངས་ན་བྱ་ཞིག་ཕུར་འགྲོ་དེ་ནི་བདག་གི་སེམས་པ་རེད།།
སྤང་ལྗོངས་ངོས་ན་མེ་ཏོག་བཞད་པ་དེ་ནི་བདག་གི་ལང་ཚོ་ཡིན།།
གཡང་དཀར་ལུ་གུའི་རིལ་མ་ནག་པོ་སྟར་ལ་བརྒྱུས་པའི་ཕྲེང་བ་འདི།།
ང་དང་གཡང་དཀར་མ་མོ་གཉིས་ཀྱི་སེམས་པ་འབྲེལ་བའི་རྒྱན་ཆ་ཡིན།།

གཡང་ལུག་ཁྱུ་དང་ཁྱུ་རྗེས་སྙེག་པའི་རྩྭ་ཐང་བུ་མོའི་མགྲིན་པ་ལས།།
ལྷུང་བའི་ལ་གཞས་རྣ་བའི་བུ་རམ་གངྒའི་བུ་མོས་ཐོས་པ་ན།།
སྲིད་ན་དྲུག་ཅུའི་དབྱངས་ཀྱི་བདག་པོ་གཞན་ཞིག་ཡོད་དམ་ཡང་ན་ཞེས།།
སྤྲིན་དཀར་ལེབ་མོའི་གཞོན་པར་བརྟེན་ནས་ཕྱོགས་སུ་སྤྱན་གྱི་གཡོ་བ་མཛད།།
བུ་མོའི་མགྲིན་གླུ་སྟག་ཤར་གཞོན་ནུའི་ཐོས་འཛིན་བུ་གས་བསུས་པ་ན།།
འདོད་ལྡན་མིག་གི་དབང་པོ་འགུལ་ཞིང་དྲི་ཞོན་དབྱངས་ཀྱི་རྗེས་སུ་སྙེག།།
གཡང་དཀར་མ་མོ་རྩྭ་ཡི་མགོ་བོ་མགྲིན་པར་བཅུག་ཅིང་ལྡད་པའི་འགྲམ།།
རྩྭ་ཐང་བུ་མོ་གླུ་དབྱངས་ལེན་བཞིན་མེ་ཏོག་འཐུ་བའི་གཟུགས་བརྙན་མངོན།།

སྟག་ཤར་བུང་བའི་གཤོག་ཟུང་ཡངས་མོ་འདོད་སྲེད་རླུང་བུས་དགུང་ལ་བཏེགས།།
འཇམ་ཞིང་དལ་བའི་གོམ་སྟབས་རེ་རེ་གླུ་དབྱངས་སྙན་མོའི་ཕྱོགས་སུ་བསྐྱོད།།
གཉིས་གཤིབ་ལན་བུའི་སྐྲ་ལོ་བཅིངས་པའི་ན་ཆུང་གཞོན་ནུ་ལང་ཚོ་མ།།
ངོ་ཚས་སྐྱེངས་པའི་བཞིན་གྱི་རྣམ་འགྱུར་ཆུ་སྐྱེས་དམར་པོ་བཞད་པ་བཞིན།།

དམ་བེ་གཅིག་གིས་སེམས་པ་འཁྱོར་བའི་སྙན་ངག་པ་ཡི་སོར་རྩེ་ནས།།
སྦྲང་ཆར་བཞིན་དུ་ལྷུང་ལྷུང་བབས་པའི་འཆར་ཡེན་སྣང་བ་སྐྱིད་པོ་འདི།།
སྐབས་འགར་གཞན་ལ་དགོད་སྒྲ་སློང་བའི་སྒྱུ་མ་མཁན་གྱི་མེ་ལོང་དང་།།
རེས་འགའ་རང་གི་སེམས་པ་གསོ་བའི་ཆུང་འདྲིས་ཤིག་གི་སོར་གདུབ་བཞིན།།
      འདི་ནི་གུས་པའི་ལོ་གསར་པའི་ནང་གི་སྙན་ངག་དང་པོ་དེ་ཡིན། ༢༠༡༣ /  ༡ / ༢༢ ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཀྱི་རོལ་མོ།

2013-02-01 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།