བསྐལ་བའི་གྱོང་ཆེན།

མགོན་པོ་སྐྱབས།༼རྨ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-30

             ___ཟླ་མེད་མཁས་པ་ཀུན་གྱི་ཡང་རྩེ་མཚུངས་མེད་རིགས་པའི་དཔའ་བོ་དགེ་བའི་བཤེས་གཉེན་དམ་པ༧འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་དུ།                         

འཇམ་པའི་གཤིས་ཀྱིས་གདུལ་བྱའི་ཡིད་རབ་དྲངས།།
དབྱངས་ལྡན་གསུང་གིས་སྐལ་ལྡན་དང་བ་འདྲེན།།
ཁེ་གྲགས་དོན་ལ་མི་གཉེར་སེམས་དཔའ་པ།།
རྒྱལ་བའི་གདུང་འཚབ་བཤེས་གཉེན་གང་དེ་རྒྱལ།།
 
བརྒྱུད་པའི་ཆུ་བོ་ཐུགས་ཀྱི་གོང་བུར་འཁྱིལ།།
མན་ངག་རིན་ཆེན་གདམས་པའི་མཛོད་དུ་འཛིན།།
བྱམས་དང་བརྩེ་བའི་གཏེར་གྱུར་རྒྱལ་བའི་སྲས།།
བཤེས་གཉེན་དམ་པའི་མཆོག་གིས་དགེ་ལེགས་སྩོལ།།
 
རྒྱུ་སྐར་གྲངས་མེད་དབུས་ན་ཉ་རྒྱས་ཟླ།།
རང་བྱུང་ནགས་མའི་ཁྲོད་ན་དཔག་བསམ་ཤིང་།།
ཕྱོགས་བཞིའི་ས་འཛིན་དབུས་ན་ཏི་སེ་གངས།།
མཁས་མང་ཚོགས་པའི་དབུས་ན་བདག་གི་བཤེས།།
 
ཐོས་པ་སྣ་མང་ཤེས་བྱའི་གཏེར་དུ་གྱུར།།
བསམ་པ་དངོས་འཛིན་སྒྲོ་འདོགས་ལྷག་མེད་བསལ།།
སྒོམ་པ་བྱིང་རྨུག་མཐའ་ལ་མ་ལྟུང་བ།།
རྒྱལ་བའི་སྲས་མཆོག་ཁྱེད་ཉིད་སྙིང་ནས་དྲན།།
 
གསར་རྙིང་རིག་པའི་གནས་ལ་སྦྱངས་པས་མཁས།།
ཞི་དུལ་བག་ཡོད་ཁེངས་སེམས་སྤངས་པས་བཙུན།།
རླབས་ཆེན་སློབ་གསོའི་ལས་དོན་བསྐྱངས་པས་བཟང་།།
མཁས་བཙུན་བཟང་གསུམ་འཛོམས་པ་བདག་གི་བཤེས།།
 
མཁྱེན་པས་མཐའ་དག་ཤེས་བྱའི་གནས་རྣམས་གཟིགས།།
བརྩེ་བས་སྐལ་བཟང་བུ་སློབ་གྲངས་མེད་བསྐྱངས།།
ནུས་པས་གངས་ལྗོངས་རིག་གནས་ཉམས་གསོ་མཛད།།
ཆེར་སྙིགས་ལྔ་བདོའི་དུས་འདིར་ཁྱེད་འདྲ་དཀོན།།
 
འཆད་པའི་ཚེ་ན་རྒྱ་བོད་ལུང་འདྲེན་མང་།།
དེ་ཉིད་སྟོན་ལ་རིགས་པའི་གསང་ཚིག་མང་།།
གཞུང་དོན་རྟོགས་ལ་ངོ་མཚར་དཔེ་རྒྱན་མང་།།
འགག་མེད་གསུང་ལ་སྐལ་བཟང་བློ་བསྐྱེད་མང་།།
 
ཆེན་པོའི་འགྱིང་ཉམས་སྟོན་པའི་ཁེངས་དྲེགས་མེད།།
ཟིང་ཟིང་ནོར་རྫས་བསགས་པའི་ཧམ་སེམས་མེད།།
ཕ་རོལ་གཞན་མགོ་བསྐོར་བའི་གཡོ་སེམས་མེད།།
ཅོལ་ཆུང་ཕལ་བའི་ཉམས་ཀྱི་ཚུལ་འཆོས་མེད།།
 
གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི།།
འབུམ་སྡེ་ལ་སོགས་ཐུན་མིན་རིག་གནས་དང་།།
ཐུན་མོང་སྒྲ་ཚད་བཟོ་གསོ་ལ་སོགས་པ།།
རིག་པའི་གནས་རྣམས་འཆད་ལ་དོ་ཟླ་མེད།།
 
ཆེན་པོའི་མཚན་གྱི་ཅོད་པན་འཛིན་པ་དང་།།
ཟིང་ཟིང་ནོར་གྱིས་དྲེགས་པ་མང་ན་ཡང་།།
གངས་ལྗོངས་ཤེས་རིག་དར་སྤེལ་གཏོང་བ་ལ།།
ཚེ་དང་སྲོག་གིས་འབད་པ་ཁྱེད་འདྲ་དཀོན།།
 
ཕྱོགས་རེས་ཉི་འཚེ་ཙམ་ལ་ཞིབ་འཇུག་ཅེས།།
ཆེ་བར་རློམ་པའི་ཆེད་མཁས་མང་བགྲང་ཡང་།།
བཅུ་ཕྲག་རིག་པའི་གནས་ཀུན་ལེགས་མཁྱེན་པ།།
སློབ་གླིང་མཁས་པའི་ཁྲོད་ན་ཁྱེད་འདྲ་དཀོན།།
 
སྐུ་ཚེ་ཧྲིལ་བོ་བོད་ཀྱི་སློབ་གསོར་བསྟིམས།།
སྐལ་ལྡན་བུ་སློབ་སྐར་ཚོགས་བཞིན་དུ་བསྐྱངས།།
སྔོན་མེད་ལེགས་བཤད་བསྟན་བཅོས་གང་མང་བརྩམས།།
མཛད་པ་འཕྲིན་ལས་རྒྱལ་བའི་རྗེས་སུ་འགྲོ།།
 
ལུང་རྟོགས་གཡུ་རལ་སྔོན་མོ་མཁའ་རུ་གསིག།
རྩོད་ངག་གད་རྒྱངས་གནམ་ས་འདར་བའི་ལྕེ།།
རིགས་པའི་སེང་གེ་མཚུངས་མེད་བླ་མའི་ཞབས།།
རྒྱལ་བསྟན་གངས་ཀྱི་རི་བོའི་རྒྱལ་མཚན་ཏོག།
 
འཆད་རྩོད་རྩོམ་པའི་མཛད་བཟང་རླབས་པོ་ཆེས།།
ཡང་དར་རིག་གནས་མེ་ཁ་སླར་ཡང་གསོས།།
མཁྱེན་བརྩེ་ནུས་པའི་དཔུང་བ་གཏུམ་པོ་ཡིས།།
གངས་ལྗོངས་གཙུག་ལག་གླིང་བཞིའི་ཁམས་སུ་བསྐྱེད།།
 
སྐྱེས་ཆེན་ཕལ་ཆེར་འདོད་ཡོན་ཆོས་ལ་སྤྱོད།།
མཁས་རློམ་ཕལ་ཆེར་ཚོང་ཟོང་ལས་ལ་བྲེལ།།
གངས་ལྗོངས་རིག་གནས་སུ་ཡིས་དར་སྤེལ་གཏོང་།།
ཁྱེད་ཉིད་གཤེགས་པ་བསྐལ་བའི་གྱོང་ཆེན་ཉིད།།
 
མཁས་ཆེན་ཕལ་ཆེར་ཞི་བའི་དབྱིངས་སུ་གཤེགས།།
དཔོན་ཆེན་ཕལ་ཆེར་རང་དོན་སྒྲུབ་ལ་བྲེལ།།
བོད་ཀྱི་སྲིད་འབྱོར་གནམ་སྟོང་མལ་དུ་ལྷུང་།།
ཁྱེད་ཉིད་གཤེགས་པ་བསྐལ་བའི་གྱོང་ཆེན་ཉིད།།
 
ཆེན་པོའི་སྲིད་ལུགས་མ་མཐུན་འཁྲུག་པས་རྒུད།།
གཙུག་ལག་རིན་ཆེན་རྒྱུད་འཛིན་མེད་པས་ཉམས།།
ཆོལ་གསུམ་འགྲོ་བར་ལམ་སྟོན་སྟོང་བས་ཕོངས།།
མ་འོངས་གངས་ལྗོངས་རེ་ལྟོས་སུ་ལ་འཆའ།།
 
སྲིད་ན་བསྔགས་པར་འོས་པ་དམ་པའི་གཤིས།།
ས་གསུམ་འགྲོ་བའི་མཆོད་སྡོང་མཁས་པའི་ཚུལ།།
རྟོགས་པ་ཀློང་བརྡོལ་མཚུངས་མེད་བླ་མའི་ཞབས།།
མཚན་ཉིད་བཅུ་ལྡན་དོན་གྱི་དགེ་བའི་བཤེས།།
 
གདོང་དམར་བསོད་ནམས་ཆུང་བའི་ལས་སྐལ་གྱིས།།
རིགས་པའི་དཔའ་བོ་མཁའ་ལྡིང་དབང་བོའི་ཁྱུ།།
རེ་རེ་བཞིན་དུ་མ་བཞུགས་བཞུད་པ་འདིས།།
སྐྱོ་བའི་སྙིང་ལ་ན་བའི་ཟུག་རྔུ་འབྱིན།།
 
རིག་པའི་དཔའ་བོ་འབུམ་གྱི་དྭངས་མའི་རྩེ།།
ཐུབ་བསྟན་གླིང་བཞི་གསལ་བའི་ཉིན་བྱེད་དབང་།།
གངས་ལྗོངས་ལས་སྐལ་དམན་པའི་རྐྱེན་དབང་གིས།།
ཆོས་དབྱིངས་ཆུ་ལྷའི་ཕང་བར་གཟིམས་འདིས་སྐྱོ།།
 
དེ་ལྟ་ན་ཡང་རྟེན་འབྱུང་སྒྱུ་མའི་གར།།
མཐའ་བཞིས་བསྡུས་པའི་འཁོར་བའི་དེ་ཉིད་དོན།།
ཆོས་ཉིད་གནམ་གྱི་རྒྱལ་མོའི་བཀའ་ལུང་གིས།།
མ་ཁྱབ་ཁམས་གསུམ་འཁོར་བའི་གནས་མེད་དོ།།
 
གང་གི་མཛད་ཆེན་བསམ་གྱིས་མི་ཁྱབ་པ།།
ངོ་མཚར་འཕྲིན་ལས་རྣམ་བཞིའི་དགེ་མཚན་ཀུན།།
ལྕེ་བརྒྱར་སྤྲུལ་ནས་སྨྲས་ཀྱང་རྫོགས་མིན་ན།།
ཉམ་ཆུང་བདག་འདྲས་སྨྲ་བར་ག་ལ་སྤོབས།།
 
གང་ཟག་གཅིག་ལ་དམ་པའི་མཛད་ཆེན་ཀུན།།
མ་ལུས་རྫོགས་པར་མངའ་བ་ཁྱེད་འདྲ་བ།།
སྔོན་ཆད་རེ་གཉིས་ཕྱིས་ཀྱང་འབྱུང་དཀོན་ན།།
ལས་ཀྱིས་གདུལ་བྱར་གྱུར་འདི་སྐལ་བ་བཟང་།།
 
སུམ་བརྒྱ་དྲུག་ཅུའི་རྩ་རྣམས་སྤྲུལ་སྐུར་དག།
ཉིས་ཁྲི་ཆིག་སྟོང་རླུང་རྣམས་ལོངས་སྐུར་རྫོགས།།
འཕོ་མེད་ཐིག་ལེ་སེམས་ཉིད་ཆོས་སྐུར་སྨིན།།
སེམས་དཔའ་ཁྱེད་ཀྱིས་བསྐལ་བརྒྱར་རྗེས་འཛིན་ཤོག།
 
གདུང་བས་འབོད་དོ་མཚུངས་མེད་བླ་མའི་རྗེ།།
གསོལ་བ་འདེབས་སོ་བྱིན་རླབས་སྣང་བའི་གཏེར།།
གངས་ལྗོངས་འགྲོ་བའི་འཕྲིན་ལས་རྒྱས་པའི་ཕྱིར།།
རྨད་བྱུང་ཐུགས་བསྐྱེད་ཆེན་པོས་དབུགས་དབྱུང་མཛོད།།
 
དེ་སྐད་རྗེས་དྲན་ངག་རིག་གང་གཱའི་རྒྱུན།།
སྒྲོ་སྐུར་ཚངས་པའི་རལ་བར་མ་བཅིངས་ཤིང་།།
འུད་བསྟོད་ཛ་ཧུའི་བུ་མོར་མ་སྦྲུམ་པར།།
གཟུར་གནས་གངས་ཕྲུག་སློབ་བུའི་ངག་ལས་བྱུང་།།
     ཞེས་པ་འདི་ནི་དམ་པ་གང་ཉིད་ཀྱིས་ཡུན་རིང་བརྩེ་བའི་དྲིན་གྱིས་བསྐྱངས་པའི་བུ་སློབ་སྐར་ཚོགས་ལྟར་བཀྲ་བའི་ཡང་མཐའ་སློབ་བུ་མགོན་པོ་སྐྱབས་སུ་འབོད་པས་རབ་རྒྱན་ས་གླང་ལོའི་དབོ་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་འཕྲལ་དུ་བྲིས་པ་འདིས་ཀྱང་ཚེ་རབས་ཕྲེང་བར་དམ་པ་གང་གིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྐལ་བའི་གྱོང་ཆེན།

2013-01-30 མགོན་པོ་སྐྱབས།༼རྨ་ལྷོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།