བདེན་གྲུབ་མ།

            ____སྤུ་སྐྱེས་བུ་མོའི་ཁག་བཅུ་བཞི་བ།
རང་བཞིན་དུ་གྲུབ་པ་མིན་ཡང་།།
གཏན་མེད་དུ་སོང་བ་མིན་པས།།
ཐ་སྙད་པའི་ཞེན་པའི་བློ་ལ།།
བདེན་གྲུབ་མ་ཁྱོད་རང་མཛེས་སོ།།
 
མིག་ཟུང་ནི་སྣ་རྩེར་གཏད་ནས།།
ཚོགས་ཞིང་ཞིག་གསལ་འདེབས་བྱས་ན།།
ལྷ་ཚོགས་ཀྱི་གཙོ་སྐུ་ཁྱོད་རེད།།
འོད་སྦུག་ནས་སྙིང་ཀར་འཐིམས་ཐལ།།
 
དང་ཀ་དེ་ཆོས་ཀྱི་འཁོར་ལོར།།
སེམས་དཔའ་ནི་སུམ་བརྩེགས་མ་ཤོང་།།
བདག་གཅེས་ཀྱི་ཕྱིང་དཀར་གྲུ་བཞིར།།
ཐུགས་དམ་ནི་ལྷོད་ལྷོད་བགྱི་རོགས།།
 
སྒྱུ་ཆོས་ཀྱི་གྲོང་ལ་འཁྱམས་ནས།།
སེམས་པ་དེ་རེ་ཞིག་ཡན་ཡང་།།
མེ་ལོང་ལ་བཏབ་པའི་ཧ་བཞིན།།
ཡིད་ཙམ་ནས་ཁྱོད་ལ་སིམ་འགྲོ །
 
སྤྱིར་ཡིན་ན་ངར་འཛིན་བཙན་པོས།།
ཡོད་ཡོད་པོ་ཁྱིམ་ལ་ཁུར་ཡོང་།།
བདེན་གྲུབ་མར་མི་བདེ་བྱུང་ཚེ།།
བདག་གཞན་དང་མཉམ་པོར་བརྗེ་ཕོད།།
 
སྤྱི་མཐུན་ཀྱི་ལས་སྨོན་ཙམ་པོས།།
འདུ་ར་འདིའི་ཟེ་བར་བཏགས་རུང་།།
འདུ་བྲལ་གྱི་རླུང་བུ་གཡུགས་ན།།
ཁུར་མོང་བཞིན་ཁུར་ནས་ཨེ་འགྲོ །
         
ཐེ་ཚོམ་དང་དོགས་པ་དབོས་ནས།།
སྒོམ་ཞུགས་ལ་བར་ཆད་ཐེབས་ཐལ།།
དལ་འབྱོར་འདི་སྟོང་བར་ཟད་ཀྱང་།།
ཁྱོད་ཐོབ་ན་འཁོར་བའི་ཆོག་གོ །
 
འཚོ་བ་ཡི་བྲག་ཁུང་ནང་ནས།།
ཁྱོད་སྒྲུབ་པའི་སྒོམ་པ་ཞིག་གིས།།
བརྩེ་དུང་གི་ལམ་གྱི་རིམ་པ།།
གནད་གཅིག་ཏུ་འདི་ན་དྲིལ་ཡོད།།
              2013 1 11
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་གྲུབ་མ།

2013-01-26 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

            ____སྤུ་སྐྱེས་བུ་མོའི་ཁག་བཅུ་བཞི་བ།
རང་བཞིན་དུ་གྲུབ་པ་མིན་ཡང་།།
གཏན་མེད་དུ་སོང་བ་མིན་པས།།
ཐ་སྙད་པའི་ཞེན་པའི་བློ་ལ།།
བདེན་གྲུབ་མ་ཁྱོད་རང་མཛེས་སོ།།
 
མིག་ཟུང་ནི་སྣ་རྩེར་གཏད་ནས།།
ཚོགས་ཞིང་ཞིག་གསལ་འདེབས་བྱས་ན།།
ལྷ་ཚོགས་ཀྱི་གཙོ་སྐུ་ཁྱོད་རེད།།
འོད་སྦུག་ནས་སྙིང་ཀར་འཐིམས་ཐལ།།
 
དང་ཀ་དེ་ཆོས་ཀྱི་འཁོར་ལོར།།
སེམས་དཔའ་ནི་སུམ་བརྩེགས་མ་ཤོང་།།
བདག་གཅེས་ཀྱི་ཕྱིང་དཀར་གྲུ་བཞིར།།
ཐུགས་དམ་ནི་ལྷོད་ལྷོད་བགྱི་རོགས།།
 
སྒྱུ་ཆོས་ཀྱི་གྲོང་ལ་འཁྱམས་ནས།།
སེམས་པ་དེ་རེ་ཞིག་ཡན་ཡང་།།
མེ་ལོང་ལ་བཏབ་པའི་ཧ་བཞིན།།
ཡིད་ཙམ་ནས་ཁྱོད་ལ་སིམ་འགྲོ །
 
སྤྱིར་ཡིན་ན་ངར་འཛིན་བཙན་པོས།།
ཡོད་ཡོད་པོ་ཁྱིམ་ལ་ཁུར་ཡོང་།།
བདེན་གྲུབ་མར་མི་བདེ་བྱུང་ཚེ།།
བདག་གཞན་དང་མཉམ་པོར་བརྗེ་ཕོད།།
 
སྤྱི་མཐུན་ཀྱི་ལས་སྨོན་ཙམ་པོས།།
འདུ་ར་འདིའི་ཟེ་བར་བཏགས་རུང་།།
འདུ་བྲལ་གྱི་རླུང་བུ་གཡུགས་ན།།
ཁུར་མོང་བཞིན་ཁུར་ནས་ཨེ་འགྲོ །
         
ཐེ་ཚོམ་དང་དོགས་པ་དབོས་ནས།།
སྒོམ་ཞུགས་ལ་བར་ཆད་ཐེབས་ཐལ།།
དལ་འབྱོར་འདི་སྟོང་བར་ཟད་ཀྱང་།།
ཁྱོད་ཐོབ་ན་འཁོར་བའི་ཆོག་གོ །
 
འཚོ་བ་ཡི་བྲག་ཁུང་ནང་ནས།།
ཁྱོད་སྒྲུབ་པའི་སྒོམ་པ་ཞིག་གིས།།
བརྩེ་དུང་གི་ལམ་གྱི་རིམ་པ།།
གནད་གཅིག་ཏུ་འདི་ན་དྲིལ་ཡོད།།
              2013 1 11
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།