བསམ་གཞིགས་ཐོངས།


ཞིང་ཁམས་དགུ་ཚིགས་རིང་མོའི་རྐྱ་བར་ནས།།
ཐུགས་སྨོན་སྐྱ་རེངས་ཀྱིས་བསུས་སྤྲུལ་བའི་སྐུ།།
བསྟན་འགྲོའི་ཚེ་སྲོག་གཤིན་རྗེའི་སྡེར་འོག་ཏུ།།
ཆུད་པའི་ཚུལ་ལ་བཏང་སྙོམས་རིགས་མིན་དགོངས།།
 
སྡོམ་གསུམ་པད་དཀར་འདབ་མ་སྙིགས་འདམ་གྱིས།།
མ་གོས་འཛུམ་གྱིས་གྲོལ་བའི་རབ་བྱུང་སྡེ།།
ཀློག་སྤོང་ལས་ཀྱི་འཁོར་ལོར་མ་གཏོགས་པའི།།
ཉོ་ཚོང་ནོར་སྒྲུབ་སྟོན་པས་གནང་མིན་སོམས།།
 
འོག་གཞི་གཅིག་ན་རྗེས་སུ་ལུས་པའི་བརྡ།།
རིང་ཙམ་སྦྱར་བའི་གདོང་བ་དམར་པོའི་རིགས།།
ལ་རྒྱ་གྲི་མདུང་རྩེ་ནས་འཛིན་སྟངས་འདི།།
བྱམས་སྙིང་བདག་པོར་གླེང་ལ་མཐུན་མིན་ལྟོས།།
 
ཡིད་ཆེས་མིག་འོད་གང་ལ་འཁྱུད་པ་ཡི།།
རེ་བ་འབུམ་གྱིས་བཞེངས་པའི་དེང་གི་དཔོན།།
དྲང་བདེན་རྒྱུ་འབྲས་སྒོར་གྱི་མཆེ་བར་ཏུ།།
ཤོར་བའི་དུས་འདི་སུ་ཡིས་བསྐྲུན་ལ་དཔྱོད།།
 
སློབ་རྭའི་མཁའ་དབུགས་སྙིང་ལ་ཡུན་རིང་དུ།།
ཐིམ་པའི་ཤེས་མཐོང་ཡངས་པའི་སློབ་ཆེན་པ།།
ནང་བསྟན་ཆོས་དང་མ་འདྲིས་བོད་པའི་གཞུང་།།
གང་ཡོད་ཐད་ལ་དཔྱོད་པ་ཞིབ་མོ་གྱིས།།
 
ཤེས་ལྡན་སྡེ་ན་རིགས་པ་ལྟར་སྣང་གིས།།
སེམས་ཀྱི་རྒྱུ་ཕྱོགས་དྲངས་པའི་རྟོག་གེ་བ།།
གནའ་དེང་རིག་གནས་བཅུད་སྙིགས་མ་ཕྱེ་བར།།
ཡ་གཅིག་རྡུལ་དུ་བཟོ་དགོས་རྒྱུ་མཚན་ཚོལ།།
                                          ༢༠༡༢ ༧ ༢༣ཉིནབྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་གཞིགས་ཐོངས།

2013-01-21 མདའ་མར་ལོ། ཀློག་གྲངས། མཆན ཡོད།


ཞིང་ཁམས་དགུ་ཚིགས་རིང་མོའི་རྐྱ་བར་ནས།།
ཐུགས་སྨོན་སྐྱ་རེངས་ཀྱིས་བསུས་སྤྲུལ་བའི་སྐུ།།
བསྟན་འགྲོའི་ཚེ་སྲོག་གཤིན་རྗེའི་སྡེར་འོག་ཏུ།།
ཆུད་པའི་ཚུལ་ལ་བཏང་སྙོམས་རིགས་མིན་དགོངས།།
 
སྡོམ་གསུམ་པད་དཀར་འདབ་མ་སྙིགས་འདམ་གྱིས།།
མ་གོས་འཛུམ་གྱིས་གྲོལ་བའི་རབ་བྱུང་སྡེ།།
ཀློག་སྤོང་ལས་ཀྱི་འཁོར་ལོར་མ་གཏོགས་པའི།།
ཉོ་ཚོང་ནོར་སྒྲུབ་སྟོན་པས་གནང་མིན་སོམས།།
 
འོག་གཞི་གཅིག་ན་རྗེས་སུ་ལུས་པའི་བརྡ།།
རིང་ཙམ་སྦྱར་བའི་གདོང་བ་དམར་པོའི་རིགས།།
ལ་རྒྱ་གྲི་མདུང་རྩེ་ནས་འཛིན་སྟངས་འདི།།
བྱམས་སྙིང་བདག་པོར་གླེང་ལ་མཐུན་མིན་ལྟོས།།
 
ཡིད་ཆེས་མིག་འོད་གང་ལ་འཁྱུད་པ་ཡི།།
རེ་བ་འབུམ་གྱིས་བཞེངས་པའི་དེང་གི་དཔོན།།
དྲང་བདེན་རྒྱུ་འབྲས་སྒོར་གྱི་མཆེ་བར་ཏུ།།
ཤོར་བའི་དུས་འདི་སུ་ཡིས་བསྐྲུན་ལ་དཔྱོད།།
 
སློབ་རྭའི་མཁའ་དབུགས་སྙིང་ལ་ཡུན་རིང་དུ།།
ཐིམ་པའི་ཤེས་མཐོང་ཡངས་པའི་སློབ་ཆེན་པ།།
ནང་བསྟན་ཆོས་དང་མ་འདྲིས་བོད་པའི་གཞུང་།།
གང་ཡོད་ཐད་ལ་དཔྱོད་པ་ཞིབ་མོ་གྱིས།།
 
ཤེས་ལྡན་སྡེ་ན་རིགས་པ་ལྟར་སྣང་གིས།།
སེམས་ཀྱི་རྒྱུ་ཕྱོགས་དྲངས་པའི་རྟོག་གེ་བ།།
གནའ་དེང་རིག་གནས་བཅུད་སྙིགས་མ་ཕྱེ་བར།།
ཡ་གཅིག་རྡུལ་དུ་བཟོ་དགོས་རྒྱུ་མཚན་ཚོལ།།
                                          ༢༠༡༢ ༧ ༢༣ཉིནབྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།