སྡིག་པའི་མེ་ཏོག

དུ་བ་སྔོ་ཕྱུར་ཕྱུར་དུ།།
གློ་མཆིན་ནག་ཆིལ་ཆིལ་དུ།།
གྲུང་ཤ་དོད་པའི་གཟུགས་པོ།།
ངར་ཤུགས་ལྡན་པའི་སེམས་པ།།
ཅི་ཡང་མེད་པར་བཟོས་སོང་།

ཨ་ཕ་དུ་བས་བསད་སོང་།
ཨ་མ་དུ་བས་སྨྱོ་སོང་།
ཆུང་མ་དུ་བས་བཟས་སོང་།
བུ་ཆུང་ཉམ་ཆུང་འདི་ཡང་།
སྡིག་ཅན་འདིས་བཟའ་བར་འདུག།

ནང་གི་སྒོ་མོ་འདིས་བླུས།།
ཕ་མའི་ཟུར་ཕུད་འདིས་བྱས།།
མི་ཡི་འཕྱ་དམོད་འདིས་ཉོས།།
རྩུབ་པའི་སྡིག་པའི་མེ་ཏོག།
ད་ཁྱོད་བདག་ལ་མ་བཅར།།
ད་ལྟ་ཉིད་དུ་རྒྱུགས་ཤིག།

ཨ་ཕ་སྐུ་ཚེ་རིང་ན།།
ཨ་མ་སྐུ་གཟུགས་བདེ་ན།།
ཆུང་མ་ང་དང་འགྲོག་ཆེད།།
བུ་ཆུང་རིག་པ་གསལ་ཆེད།།
སྡིག་པའི་མེ་ཏོག་གཡུག་ཞོག།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡིག་པའི་མེ་ཏོག

2013-01-21 མེ་འབར། ཀློག་གྲངས། མཆན ཡོད།

དུ་བ་སྔོ་ཕྱུར་ཕྱུར་དུ།།
གློ་མཆིན་ནག་ཆིལ་ཆིལ་དུ།།
གྲུང་ཤ་དོད་པའི་གཟུགས་པོ།།
ངར་ཤུགས་ལྡན་པའི་སེམས་པ།།
ཅི་ཡང་མེད་པར་བཟོས་སོང་།

ཨ་ཕ་དུ་བས་བསད་སོང་།
ཨ་མ་དུ་བས་སྨྱོ་སོང་།
ཆུང་མ་དུ་བས་བཟས་སོང་།
བུ་ཆུང་ཉམ་ཆུང་འདི་ཡང་།
སྡིག་ཅན་འདིས་བཟའ་བར་འདུག།

ནང་གི་སྒོ་མོ་འདིས་བླུས།།
ཕ་མའི་ཟུར་ཕུད་འདིས་བྱས།།
མི་ཡི་འཕྱ་དམོད་འདིས་ཉོས།།
རྩུབ་པའི་སྡིག་པའི་མེ་ཏོག།
ད་ཁྱོད་བདག་ལ་མ་བཅར།།
ད་ལྟ་ཉིད་དུ་རྒྱུགས་ཤིག།

ཨ་ཕ་སྐུ་ཚེ་རིང་ན།།
ཨ་མ་སྐུ་གཟུགས་བདེ་ན།།
ཆུང་མ་ང་དང་འགྲོག་ཆེད།།
བུ་ཆུང་རིག་པ་གསལ་ཆེད།།
སྡིག་པའི་མེ་ཏོག་གཡུག་ཞོག།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།