མི་སྐད་ལྷ་ཡི་འགྲེལ་བ་སྟེ་ལྷ་ནི་མི་ཡིན་མི་ནི་ལྷ་ཡང་ཡིན།

ཨ་མེ་དཔུང་།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-21

ལྷ་ཡི་ཞིང་ཁམས་ཟེར་བ་སྟོང་བསམ་ཞིག་སྟེ།།
མཐོང་བ་གཟུགས་ཀྱི་རྣམ་པར་འཆར་རྒྱུ་མ་བྱུང་།།
ཉེ་རིང་ས་གནམ་སྟེང་འོག་གར་ཡང་མ་མཆིས།།
ལྷག་པར་ལྷ་དང་ལྷ་མོ་གུད་དུ་མི་བཞུགས།།

རྩད་གཅོད་ཞིབ་འཇུག་ཡང་ཡང་བྱས་པའི་མཐའ་རུ།།
ལྷ་དང་གནས་ལུགས་དྲང་བདེན་ཞི་བདེ་ལ་སོགས།།
དོན་གཅིག་མིང་གི་རྣམས་གྲངས་ངོ་བོ་དབྱེར་མེད།།
ལྷ་ནི་མི་ཡིན་མི་ནི་ལྷ་ཡང་ཡིན་ནོ།།

གཉན་པོའི་གསང་བ་མཁའ་ནས་ལྷ་ཡིས་མ་བསྐུར།།
གནམ་གྱི་ཁྲི་བདུན་མཁའ་ལ་གཤེགས་ཚུལ་ནོར་སོང་།།
རྒྱལ་བློན་གཡོ་རྒྱུ་ཅན་ཚོ་འཇམས་དབྱངས་མིན་པས།
ལྷ་ནི་མི་ཡིན་མི་ནི་ལྷ་ཡང་ཡིན་ནོ།།

རྨ་རྒྱལ་སྦོམ་རྭའི་ཕྱིང་ཞྭ་མནབས་པ་སོགས་ནས།།
གང་ག་ལྷ་མོའི་རྐབ་གདུབ་གྱོན་པ་སོགས་ཀྱང་།།
ཡུལ་མིའི་ཆ་ལུགས་ཇི་བཞིན་མནབས་ལུགས་ཡིན་པས།།
ལྷ་ནི་མི་ཡིན་མི་ནི་ལྷ་ཡང་ཡིན་ནོ།།

སུ་ལ་ལྷ་ཡི་བྱིན་རླབས་ཞུགས་སོང་ཟེར་བ།།
དེ་ཡིས་བདེན་པའི་དོན་ཞིག་རྟོགས་པ་ཡིན་ཏེ།།
གང་དེར་རྨོངས་བ་བྲལ་ཞིང་ཤེས་རབ་རྒྱས་ཤིང་།།
སྒེར་གཅོད་མཁན་པོའི་གྲིབ་དང་དྲི་ཙམ་མེད་དོ།།

རྒྱུ་ཚོགས་གྲངས་ཚང་འཛོམས་པའི་ལྷ་ཞིག་ཡིན་ན།།
ཤིན་སྦྱངས་རིག་པ་རང་གི་བླ་རུ་བཀུར་ཞིང་།།
བྱམས་བརྩེའི་ལྟ་བ་མི་ཚེའི་སྲོག་ཏུ་བཟུང་ནས།།
"འཚེ་མེད་བསྟུན་མེད"ལས་འགན་ཕྲག་ཏུ་བཞེས་ཡོད།།

ནམ་ཞིག་རང་དབང་བདེ་སྐྱིད་ལོངས་སུ་སྤྱད་ནས།།
གང་གིས་ཡོངས་ཁྱབ་རིན་ཐང་ཁོང་དུ་ཆུད་ནས།།
སུ་ཡིས་སྒམ་དཀྱེལ་དགོངས་པའི་བཙན་ས་ཟིན་ན།།
ལྷ་ཡི་རྩ་བ་ཚིགས་ཤིང་རྩེ་མོ་རྒྱས་ཡོད།།

ལྷ་ཡི་ལྷུམས་སུ་རྒྱུ་འབྲས་བློ་མིག་ཞུགས་ཡོད།།
ཆོས་ཀྱི་མཛེས་སྡུག་བརླག་པའི་བསམ་སྦྱོར་མེད་ཅིང་།།
སྲིད་ཀྱི་བླ་རྐང་གཅོག་པའི་ཐོ་བ་མ་ཡིན།།
སྐྱོན་གྱིས་མ་གོས་མད་ཅིང་སྐུ་མདོག་དཀར་རོ།།

ལྷ་ཞེས་མཆོག་ཏུ་འཛིན་པ་འགལ་འདུའི་ཕུང་བོ།།
ལྷ་མི་གཅིག་ཏུ་འདོད་པ་རིག་པའི་གློ་བ།།
ཐན་དང་ལྟས་ངན་ཡོངས་ཀྱི་རྟགས་མཚན་མ་ཡིན།།
རྟགས་དང་རྟེན་འབྲེལ་འགྲིག་པའི་གཞི་མ་ཡིན་ནོ།།

རྫུན་ལ་རམ་འདེགས་ཞུ་སའི་དཀྱིལ་སྙིང་གན་ནས།།
རྨོངས་ལ་མཐུན་རྐྱེན་སྦྱོར་སའི་སྟེགས་བུ་དེ་ནས།།
ལྷ་མི་དབྱེར་མེད་ཅེ་ན་མིག་ཟུང་ཅེར་ཅེར།།
ཆོས་སྲིད་ཟུང་འབྲེལ་ཟེར་ན་མགོ་བོ་ལྡེམ་ལྡེམ།།

གནས་ལུགས་གོ་སྟོབས་ཅན་ཚོས་ཉོན་དང་སོམས་ཤིག།
རྩོད་རིགས་འབེལ་གཏམ་སྨྲ་མཁན་མང་མང་ཡོད་ན།།
 བློ་སྦྱོང་འཛོམས་པོ་སྐོར་ཞིག་འཕར་ལངས་བྱུང་སོང་།།
འཐད་སྒྲུབ་རྒྱུ་མཚན་བཤད་མཁན་ཉུང་ཉུང་མ་རེད།།
            ༢༠༡༢ལོའི་བོད་ཟླ་༦བའི་ཚེས་༩ལ།
              ཁྲི་ཀའི་ལྷ་དབང་ལྡིང་ཁང་ནས།ཨ་མེ་དཔུང་གིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་སྐད་ལྷ་ཡི་འགྲེལ་བ་སྟེ་ལྷ་ནི་མི་ཡིན་མི་ནི་ལྷ་ཡང་ཡིན།

2013-01-21 ཨ་མེ་དཔུང་།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།