ཡི་དྭགས་སྐེ་ལ།

ཆུང་བའི་དུས་ནས་རང་གཤིས་རྒོད་པོ་མཐའ་རུ་བསྐྱོད་པའི་གླག་ཕྲུག་བཞིན།།                                                       
སོག་ཡུལ་འཛིན་མའི་ཁྱོན་ནས་གྱེས་ཏེ་རིག་སྨྲ་སྟོང་གི་གྲལ་ཏུ་འཚང་།།
ལས་སྨོན་ཆུ་བོའི་བཞུར་རྒྱུན་ཆད་པས་ངུར་སྨྲུག་གོས་ཀྱི་རིན་ཐང་བརླགས།།
ཀྱག་ཀྱོག་མི་ཚེའི་གོམ་སྟབས་དང་བོར་དགའ་སྐྱོ་འདྲེས་མའི་བཞི་ཤད་བརྒྱབ།།
 
ཕ་མའི་རེ་བ་སྒང་ཁའི་དར་ལྕོག་ལྷག་རླུང་རྒོད་པོས་བསིལ་བུར་གཏོར།།
གཉེན་མིའི་ཕུགས་འདུན་དྭངས་གསལ་ཆུ་མོ་དགུན་གསུམ་འཁྱགས་པས་དར་ལ་སྦྱར།།
ཁེར་རྐྱང་དཔའ་བའི་རྣམ་ཐར་སྐྱོང་བཞིན་རི་སྤྱང་སྔོན་མོའི་བརྟུལ་ཞུགས་བཟུང་།།
རླུང་རྟའི་དར་ཤིང་མཁའ་རུ་སྙེགས་པས་ཡི་དྭགས་སྐེ་ལའི་སྙན་པ་འཕུར།།
 
དབྱར་གཞུང་མེ་ཏོག་ལྡེམ་མེར་བཀྲ་དུས་ཁྱོད་ལ་སྔར་མེད་བློ་ཞིག་རྒྱས།།
སྟོད་ཕྱོགས་དངུལ་རྭའི་རྟ་མཆོག་ཁྱུ་གཅིག་དེད་ནས་རང་ཡུལ་ཕྱོགས་སུ་ཆས།།
རྒས་འཁོག་རྒན་པོས་བོའུ་སྐད་གཅིག་གི་བཞོན་པའི་རྟ་ཕོ་ས་རུ་འགྱེལ།།
སྐྱེས་པའི་དགྲ་ལྷར་ཀི་ཞིག་བཏབ་ཚེ་སླར་ཡང་དཔའ་བོའི་བློ་སྤོབས་བསྩལ།།
 
རྨ་ཀླུང་སྔོན་མོ་རྩལ་གྱིས་བཅད་དེ་རང་ཡུལ་གོར་མོ་རྡོག་པས་མནན།།
རྟ་མཆོག་ཁྱུ་གཅིག་ཇག་ནས་ཐོབ་པའི་སེམས་པར་དགའ་བའི་ཉམས་ཞིག་ཤར།།
གཡོ་ཅན་དཔོན་གྱི་བཀའ་ཚིག་གཅིག་གིས་ཡ་ཆུང་སེམས་ཀྱི་སྤང་ཐང་བཅོམ།།
བརྩེ་བའི་ཕ་ས་རྒྱབ་ཏུ་བསྐྱུར་ནས་རྒྱུས་མེད་གཞན་ཡུལ་འགྲིམ་དགོས་བྱུང་།།
 
གཅེས་པའི་ཡུལ་ནས་ཁྱི་ལྟར་དེད་ཀྱང་རང་ཡུལ་བརྗེད་མེད་སེམས་ལ་འཁོར།།
ཁེར་རྐྱང་གདུང་བའི་ལུས་སེམས་མནར་དུས་རང་གི་རྟོགས་བརྗོད་གླུ་རུ་བླངས།།
གཞོན་པའི་ལང་ཚོ་དགྲ་ལ་ཤོར་བས་ཕ་མའི་གདོང་ལ་སྐྱོ་བ་བཞག།
དེ་རིང་བུ་ངས་གུས་པའི་སྙན་ཚིག་དྲི་མེད་དར་དཀར་གཟུགས་ཀྱིས་འཐེན།།
 
  ༢༠༠༩ལོའི་༡༢ཚེས༡༠ཉིན་གྱི་མཚན་མོ་ཡི་དྭགས་སྐེ་ལ་ཞེས་པའི་ངག་རྩོམ་དེ་གླུ་རུ་བླངས་པ་ཉན་རྗེས་ཤར་མར་བྲིས།
  ཡི་དྭགས་སྐེ་ལ་ནི་སྤྱི་ལོ་༡༩༥༨སྔོན་ལ་རྨ་ལྷོ་སོག་རྫོང་བེ་སི་ཆུང་བར་སྐྱེས་ཤིང་ཆུང་དུས་ནས་བླ་བྲང་བཀྲ་ཤིས་མཁྱིལ་གྱི་ཆོས་སྒོར་ཞུགས།  རྗེས་སུ་སྐྱ་སར་བབས་ནས་འཁྱམས་རྐུན་གྱི་ལུས་ལ་ཞུགས་ཀྱང་དཔའ་ངར་ཆེ་ཞིང་ཁ་དན་ཚིག་ལ་གནས་པའི་བུ་རྒོད་ཞིག་ཡིན་པས་ཡུལ་ཕྱོགས་འདི་ན་སྙན་པའི་གྲགས་པ་རྒྱས་ཡོད།  ཁོ་རང་གི་ལོ་རྒྱུས་ངག་རྩོམ་ཡི་དྭགས་སྐེ་ལ་ཞེས་པ་ད་ལྟ་ད་དུང་དམངས་ཁྲོད་ན་དར་ཁྱབ་ཆེ་བས་མི་དམངས་གིས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག རང་ལོ་ཉེར་ལྔའི་སྟེང་འདས་ཤིང་དངོས་མིང་ལ་བསམ་འགྲུབ་ཟེར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡི་དྭགས་སྐེ་ལ།

2013-01-14 ནུབ་རླུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།