ང་ཡི་བླ་མ།

སྟག་སྤྲིན་འབྲུག་གྲགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-21

      —གངས་ལྗོངས་པཎྜིའི་གཙུག་ཕུད་ས་པཎ་མཆོག

དྲོད་འཇམ་ཉི་མ་ཆུ་ལྷའི་ཕང་བར་བྱོན།།
ནོར་འཛིན་སྒེག་མོ་སྨག་རུམ་མུན་པས་བསྒྲིབས།།
གཞན་ཡུལ་ཕ་མཐར་འཚོ་བའི་སློབ་བུ་ངས།།
ཁྱེད་མཆོག་དྲན་པའི་སེམས་པ་འགོག་ཏུ་བྲལ།།

དཀར་གསལ་ཟླ་བ་དབང་ཕྱོགས་རི་རྩེར་འཕགས།།
ཀུ་མུད་འཛུམ་པའི་ཞལ་ཁ་རབ་ཏུ་ཕྱེ།།
བསླབ་གསུམ་རྒྱལ་མཚན་སྒྲེང་མཁས་སྐྱེས་ཆེན་མཆོག།
དྲན་པའི་ལོ་ཚིག་གསན་དང་བླ་མ་ལགས།།

བྱམས་དང་སྙིང་རྗེའི་སྨྱུ་གུ་རབ་རྒྱས་ཤིང་།།
དགེ་སྒྲུབ་སྡིག་བསལ་བརྟུལ་ཞུགས་རབ་འཛིན་པ།།
ཆོས་སུ་ཉམས་རྟོགས་ཐུགས་ཡིད་རབ་མྱོས་པའི།།
ཐམས་ཅད་མཁྱེན་པའི་བླ་མར་གུས་པས་བཏུད།།

བདག་བས་གཞན་གཅེས་སེམས་དཔའ་རབ་དམར་ཞིང་།།
འགྲོ་དྲུག་སླད་ལ་གཞལ་དཀའི་ལང་ཚོ་སྟོང་།།
གཞུང་ལུགས་ལེགས་བཤད་སྤྱི་ལ་ཐོས་བསམ་མཛད།།
འགྲོ་དོན་ཚེ་གཅིག་གཉེར་བའི་བླ་མ་དྲན།།

དུག་གསུམ་འཇོམས་མཛད་དགེ་བའི་ཆུ་སྐྱེས་བཞད།།
བླང་དོར་དགེ་སྡིག་གསལ་འབྱེད་རལ་གྲི་བསྣམས།།
རིག་མཚོའི་ཕ་མཐར་བཤེགས་པའི་སྐྱེས་ཆེན་ཏེ།།
གངས་ལྗོངས་པཎྜིའི་གཙུག་ཕུད་ས་པན་དྲན།།

དཀར་པོའི་ཕྱོགས་ལ་རྣམ་མཛེས་རི་བོང་འཛིན།།
མཁྱེན་བརྩེ་མཐུ་སྟོབས་འཇམ་དབྱངས་རིག་པའི་ལྷ།།
བསྟན་པའི་འཕེལ་གྲིབ་འགྲོ་བའི་བདེ་སྡུག་ཀུན།།
མ་ལུས་ཡོད་རྒུ་སེལ་བ་ཐུབ་པའི་དབང་།།

ལོག་རྟོག་ཚར་གཅོད་རྣོ་ངར་རལ་གྲི་བཞིན།།
ངན་སོང་སྒྲོལ་བའི་གསེར་གྱི་ལམ་བཟང་བསྐྲུན།།
བཀའ་ཆོས་ལམ་སྟོན་སྒྲོན་མེ་རབ་ཏུ་སྤར།།
འགྲོ་དྲུག་སྤྱི་ལ་འདི་ཕྱིའི་འོད་སྣང་འབྱིན།།

སྒྲ་གསོ་བཟོ་ཚད་ནང་དོན་རིག་པ་ཀུན།།
བཅུ་ཕྲག་ནང་བྱན་ཆུད་པའི་བླ་མ་ནས།།
ཡིད་བཞིན་ནོར་མཚུངས་སྐྱེས་འགྲོའི་འདུན་པ་བཀུག།
རྩ་བའི་བླ་མའི་ཕྱོགས་ལ་སྐྱབས་སུ་གསོལ།།
       བོད་ལྗོངས་སློབ་ཆེན་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་བླ་མ།

2012-12-21 སྟག་སྤྲིན་འབྲུག་གྲགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།