སྒྱུ་མའི་རང་བཞིན་གསལ་བའི་མེ་ལོང་།

གཟུགས་སྐུ་རབ་དཀར་ཆུ་འཛིན་ཟག་མེད་ཀྱི་ཕུང་པོ།།
ཟ་འོག་མཚམས་སྤྲིན་དམར་གསེར་ལྷ་གོས་ཀྱིས་རྒྱན་ཅིང།།
མི་ཟད་དབྱངས་ཀྱི་མགྲིན་ཅན་གངྒཱ་ཡི་བུ་མོས།།
བདག་ལ་ངག་རིག་སྨྲ་བའི་སྤོབས་པ་ཞིག་གནང་རོགས།།

འདིར་སྣང་གཟུགས་འཛིན་རག་པའི་ཀུན་རྟོག་གི་སྤྲོས་པ།།
མ་བརྟག་ཉམས་ངའི་ངང་ལ་བརྗིད་བརྗིད་འདྲ་འདུག་ཀྱང་།།
ཤེས་རབ་མཚོན་གྱི་ངོས་སུ་ཅུང་ཟད་ཅིག་བདར་ན།།
སྤྲོས་བྲལ་སྟོང་སང་ནམ་མཁའི་ཆོས་ཉིད་དང་འདྲེས་འགྲོ།།

རྒྱབ་ཀྱི་ལོ་རྒྱུས་རིང་མོའི་བཞིན་རས་དེ་སྒོམ་བཞིན།།
མདུན་གྱི་རྐང་ལམ་ཕྲ་མོའི་གྱ་གྱུ་ལ་བལྟས་ནས།།
གོམ་པའི་ལྡེག་འཇོག་རེ་རེའི་སོ་མཚམས་ནས་གཞལ་ཚེ།།
རེ་བའི་དམིགས་པ་རང་བཞིན་སྟོང་པ་ལ་འཐིམ་འགྲོ།།

ལ་ལས་སྲོལ་རྒྱུན་འཛུམ་གདངས་ཤིག་ཤིག་གིས་བརྗོད་ཅིང་།།
འགའ་རེས་དེང་རབས་ཟེར་ནས་ངར་ངར་འདྲ་བྱས་ཀྱང་།།
རང་རྒྱལ་རང་ཉིད་སྐྱོང་བའི་ཐབས་ཤེས་དང་འདྲེས་ན།།
འཇིག་རྟེན་སྡུག་ཀུན་རྒྱ་མཚོའི་རླབས་ཕྲེང་གིས་དེད་འགྲོ།།

གཞོན་པས་གནའ་མི་ཟེར་ནས་སྣ་གཉེར་ཞིག་བྱས་ཤིང་།།
རྒད་པོས་བསམ་མེད་ཟེར་ཞིང་ཧབ་ཆ་ཞིག་བརྒྱབ་ཏེ།།
རྒན་གཞོན་བསམ་པ་འབྲེལ་བའི་རྨུ་ཐག་དེ་ཆད་ན།།
སེམས་དང་བསམ་པའི་གདུང་བ་བར་སྣང་ལ་ཡལ་འགྲོ།།

སྐྱ་མིས་བན་རྒན་ཟེར་ནས་ཁོང་དགོད་འདྲ་བྱས་ཤིང་།།
སེར་མོས་ལྟ་ལོག་ཟེར་ནས་ཁྲོ་གཉེར་གྱིས་བལྟས་ཚེ་།།
རང་གཞན་གཉིས་འཕོངས་སྙིང་རྗེ་ཆེན་པོ་ཡི་ཡུལ་ལ།།
ངེས་དོན་བྱང་སེམས་ཚོགས་རྣམས་སྤྱན་ཆབ་རེ་ཤོར་འགྲོ།།

བཙུན་པས་ཁྲིམས་མེད་ཟེར་ནས་སྔགས་པ་རུ་ཁྲེལ་ཞིང་།།
སྔག་པས་རྟོགས་མེད་ཟེར་ཞིང་བཙུན་པ་ལ་དམས་ན།།
མདོ་སྔགས་ཟུང་དུ་འབྲེལ་བའི་རྒྱལ་བསྟན་གྱི་ཉི་གཞོན།།
སྒྲ་ཅན་གཟའ་བདུད་རྒྱལ་པོའི་མགྲིན་པ་ལ་ཚུད་འགྲོ།།

བླ་མས་ཇོ་མོ་ཟེར་ནས་མཉེས་མཉེས་ཀྱིས་གདུང་ཞིང་།།
ཇོ་མོས་སྒོར་མོ་ཟེར་ནས་དགའ་དགའ་ཡིས་བསླུས་ཏེ།།
སྦས་དོན་གསང་བའི་ཉམས་རྟོགས་ཡོད་མདོག་ཅིག་བསྟན་ན།།
གསང་ཆེན་ངེས་དོན་དགའ་མའི་བརྩེ་བ་དེ་དོར་འགྲོ།།

ལ་ལས་བོད་ཡིག་ཟེར་ནས་ཡིན་མདོག་ཅིག་བཤད་ཅིང་།།
འགའ་རེས་དབྱིན་ཡིག་བརྗོད་དེ་མཐོ་ཉམས་ཤིག་བྱས་ཏེ།།
གཅིག་ལེགས་གཅིག་ཉེས་རྩོད་པ་ཤ་ཐང་དུ་བྱས་ན།།
ཕ་རྒྱུད་གཅིག་པའི་བུ་ཚའི་རྣ་བ་དེ་སུན་འགྲོ།།

མཐོན་པོས་དམངས་ལ་བཅང་པའི་བརྩེ་སེམས་དེ་དོར་ཅིང་།།
དམའ་ནས་མཐོ་ལ་བཀུར་བའི་སྤྱོད་བཟང་དེ་ཉམས་ན།།
མགོ་མཇུག་གཅིག་ཏུ་འབྲེལ་བའི་མི་བདག་གི་ལོངས་སྤྱོད།།
སོག་མའི་ཕོན་ཐག་བཞིན་དུ་རྩབ་རལ་ལ་འགྱུར་འགྲོ།།

སྤྱི་སེམས་རིགས་ཞེན་ཟེར་བའི་རྣམ་གྲངས་ཀྱི་རྩོད་པ།།
གཞན་དོན་ལྷད་མེད་ཡིན་པའི་རྣམ་འགྱུར་ཞིག་ངོམ་ཡང་།།
རང་བཞིན་རྩད་ནས་དཔྱོད་པའི་བློ་མིག་གིས་བལྟས་ན།།
བདག་ཞེན་སྲིན་མོའི་གཟུགས་བརྙན་རྗེན་པ་རུ་མཐོང་འགྲོ།།

ཁྱེད་ཀྱིས་ང་ཡི་ཕྱོགས་སུ་བྱ་ར་ཞིག་བྱས་ཏེ།།
ང་རང་ཁྱེད་ལ་ཕྱོགས་པའི་མལ་ཚེ་རུ་གྱུར་ནས།།
རང་རང་སེམས་ཀྱི་རྟ་ཕོ་སྲབ་མེད་དུ་བཏང་ན།།
ལ་ཞེན་རིགས་ཞེན་ནམ་མཁའི་འཇའ་མཚོན་དང་འདྲེས་འགྲོ།།

བརྒྱ་བཤད་སྟོང་གི་སྤྲོས་པས་སིམ་པ་ཞིག་སྟེར་ཡང་།།
རང་དོན་ཕུག་ནས་འགྱིང་དུས་སྐྱོ་སྣང་ཞིག་སྦྱིན་བྱུང་།།
སྣང་གནས་མི་མཐུན་དངོས་པོའི་རང་ཤིས་དེ་མངོན་དུས།།
དོན་དམ་སྒྱུ་མའི་ལང་ཚོར་ཞེན་ཆགས་ཤིག་སྐྱེས་བྱུང་།།
                2012/11/4 ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་མའི་རང་བཞིན་གསལ་བའི་མེ་ལོང་།

2012-12-03 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།