བརྗོད་འདོད་པའི་སྐད་ཆ།

ཆོས་འཛིན་ནོར་བུ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-11-30


བདག་ཅག་རིགས་རྒྱུད་གཅིག་ལས་མཆེད་པའི་བོད་རིགས་སྤུན་ཟླ་ཞིག་ཡིན་ན།།
༼བོད༽ཅེས་ཐ་སྙད་སྙན་མོ་དེ་ལ་འོད་དང་དྲོད་རེ་སྤྱིན་རྒྱུ་ནི།།
མ་བསྐུལ་དང་དུ་ལེན་པར་འོས་བའི་གཞོལ་མེད་འོས་འགན་ཡིན་པ་ལས།།
མ་མཐོང་མ་ཐོས་ཕ་མཐར་གཞལ་བའི་དགོས་བ་སྙིང་ནས་མེད་པར་སེམས།།
 
ཕྱོགས་ཀུན་ས་ཆ་ངེས་མེད་འགྲིམ་པའི་བོད་ཀྱི་ཆ་ཤས་ཆུ་ཐིགས་ང་།།
གཟུར་བར་མི་གནས་མི་ཡུལ་འདི་རུ་འགྲན་རྩོད་བྱེད་པར་མི་འདོད་དེ།།
དོ་བར་མི་མཉམ་འཇིག་རྟེན་འདི་ནས་མ་གཞི་ཕྲག་དོག་འགྲན་རྩོད་གཉིས།།
ངོ་བོ་དབྱེར་མེད་འདྲེས་བར་འདུག་པས་རང་སེམས་སྐྱོ་བའི་རྒྱུ་ཡིན་ནོ།།
            
ཉིད་ཀྱི་སྙན་ངག་མིང་བྱང་གཡར་ནས་ཐ་སྙད་བཙན་སྒྲིག་བྱེད་པ་འདི།།
ཀློག་མཁན་འདུལ་བྱ་བློ་གསལ་རྣམས་ལ་བཞད་གད་སློང་སྤྱད་སྣང་ན་ཡང་།།
འདི་ནི་བདག་གི་དམར་ཆུང་སྙིང་གི་ཚོར་ཤེས་གསོན་པོར་བརྒྱུས་པ་ཡི།།
བརྗོད་འདོད་སེམས་ཀྱི་ངོས་ན་བཞུར་བའི་དྭངས་གཙང་སྐད་ཆ་དེ་ཡིན་ནོ།།
                               ༼རྩོམ་པ་པོ་ནི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཡིན༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྗོད་འདོད་པའི་སྐད་ཆ།

2012-11-30 ཆོས་འཛིན་ནོར་བུ། ཀློག་གྲངས། མཆན ཡོད།


བདག་ཅག་རིགས་རྒྱུད་གཅིག་ལས་མཆེད་པའི་བོད་རིགས་སྤུན་ཟླ་ཞིག་ཡིན་ན།།
༼བོད༽ཅེས་ཐ་སྙད་སྙན་མོ་དེ་ལ་འོད་དང་དྲོད་རེ་སྤྱིན་རྒྱུ་ནི།།
མ་བསྐུལ་དང་དུ་ལེན་པར་འོས་བའི་གཞོལ་མེད་འོས་འགན་ཡིན་པ་ལས།།
མ་མཐོང་མ་ཐོས་ཕ་མཐར་གཞལ་བའི་དགོས་བ་སྙིང་ནས་མེད་པར་སེམས།།
 
ཕྱོགས་ཀུན་ས་ཆ་ངེས་མེད་འགྲིམ་པའི་བོད་ཀྱི་ཆ་ཤས་ཆུ་ཐིགས་ང་།།
གཟུར་བར་མི་གནས་མི་ཡུལ་འདི་རུ་འགྲན་རྩོད་བྱེད་པར་མི་འདོད་དེ།།
དོ་བར་མི་མཉམ་འཇིག་རྟེན་འདི་ནས་མ་གཞི་ཕྲག་དོག་འགྲན་རྩོད་གཉིས།།
ངོ་བོ་དབྱེར་མེད་འདྲེས་བར་འདུག་པས་རང་སེམས་སྐྱོ་བའི་རྒྱུ་ཡིན་ནོ།།
            
ཉིད་ཀྱི་སྙན་ངག་མིང་བྱང་གཡར་ནས་ཐ་སྙད་བཙན་སྒྲིག་བྱེད་པ་འདི།།
ཀློག་མཁན་འདུལ་བྱ་བློ་གསལ་རྣམས་ལ་བཞད་གད་སློང་སྤྱད་སྣང་ན་ཡང་།།
འདི་ནི་བདག་གི་དམར་ཆུང་སྙིང་གི་ཚོར་ཤེས་གསོན་པོར་བརྒྱུས་པ་ཡི།།
བརྗོད་འདོད་སེམས་ཀྱི་ངོས་ན་བཞུར་བའི་དྭངས་གཙང་སྐད་ཆ་དེ་ཡིན་ནོ།།
                               ༼རྩོམ་པ་པོ་ནི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཡིན༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།